བོད་ཀྱི་གྲྭ་གཞོན་སྙན་ངག་པའི་སྙན་ངག་བདམས་བཀོད།(ཁག་དང་པོ)

ཆུང་ཆུང་། རྟའུ་ལྷ་འབུམ་དགོན་པའི་གྲྭ་པ།

སྨིག་རྒྱུའི་གྲོང་གི་རི་དྭགས།

ཡིད་ནི་འདུ་ཤེས་མེད་པར་བཞག་པའི་རྡུལ།།
ག་ལེ་ག་ལེར་འཁྲུགས་སོ་སྦས་ཡུལ་དུ།།
ཆོས་ཉིད་ཞི་བ་འཛིན་པའི་ལྷ་མཆོག་ཀྱེ།།
སྙོམས་ཞུགས་སེམས་ཀྱི་ནགས་ནི་མཛེས་མ་ཡི།།
གར་གྱི་ཡོ་ལང་དག་གིས་བསྐོར་པ་ན།།
བདག་ནི་ངག་རིག་སྒྲ་ཡང་འཁྲོལ་བར་བྱེད།།

འཁར་བས་རེ་ཞིག་ཐེག་པ་བསོད་ནམས་ལྡན།།
རྐང་པ་ས་འདམ་དག་ལ་རེག་མ་གྱུར།།
ཆུ་ཚོད་ཡོ་ཞིང་རྒྱུ་བར་ཀུན་བཏགས་པའི།།
ལུས་ནི་ངུར་སྨྲིག་རྒྱན་གྱིས་བཀླུབས་པ་སྟེ།།
ཆུ་ཐིགས་ཟགས་ནས་ལྷུང་བ་པདྨོ་ཡི།།
ལོ་མ་གསར་བ་སར་བས་ཐེག་པ་མཚར།།

བཞིན་པད་རྒྱང་ནས་གྲོལ་བ་བདག་སྡུག་བསྔལ།།
དེ་ལྟ་མོད་ཀྱི་བསོད་ནམས་སྐལ་བར་ངེས།།
ནགས་ཀྱི་སྨིན་མ་དག་ཏུ་སྤྲིན་ཚོགས་ནས།།
ཁྲུས་ཀྱི་རྫིང་བུ་ནུབ་པའང་བདག་སྡུག་བསྔལ།།
དེ་ལྟ་མོད་ཀྱི་དེ་ཡང་དཔག་དཀའ་བ།།
བསོད་ནམས་དགེ་བའི་འབྲས་བུ་ཉིད་དུ་ངེས།།

བྱ་བཏང་འཁོར་བས་གདུང་སྟེ་ཤིང་དྲུང་དུ།།
ཙོག་པུར་གདན་ལ་སེམས་ཉིད་བཞག་པའི་གླུ།།
ཁོ་བོ་འཁྲུལ་བ་འདྲ་སྟེ་ངང་གིས་ལེན།།
ཁབ་ཀྱི་རྩེ་མོར་མེ་ཏོག་སྨིན་པ་ཡི།།
དམར་བའི་གེ་སར་ཚོན་དུ་འཁྲུགས་པ་འདི།།
ནུབ་ཁའི་སྤྲིན་དུ་ཆགས་པའང་རྣམ་པར་མཐོང་།།

ཡུ་མོ་དབེན་པ་ལས་ལྡོག་ཕུ་ཆུར་སྤྱོད།།
རྒྱན་གྱི་སྤྲོས་པ་དེ་ནི་ཡང་དག་ཟད།།
མེ་ཏོག་ཆུ་ཤེལ་སྟེགས་བུར་མཛེས་པར་གྲོལ།།
བུང་བ་གང་ལ་འདོང་པར་བརྩམས་པ་ཡིས།།
སེམས་ཉིད་ཅིག་ཆར་ལུས་ཀྱི་གར་མ་ནི།།
བཟོད་པ་དག་གིས་ཕུང་སྟེ་གཡོ་བར་བྱེད།།

ཨེ་མ་སེམས་ཀྱི་ཀློང་ནི་ཡངས་པ་སྟེ།།
གླུ་དག་ཕྲ་བ་རྡུལ་གྱིས་ལེན་པར་བྱེད།།
མ་དག་ཆུ་ལ་གཟུགས་ནི་མཛེས་པ་སྟེ།།
ཟླ་བ་དྲི་མའི་གོས་པ་མེད་པར་འཆར།།
ཡང་གཅིག་བདག་གི་པདྨོའང་ཤིན་ཏུ་ཡང་།།
ཁྱོད་ཀྱི་བུང་བ་ལྡིང་བས་སྐྱོམ་པར་བྱེད།།

རྨོག་ཐང་དཀར། རྟའུ་གཡུ་མཁར་དགོན་པའི་གྲྭ་པ།

བརྗེད་ངས་རྐུན་པོ་ཕྱུངས་བའི་ཇག་གླུ།
                                      
ངའི་ཤེལ་དཀར་ཡིད་ཀྱི་ཕོ་བྲང་གི།
རྩལ་སྣ་དགུའི་རིག་པ་རྒོད་པོ་དེ།།
ཐང་བརྒྱ་ལམ་སྟོང་ལམ་ཤེས་བྱའི་ཚལ།།
གཏམ་ག་ཞ་ཐོས་ཀྱང་མི་འཆོར་ཏེ།།
དགྲ་ནང་ནས་བྱུང་བའི་རྐུན་པོ་འདིས།།
བློ་རིག་པའི་བཤུལ་ལམ་གསུབ་ནས་སོང་།།

ངའི་གསང་ཆེན་རིག་པའི་ལྡིང་ཁང་གི།
བློ་ལྷན་སྐྱེས་འཆར་སྒོ་མྱུར་མོ་དེ།།
ཤིང་ཡལ་གའི་ལྕུག་ཕྲན་གཡོ་བ་ལྟར།།
ཉམས་སྒེག་པའི་ཟོལ་དང་ལྡེམ་པའི་འགྲོས།།
དགྲ་ནང་ནས་བྱུང་བའི་རྐུན་པོ་འདིས།།
བློ་རིག་པའི་བཤུལ་ལམ་གསུབ་ནས་སོང་།།

ངའི་བདེ་སྟོང་གསལ་བའི་བང་མཛོད་ཀྱི།།
གནས་དྲན་འཛིན་ལྕགས་ཀྱུ་རྣོན་པོ་དེ།།
ཐབས་ཤེས་རབ་ཨ་ལོང་སྟོང་གི་རྒྱུན།།
ཉ་གསེར་མིག་འཁྱུག་རྩལ་ནང་ནས་རྨོངས།།
དགྲ་ནང་ནས་བྱུང་བའི་རྐུན་པོ་འདིས།།
བློ་རིག་པའི་བཤུལ་ལམ་གསུབ་ནས་སོང་།།

ངའི་སེམས་ཉིད་གཉུག་མའི་བང་སོ་ཡི།།
ཡུམ་བདེ་ཆེན་རྙེད་པའི་སྙིང་པོ་དེ།།
སྤྲིན་དྭངས་གསལ་མཁའ་ལ་འཐིབས་པའི་ཚུལ།།
གཞི་ཡེ་ཤེས་ཉི་གཞོན་གསལ་བ་ལ།།
དགྲ་ནང་ནས་བྱུང་བའི་རྐུན་པོ་འདིས།།
བློ་རིག་པའི་བཤུལ་ལམ་གསུབ་ནས་སོང་།།

ངའི་ཟབ་གསལ་ཉི་ཟླའི་མཐོང་སྣང་གི།
ཉམས་རྟོགས་པའི་དཔའ་གདེང་བཙན་པོ་དེ།།
གནད་མེ་བཙའ་སློང་བའི་འབྲས་རྟགས་སུ།།
སྒོམ་ཏིང་འཛིན་རི་མོ་གྱ་གྱུ་ལ།།
དགྲ་ནང་ནས་བྱུང་བའི་རྐུན་པོ་འདིས།།
བློ་རིག་པའི་བཤུལ་ལམ་གསུབ་ནས་སོང་།།

ངའི་རང་སྣང་ལས་ཀྱི་ཁང་ཆུང་གི།
ཚིག་སྒྱུ་མའི་མེ་ཏོག་སྲད་བུར་བརྒྱུས།།
དོན་བདུད་རྩིའི་ལོ་ཆང་ཁོག་ཏུ་རྔུབས།།
ཁ་ཕྱིར་བལྟས་རང་སེམས་ཨ་དར་ཤ།
དགྲ་ནང་ནས་བྱུང་བའི་རྐུན་པོ་འདིས།།
བློ་རིག་པའི་བཤུལ་ལམ་གསུབ་ནས་སོང་།།

ངའི་ཀུན་གཞི་སྒྱུ་མའི་ཐང་སྟོང་གི།
ཚེ་ལྗོན་པ་རྙིད་ཅིང་ལོ་མ་འཐོར།།
བློ་རིག་པའི་རང་ཞལ་གསལ་བོ་ལ།།
ཁ་ནང་བལྟས་མུན་པའི་ན་བུན་འཐིབས།།
དགྲ་ནང་ནས་བྱུང་བའི་རྐུན་པོ་འདིས།།
བློ་རིག་པའི་བཤུལ་ལམ་གསུབ་ནས་སོང་།།

ངའི་གསལ་རིག་སེམས་ཀྱི་འབབ་ཚིགས་སུ།།
གནད་གང་འདུས་བརྒྱ་རྩ་དོན་པོ་དེ།།
བློ་བདེ་ཆེན་རང་དབང་འབྱོར་བའི་ཕྱིར།།
དགྲ་ནང་ནས་བྱུང་བའི་རྐུན་པོ་འདི།།
ས་གར་སོང་རིག་པའི་ར་མདའ་ལ།།
དཔའ་ཡ་མེད་ཇག་གླུ་འདི་ལྟར་ཤོར།།

ཐོ་ཡོར། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་པ།

མི་ཚེའི་འགྲུལ་བཞུད།

ཁ་ཕྱོགས་དབྱེ་འབྱེད་དཀའ་བའི་ཐང་སྟོང་འདི་ནས
ཚ་ཕོག་བརྒྱབ་སྟེ་ངལ་གསོས
ཐང་སྟོང་འདིར་གྲིབ་ཆེན་ཁུག་ཟེར་བ་ཞིག་མི་འདུག
ས་སྲོད་ཀྱི་འཆར་ཡན་ཡང་མི་འདུག

འཁྱུག་ཙམ་གྱིས ཕྱོགས་བཞི་མུན་པས་བསྡམས་འདུག
ཉི་མ་འང་རྡོག་འོག་ནས་ཤར་ཡོང
མེ་ལྕེ་གཅིག་པུས་ངོ་གདོང་གསལ་ཙམ་གསལ་ཙམ་བྱེད

གཅིག་བྱས་ན་ཐང་ཆེན་འདིའི་མཐའ་ནི་འཆི་བར་ཐུག་ཡོད་ངེས
ཐང་ཆེན་འདི་བརྒྱུད་མྱོང་མཁན་གྱི་སྐྱེ་བོ་གཞན་གྱིས་ཀྱང
ཇ་སྐོལ་དུས་སམ་འགྲོ་དུས་ཉལ་དུས
ཡང་ན་དེ་ཚོ་མིན་པའི་དུས་སུ་དེ་ལྟར་བསམ་ཡོད་ངེས
ཤ་སྐྱི་འང་འདར་བར་བྱེད

གནམ་ངོ་རུབ་སོང ཆར་ཤག་ཅིག་ཡོང་རྒྱུ་ཡིན་པ་འདྲ
གཅིག་བྱས་ན་དེའི་རྗེས་སྨུག་པ་འཐིབ་སྲིད

ཐང་ཆེན་འདི་བརྒྱུད་ནས་འགྲོ་སྐབས
མི་འམ་གཅན་གཟན་གང་རུང་ཞིག་ལ

བར་མེད་དུ་གདོང་ཐུག་ཀྱང་བརྒྱབ་སྲིད
སྐྱེ་བོ་གཞན་ཡང་དེ་ལྟར་ཐེ་ཚོམ་ངང
དོགས་ཟོན་བྱས་ཏེ་ཆས་ཡོད་ངེས

རྐང་ཐང་དུ་ཐང་ཆེན་འདི་བརྒལ་དགོས
ངས་ད་ལྟ་ཁོ་ཚོའི་རྐང་རྗེས་ཀྱང་རྙེད་ཀྱིན་མི་འདུག
ཁོ་ཚོའི་ཤུལ་དུ་ཅི་ཡང་བསྐྱུར་མི་འདུག

ངས་ང་རང་ལམ་ཐག་ཅི་ཙམ་ལ་སོང་བ་འང་བརྗེད་འདུག
ལུས་པོ་རྒུར་རྐང་པ་འདར་ལག་གཉིས་འཁོབ
མིག་གིས་ཀྱང་མདུན་ཕྱོགས་རབ་རིབ་ལས་མི་སྣང
ཐང་ཆེན་འདིར་མཐའ་ཡོད་མེད་ཀྱང་ཅི་ཆ

ཀླུ་པད་བཟང་། ཉག་རོང་ཨ་བསེ་ཀླུ་རབ་དགོན་གྱི་གྲྭ་པ།

བྱེ་མ་རྣམ་པར་བརྡལ་བའི་གཏེར་ལེན་ཁ།

ཆར་པ་ཤག་ཤག་ཏུ་བབས་པས
ང་ཡི་ལུས་སེམས་བརླན་སོང
ཕན་ཚུན་མཐོང་མི་ཐུབ་པའི་ན་བུན་སྐྱ་བོའི་གཞུང་ནས
རྒྱུན་རིང་ཞིང་དུས་ཚོད་ཀྱིས་མི་ཟིན་པ་དག་གིས
རླུང་དང་བསྡེབས་ནས་འགྲོ་བའི་ང་རང་ཐང་ལ་སྒྱེལ་ཙམ་བྱས

འགྲོས་དལ་བའི་ཉིན་ཞག་རེ་རེ
བ་ཡན་གཙང་པོའི་ནང་གི་རྡོ་བ་ཇི་བཞིན
བཀྲུས་ནས་ཟད་པར་གྱུར་པའི་གོ་རིམ་དག
ལམ་འགྲམ་གྱི་ལྗོན་པ་ཁེར་སྐྱེས་དེའི་ཡལ་ག་ལས་མངོན
ཁྱོད་ཀྱིས་བྱེ་མའི་ཀློང་ནས་ཅི་ཞིག་རྙེད་འོང་སྙམ་པའི་སེམས་ཚོར་དེས
གཉིད་དུ་ཡུར་བའི་ལུས་པོའང་འདར་བར་བྱེད

ཧེ་ཙིའི་སྙན་ངག་ནང་གི་སེམས་གཅོང་དེས
གྲོང་ཁྱེར་འདིའི་མི་ཚོགས་ཡོངས་སུ་བཏུམས་འདུག་ཨང

རྒྱ་སྲང་གི་གྲུ་ཟུར་ཞིག་ཏུ
ལྕགས་ལམ་རིང་མོ་ཁེར་རྐྱང་ངང་མི་སྣང་བར་གྱུར
མི་འུ་ཚོ་མགོ་བོ་དུད་བཞིན་དེ་ལྟར་དེའི་རྗེས་སུ་བསྙེགས

མིག་ཟུང་ལ་ཡ་ཡོ་མེད་པར་ཅེར་གྱིས་བལྟས་ཚེ
བརྩེ་དུང་དང་མཉམ་དུ་འཆམ་འཆམ་ལ་ཕེབས་པའི་བཟོ་ལྟ་དེ
ཡུལ་གྱར་བ་ཞིག་ཚམ་ཚོམ་ངང་བྲོས་བྱོལ་བྱེད་པའི་སྣང་བརྙན་བཞིན
ཡང་ན་སྙིམ་པའི་ནང་གི་བྱེ་ཟེགས་བཞིན
“མིག་ཟུང་དག་སྐྱར་དུ་མངོན་ན་མ་གཏོགས
ཅི་ཡང་མཐོང་རྒྱུ་མི་འདུག”

གྲོག་མ། ཆབ་མདོ་མཁར་ཆེན་དགོན་གྱི་གྲྭ་པ།

ལག་པ།

ལག་པ་གཅིན་འདམ་གྱིས་སྦག་སོང་ན
ཨ་མས་ཆུ་ཁ་ལ་ཁྲིད་ནས་གཙང་མར་བཀྲུས

ལག་པ་མཚོན་ཆ་ཡིས་རྨས་སོང་ན
ཨ་མས་སྨན་ཁང་དུ་ཁྲིད་དེ་རྨ་བཅོས་བྱས

དྲི་མ་དག་ཅིང་རྨ་ཁ་སོས་ཟིན་པའི་ལག་པ་གཙང་མ་འདི
ད་ལྟ་གང་དུ་གཟེད་དགོས་མི་ཤེས་པར་འདུག

ང་ཡི་ལག་པ་འདི་ཚོད་ཚོད་ཀྱིས་ཕར་བསྲིང་ན་ཡང
ཕར་ནང་དུ་ལག་པས་སླེབས་མ་ཐུབ

ང་ཡི་ལག་པ་འདི་གཞན་གྱི་ཁུག་མར་བཅུག་ན་བསམ་ཡང
གཞན་གྱི་ཁུག་མའི་ནང་དུ་ལག་པ་གཞན་ཞིག་བཅུག་འདུག

ང་ཡི་ལག་པ་སྟོང་པ་འདིས་གནམ་ལ་ཡང་ཡང་བསྙབས་ནས
གནམ་གྱི་སྐར་མ་དག་འཛིན་དགོས་པ་རེད་དམ
ངས་སྐར་མའི་ཕྲེང་བ་ཞིག་བཟོ་ཐུབ་བམ

ང་ཡི་ལག་པ་འདིས་རང་གི་མིག་གཉིས་པོའང་འགེབ་མི་ཐུབ
ང་ཡི་ལག་པ་འདིས་རང་གི་ཁ་ཡང་འགོག་མི་ཐུབ

སྡིག་ལྟུང་གིས་བཙོག་པར་བཏང་བའི་ང་ཡི་ལག་པ
ལག་པ་འདི་ཁྱེར་ནས་ང་རང་འཇིག་རྟེན་ཕྱི་མར་འགྲོ་དགོས

དམར་སྨུག གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་པ།

ང་ཡི་ཉམ་ཐག་པའི་མིག་ཟུང་།

དེ་རིང་གཟོད་ཁྱེད་ཀྱི་ཤིན་ཏུ་སྐྱོ་བའི་ངོ་གདོང་དེ་མཐོང་བྱུང་ཨང

དུས་ཚིགས་འདི་སླེབས་རྗེས
ང་རང་མི་ཚོགས་འདིའི་གྲིབ་མའི་ཁྲོད་ནས་ལོ་ཉེར་གཅིག་སོང
ངས་ལོ་འདི་དག་གི་ཁྲོད་ནས
ང་རང་ཇི་ལྟར་ནར་སོན་པའང་ཤེས་ཀྱིན་མི་འདུག
peking གྱི་ཉི་འོད་བགྲེས་པོ་འདིའི་འོག
དེ་རིང་གཟོད་ཁྱེད་ཀྱི་ཤིན་ཏུ་སྐྱོ་བའི་ངོ་གདོང་དེ་མཐོང་བྱུང
ནམ་ཞིག་ཁྱེད་རང་གྲུ་ཁར་སྙེག་སྐབས
ང་རང་སླར་ཡང་ཁྱེད་ཀྱི་འདུན་པ་དག་དང་འཕྲད་སྲིད་དམ

ང་ཡི་ཉམ་ཐག་པའི་མིག་ཟུང་འདིས
གློ་བུར་ཏུ་ཁྱེད་ཀྱི་ཤིན་ཏུ་སྐྱོ་བའི་ངོ་གདོང་དེ་མཐོང་བ་ནས་བཟུང
peking གྱི་དགུན་ཁ་ལྟར
ང་རང་གང་དུ་འགྲོ་བ་དང་ཇི་ལྟར་འོང་བའང་བརྗོད་ཐབས་བྲལ
འདི་ལྟར་བསམ་ན
མི་ཚེ་ནི་ཤིན་ཏུ་རིང་བས
སེམས་ཁྲལ་གྱི་ལྷག་མ་འདི་གང་ཞིག་ཏུ་སྦ་དགོས་སམ་སྙམ

བཙན་ཞགས། དབལ་བན་ཚང་ཐུབ་བསྟན་ཡོངས་འདུས་དགོན་པའི་གྲྭ་པ།
           
ཚིག་གི་ཟམ་པ།
                
ཚིག་འདི་གླིང་བུ་བཞིན་དུ་ནགས་སུ་རྒྱུ་ཡང་།།
རྣམ་ཤེས་སྦྲང་མའི་གཤོག་སྒྲོའི་ཁུད་དུ་སྦས་པའི།།
ལས་ཀྱི་འབྲས་བུ་དཀར་པོ་ཡུག་གཅིག་དེ་ལ།།
ཚེ་རབས་ཕྲེང་ལ་བརྒྱུས་པའི་སྨོན་པ་ཕྲིས་ཤོག།

ལོ་ཟླའི་ཁྲེལ་རྒོད་ནང་དུ་སུན་སྣང་མོད་ཀྱང་།།
རྒྱང་རིང་རྨི་ལམ་གཙང་བོའི་ཁ་རུ་མ་ལྷག།
ན་ཚོད་བཞིན་དུ་ཚོར་བའི་མེ་སྒོང་རྒྱོབས་དང་།།
མ་མཐའ་ཕྱིར་དྲན་ནང་དུ་དཔའ་ཞིག་ཡོད་སྲིད།།

སེམས་ངོགས་འདི་ལ་གཙང་བོ་སྣ་ཚོགས་བཞུར་མོད།།
ཅེས་ཀྱང་བརྒལ་དགོས་མིན་ན་ཕར་ལ་གཡུག་ཏེ།།
རང་དབང་ནམ་མཁའ་ཐེད་པོ་དེ་རུ་ཙོག་དང་།།
འཁོར་བའི་ནང་དུ་གསེར་རྡོག་ཁར་ཁེར་རྙེད་སྲིད།།

མི་རྟག་སྒྱུ་མའི་གྲོང་ཚོ་ལྷག་པར་གཡོ་ཡང་།།
ལས་འབྲས་གཙུག་གི་ལྷ་ཚོགས་ཡལ་ཚོད་མིན་ན།།
རང་སྣང་ཚོར་བའི་ཁམས་ལ་བཞག་ཙམ་བྱོས་དང་།།
གང་ལྟར་རྒྱུ་འབྲས་ཡོད་པའི་ཟན་ཞིག་སྟེར་ཡོང་།།

རྣམ་གཞག་རྫུན་པ་མང་པོས་གཟེབ་ལ་བཅུག་ཀྱང་།།
ཅེས་ཀྱང་མེད་ཐག་ཆོད་པའི་ཕུགས་དེ་རིག་ན།།
རྫུན་པའི་ཁྲམ་རྟགས་ཙམ་ལ་འོ་བརྒྱལ་མ་མཛད།།
སྣང་ཚོད་མེ་ཏོག་བཞིན་དུ་བཏུས་ནས་སླེབས་ཤོག།

སྡུག་བསྔལ་ལོ་མ་ཁ་ཡིས་ཟིན་ཐབས་མེད་ཀྱང་།།
འཁོར་བའི་གཙང་བོ་བྲུགས་པའི་རབ་རྟགས་ཞོག་ན།།
སྐྱིད་སྡུག་ཉིན་སྲིབ་བར་ནས་གཏམ་རྒྱུད་མ་རྫོད།།
ཧ་ཅང་ནན་ཏན་མིན་པའི་ཁམས་ཤིག་བསྐྲུན་ཤོག།

འབྲོག་རེ་ལྡེ། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་པ།

སེམས་བསྐྱེད།

རྗེས་ཆགས་དུས་མཐའི་རླུང་ཆེན་བཏང་བ་ཡིས།།
ཁྲོ་བའི་རྡུལ་རྣམས་རྒྱང་དུ་གཤེགས་པར་བགྱི།།
སྙིང་རྗེའི་རི་དྭགས་ཞོགས་པའི་རྨིག་སྒྲ་ལས།།
འཁུ་ལྡོག་སྦྲུལ་གྱི་མདུད་པའང་འགྲོལ་བར་བྱ།།
དབྱངས་ཀྱི་ཅང་ཏེའུ་འཇེབས་པར་བརྡུང་འདི་ལས།།
ངལ་བའི་དུབ་རྣམས་ཀྱང་ནི་དགའ་བར་བགྱིའོ།།

རྒོད། ཐེམ་ཆེན་སྨིན་གྲོལ་གླིང་གི་གྲྭ་པ།

གནའ་གཏམ།

ཟླ་འོད་ཀྱི་མིག་ཟུང་ཉམས་པ་མེད་པར་ཤོག
སྐྱེ་བོ་ཆ་མེད་ཀྱི་ཕྲག་པའི་རི་མོ་ཡལ་བ་མེད་པར་ཤོག
རྨི་ལམ་གྱི་སྡུག་བསྔལ་གང་དུ་བོར་བའི་སྙིང་ཉེ
ཉིན་གང་བོར་བཙུན་མ་ཞིག་གིས་དུ་བ་འཐེན
དམྱལ་བའི་ཟློས་གར་ལ་གཟབ་ནན་བྱ་འོས

ཡང་མཚམས་རེར་བྱིས་པ་གཉིས་ཀྱིས་འུར་རྒྱག་གིན་འདུག

བདག་གི་ཀླད་པའི་དབང་རྩ་བཟང་རྒྱུ་མི་འདུག་པས
འདས་ལོག་བྱུང་ཡང་དབུགས་འགགས་མི་འདུག་གོ

གཡུང་མོ། འདན་མ་སྲིབ་མདའ་དགོན་པའི་གྲྭ་པ།

རྨི་ལམ་ནང་གི་འབོད་པ།
                                                                                       
ཀུན་ཏུ་དགེ་བའི་འཛུམ་རླབས་ཀྱིས།།
སེམས་ཀྱི་ལྗོན་པ་གཡོ་བྱེད་མ།།
ཡོན་པོའི་མིག་གི་ཟུར་མདའ་ཡིས།།
ངག་རིག་པད་ཚལ་རྒྱས་བྱེད་མ།།  
ཁྱོད་ཀྱི་བརྩེ་བས་ཕྱོགས་ལྷུང་གིས།།
ང་ཉིད་གཏན་དུ་མི་གཟུང་ངམ།།

ད་བར་ཁྱོད་ཀྱིས་སྨུག་ཀློང་དུ།།
རྡོ་བའི་ངང་ཚུལ་འཛིན་དོན་ཅི།།
གཏོལ་མེད་བུས་པའི་མིག་ལམ་ན།།
སྨྲེང་ཁུལ་བྱས་ཀྱང་མི་ཆོག་གམ།།
ཡང་ན་གཅམ་ཚིག་མེ་ཏོག་དེས།།
སྙིང་ཆུང་བྲིད་པས་མི་ཆོག་གམ།།  

ཤིན་ཏུ་སྡུག་པའི་ལང་ཚོ་ཡི།།
ངར་དང་བྲལ་བའི་ཇོ་བཟང་བདག།
ཁྱོད་ཀྱི་སྒྱུ་མའི་ཁང་ཆུང་དུ།།
རབ་གསལ་བྱེད་པས་སུ་ཞིག་ཁྲོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བོད་ཀྱི་གྲྭ་གཞོན་སྙན་ངག་པའི་སྙན་ངག་བདམས་བཀོད།(ཁག་དང་པོ)

2021-07-15 ཆུང་ཆུང་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།