སྙན་ངག་ནི་ཅི་ཞིག་ཡིན་ནམ།

 

སྙན་ངག་ནི་དབྱུག་པ་ཅན་གྱི་ཟླ་བ་དང
རྒྱལ་བོའི་ཕོ་བྲང་གི་ཕྱི་ནང་ཀུན་ན
དར་ཟབ་ལུས་སུ་གྱོན་པའི་རྒྱལ་བོའི་སྲས་དང་སྲས་མོ་ཚོ་ཡིན་ནམ
སྙན་ངག་ནི་ང་ཚོ་ལ་ནམ་མཁའི་སྐར་མ་དགོས་ཚེ
མཁའ་དབྱིངས་ནས་ཐོལ་གྱིས་ལྷུངས་འོངས་པའི་རྨུ་སྐས་ཤིག་ཡིན་ནམ
སྙན་ངག་ནི་ཆུ་སྐྱེས་པད་མའི་སྣང་བརྙན་ཞིག་ཡིན་ནམ

སྙན་ངག་ནི་ལྟ་ཚུལ་ཅིག་ལ་གཞོལ་ཏེ
སྣང་སྲིད་གཞན་ཞིག་གི་རྟོག་ཚོར་ཀློང་དུ་ཞུགས་པ་དང་འདྲའམ ཡང་ན
སྙན་ངག་ནི་ཐག་རིང་གི་མཛའ་མོ་བསྐྱུར་ཏེ
ཕྱིར་ཆུང་མའི་ཉེ་གམ་དུ་སླེབས་པ་ནང་བཞིན
རྟོག་འཕྲོ་སྣེ་གཅིག་ལས་གཞན་དུ་འདྲོངས་དགོས་པའི་ལུང་ཁུངས་མེད་དམ

སྙན་ངག་ནི་སློབ་གྲྭའི་གླིང་ཀར་གཙང་སེལ་བཟོས་ཟིན་པའི་བསམ་བློ་ཞིག་ཡིན་ནམ
སྙན་ངག་ནི་སེམས་ཀྱིས་དོར་བའི་མྱ་ངམ་ཐང་ཆེན་ཞིག་ཡིན་ནམ

ཀྱེ་མ སྙན་ངག་ནི
མིག་བཙུམས་ན་ཡང་ཁྱོད་ཀྱིས་ཚོར་ཐུབ་པའི་ལེ་དབར་ཁྲི་ཡི་བྱེ་ཐང་ཞིག་ཡིན་ནམ
 

 

རྩོམ་ཁུངས། བོད་ཀྱི་སྙན་ངག་པའི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ནི་ཅི་ཞིག་ཡིན་ནམ།

2010-01-21 གཅན་མེ་སྟག ཀློག་གྲངས། མཆན ཡོད།

 

སྙན་ངག་ནི་དབྱུག་པ་ཅན་གྱི་ཟླ་བ་དང
རྒྱལ་བོའི་ཕོ་བྲང་གི་ཕྱི་ནང་ཀུན་ན
དར་ཟབ་ལུས་སུ་གྱོན་པའི་རྒྱལ་བོའི་སྲས་དང་སྲས་མོ་ཚོ་ཡིན་ནམ
སྙན་ངག་ནི་ང་ཚོ་ལ་ནམ་མཁའི་སྐར་མ་དགོས་ཚེ
མཁའ་དབྱིངས་ནས་ཐོལ་གྱིས་ལྷུངས་འོངས་པའི་རྨུ་སྐས་ཤིག་ཡིན་ནམ
སྙན་ངག་ནི་ཆུ་སྐྱེས་པད་མའི་སྣང་བརྙན་ཞིག་ཡིན་ནམ

སྙན་ངག་ནི་ལྟ་ཚུལ་ཅིག་ལ་གཞོལ་ཏེ
སྣང་སྲིད་གཞན་ཞིག་གི་རྟོག་ཚོར་ཀློང་དུ་ཞུགས་པ་དང་འདྲའམ ཡང་ན
སྙན་ངག་ནི་ཐག་རིང་གི་མཛའ་མོ་བསྐྱུར་ཏེ
ཕྱིར་ཆུང་མའི་ཉེ་གམ་དུ་སླེབས་པ་ནང་བཞིན
རྟོག་འཕྲོ་སྣེ་གཅིག་ལས་གཞན་དུ་འདྲོངས་དགོས་པའི་ལུང་ཁུངས་མེད་དམ

སྙན་ངག་ནི་སློབ་གྲྭའི་གླིང་ཀར་གཙང་སེལ་བཟོས་ཟིན་པའི་བསམ་བློ་ཞིག་ཡིན་ནམ
སྙན་ངག་ནི་སེམས་ཀྱིས་དོར་བའི་མྱ་ངམ་ཐང་ཆེན་ཞིག་ཡིན་ནམ

ཀྱེ་མ སྙན་ངག་ནི
མིག་བཙུམས་ན་ཡང་ཁྱོད་ཀྱིས་ཚོར་ཐུབ་པའི་ལེ་དབར་ཁྲི་ཡི་བྱེ་ཐང་ཞིག་ཡིན་ནམ
 

 

རྩོམ་ཁུངས། བོད་ཀྱི་སྙན་ངག་པའི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།