མཚོ་ཆུང་ནོར་བུ་ལ་ཕུལ་བ།

--ཨེ་ཇིབ་ཀྱི་འདས་མཆོད་སྨོན་ཡིག་ཅིག་ལ་ལད་མོར་བྲིས་པ།
 
བདག་གིས་ལྷ་ཡུལ་ལྡུམ་ར་རུ་བྱང་ཆུབ་ཤིང་ཞིག་བཙུགས་ཡོད།
བདག་གིས་ས་སྟེང་ཕོ་བྲང་དུ་རྒྱལ་མཚན་དར་ཞིག་བསྒྲེངས་ཡོད།
བདག་གིས་ལོ་འགྲོས་དུང་ཕྱུར་གྱི་སྨོན་ཚིག་བཟླས་ནས།
ཤི་བདུད་དུང་ཕྱུར་གྱི་བླ་སྲོག་བཙོན་ལས་བསྐྱབས་ཟིན།

 འཕགས་མ་ཨ།   བདག་གི་མཆུ་སྒྲོས་དང་མགྲིན་པ་བརྒྱུད་ནས།
ཁྱེད་ཀྱིས་མི་ཡུལ་གྱི་བདེན་ཚིག་སྒྲོགས་ཤོག་དང་།
དགའ་སྡུག་གི་རོ་མངར་ཡོད་ཚད་སླར་ཡང་བདག་གི་ལུས་ཕུང་བརྒྱུད་ནས།
མི་ཡུལ་གྱི་གཤིན་སར་ཐོབས་ཅིག་དང་།

 ཀྱེ་ཀྱེ།   གཏན་དུ་སྡོད་དབང་མེད་པའི་ཁྱེད་ཀྱི་ཞབས་རྗེས་འགྲིམས་ནས།
བདག་རང་སྔར་ནས་འཇིག་རྟེན་གྱི་ཁྱིམ་གཞིས་ཉུལ་ཞིང།
ཧི་མ་ལའི་འོད་ཟེར་ལྟ་བུའི་ཁྱེད་ཀྱི་གཤོག་ཟུང་བར་ནས།
བདག་རང་སྲིད་རྩེའི་ཞིང་ཁམས་ཀྱི་སྲོད་དུས་ཡུན་གྱིས་བརྒལ།

བདག་ནི་གནའ་བོའི་ཐོ་ཐེམ་གྱི་ཀློང་དུ་ཚུད་པའི་སྐྱེས་བུ་ཞིག་སྟེ།
གླུད་གཏོར་གྱི་སྨེ་སྔགས་བཅས་པའི་བསངས་རྫས་ཡོད་ཚད་བདག་ལ་སྦྱིན་རོགས།
བདག་ནི་དག་གཙང་གི་ལས་སྨོན་བབས་པའི་བྱེའུ་ཞིག་སྟེ།
བདག་གི་སྨྲ་བརྗོད་དག་ལ་ཉི་འོད་བསླུ་མེད་ཀྱི་དབྱངས་འགྲོས་འཕོས་ཡོད།

དེའི་དབང་གིས    བདག་ནི་ཅིས་ཀྱང་རྨེག་མེད་ཀྱི་ལྕགས་སླང་དེ་རུ་ལྷུང་མི་སྲིད།
བདག་རང་སྡུག་བསྔལ་གྱི་ཚེར་མདུང་རྣོན་པོས་འབིགས་མི་སྲིད།
བདག་ནི་ཁྱེད་ཀྱི་སྙིང་རྗེ་ཡི་ཟེའུ་འབྲུ་བར་ནས་སྐྱེས་ཤིང།
བདག་ནི་འཕགས་མ་ཡི་ས་བོན་འདྲེན་པའི་ཤིང་རྟ་བ་ཞིག་ཡིན་པས།

འཕགས་མ་ཁྱེད་ཀྱི་སྣེ་འདྲེན་འོག་ཏུ།
བདག་རང་སྟོང་གསུམ་གྱི་སྟོང་ཆེན་པོའི་ལོ་མ་འགྲིམས་ཤིང།
སྟོང་གསུམ་གྱི་སྟོང་ཆེན་པོའི་གྲོག་མ་ཇི་བཞིན་དུ།
མི་ཡུལ་འདིའི་ལྕགས་བསྲེགས་ཀྱི་ས་གཞི་ཡོད་ཚད་བརྒལ།

བདག་ནི་རྐང་བརྒྱ་ལག་བརྒྱ་ཡི་སྡིག་སྲིན་མེ་འབར་བ་ཞིག་སྟེ།
བདག་ནི་མིག་བརྒྱ་ལྕེ་བརྒྱ་ཡི་རྒྱུ་སྐར་མཇུག་མ་ཅན་ཞིག་ཡིན།
བདག་ལ་ཟླ་བ་མེ་དང་འོད་ཕུང་གི་གསོ་བཅུད་གནང་རོགས་དང་།
བདག་ལ་རོ་བཅུད་ཁྲག་དང་སྐྱུགས་པ་ཡི་ནུས་སྟོབས་སྦྱིན་རོགས་དང་།

དེ་རིང་ནས།    བསྐལ་བའི་ཕྲ་ཕུང་གི་གས་སྲུབས་མ་ལུས།
བདག་གི་སྡིག་ཉེས་ཀྱི་དྲེགས་པ་གསོགས་སའི་རྐྱལ་ཁུག་ཡིན་ལ།
སྲིད་པའི་དབྱངས་རྟ་ཡི་ཁུགས་འགྲོས་ཡོད་ཚད།
བདག་གི་སྐྱོ་ཡུས་ཀྱི་མིག་ཆུ་བསྐྱིལ་སའི་མཚོ་ཆུང་ཡིན་པར་སྨོན།

      ༢༠༠༩ལོའི་ཟླ༡༢་པའི་ཚེས༢ཉིན་གྱི་དགོང་མོར།

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་ཆུང་ནོར་བུ་ལ་ཕུལ་བ།

2010-01-21 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།