གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནག་ཆུ་རུ།

2011-01-20 15:10:00 གཅན་མེ་སྟག ཀློག་གྲངས། མཆན ཡོད།

 

དོ་དགོང     ང་རང་ནག་ཆུ་ན་ཡོད  
ཁྭ་ཏ་ནག་ཆུ་ན་ཡོད་ལ     གྲོག་མའང་ནག་ཆུ་ན་འདུག
དོ་དགོང     ངེད་ཅག་ལ་ཐུན་མོང་གི་ནག་ཆུ་གཅིག་ལས་མེད
དོག་ཅིང་རིང་བའི་ཁྲོམ་སྲང་གཅིག་དང 
དར་ལྕོག་གིས་ཁེབས་པའི་སྒང་འབུར་གཅིག
ཟངས་ནག་གིས་རྡུང་བའི་བོད་མིའི་སྐུ་བརྙན་གཅིག་དང
གོམ་ཚད་ལྔ་བཅུ་ཡས་མས་ཀྱི་རིག་གནས་ཀྱི་བཀོད་ཐང་གཅིག་བཅས་ཡོད
 
བར་བར་དུ་རྫ་གཡམ་འཐོར་བཞིན་པའི་ཁང་རྩེག་གསུམ་བཞི་ཞིག
མཐོ་ཚད་རྨིད་༤༠༠༠ཡན་གྱི་རླུང་དང་ཁ་བའི་ཁྲོད་འགྲེང་ཞིང
གློ་བུར་འོངས་ཤིང་སྐད་ཅིག་གིས་ཡལ་བའི་དབྱར་ཟླ་བདུན་པར
སྤྲིན་དང་ཆར་ཞོད་དག་ཀྱང་ཁང་བའི་མདའ་ཡབ་ན་འཁྲིགས་པ་འདྲ་ལ
འབྲུག་གམ་ཆུ་འབུ་གློ་ཉལ་དང་མཚུངས་པའི
དབྱར་གཞུང་གི་སྨེ་སྔགས་འབྱིན་མཁན་དེ་དག་ཀྱང
ངའི་རྣ་འགྲམ་དུ་ཉུག་ཉུག་བྱེད་བཞིན་པ་དང་འདྲ
 
ཁྭ་ཏ་ལ་ཁྱབ་བསྒྲགས་ཀྱི་ཆབ་སྲིད་ཡོད་ལ
གྲོག་མ་ལ་གཞུང་དངུལ་གྱི་ཆབ་སྲིད་ཡོད་ཅིང
ང་ལ་སྙན་ངག་གི་ཆབ་སྲིད་ཡོད་པས
སྐབས་སྐབས་སུ   
ངེད་ཅག་གསུམ་ལྷན་དུ་བསྡད་ནས
དེང་རབས་ཀྱི་གནད་དོན་རེ་འགར་ཡང་བགྲོ་གླེང་བྱེད་བཞིན་ཡོད
 
                                    ༢༠༡༠ལོའི་ཟླ༡༠པར།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།