ཁེར་རྐྱང་གི་སྡོང་བོ།༼གཞན་གཅིག༽

            ཁེར་རྐྱང་གི་སྡོང་བོ།

གྲོང་འདབས་ཀྱི་ཞིང་ཚིགས་བར་ན
ཁེར་རྐྱང་གི་སྡོང་བོ་ཞིག་ཡོད
དེ་ནི་ངའི་རྨོ་མོ་ལས་ཀྱང་བགྲེས་པའི་སྦྱར་སྡོང་ཞིག་ཡིན

ཆུང་ངུའི་དུས་སུ
ང་རང་སྡོང་བོ་དེའི་འོག་ཏུ་སྡོད་རྒྱུར་དགའ་ཞིང
དེའི་ལན་བུ་དང་འདྲ་བའི་ཡལ་གར་འཇུས་ཏེ
བར་སྣང་དུ་དཔྱངས་ཐག་གློད་རྒྱུར་དགའ

སྦྱར་སྡོང་དེ་ཉིད་རྩྭ་རྫོབ་མཐུག་སའི་ཞིང་ཚིགས་སུ་སྐྱེས་ཤིང
ཉི་འོད་དྲོ་སའི་གྲོང་འདབས་སུ་འགྲེང་ཡོད
ཡིན་ནའང མི་ལོ་མང་པོའི་རིང་ལ
སྡོང་རྒན་དེ་གནས་དེར་ཁུ་སིམ་གྱིས་བསྡད་དེ
ལོ་མའི་ཚོགས་ལྗང་གུ་ནས་སེར་པོར་གྱུར་ཞིང
དེ་ནས་སླར་ཡང་ལོ་མའི་ཚོགས་རང་ཉིད་ལྷུང་བར་བལྟ་བཞིན
ཉེ་གམ་བརྒྱུད་པའི་མི་རྣམས་ལ་ལབ་གླེང་གང་ཡང་མི་བྱེད

ཉི་མ་ཧ་ཅང་གྲང་སྟེ
རྒྱང་ཁད་རིང་བའི་རི་རྩེ་དག་ཁ་བས་གཡོགས་དུས
སྡོང་བོའི་གྲིབ་བསིལ་དུ་སྡོད་པའི་རྩྭ་རྫོབ་དག
སྔར་ནས་འཁྱག་ཤི་ཐེབས་ནའང
མིག་མཐར་རྒས་གཉེར་བབས་པའི་སྡོང་རྒན་དེས
ད་དུང་རྒྱང་མིག་རབ་རིབ་ངང
སུ་ཞིག་ལ་སྒུགས་པ་དང་འདྲ

འཚོ་བ་ནི་དངོས་གནས་གློག་འཁྱུག་པ་ནང་ལྟར་རེད
སྐད་ཅིག་མའི་དུས་ཚོད་ནང་ལ
ང་ཡང་བྱིས་པ་སྣབས་དྲུད་ཅིག་ནས
རྫིག་ཉམས་དོད་པའི་གསར་བུ་ཞིག་ཏུ་གྱུར་ལ
དེ་ནས་སླར་ཡང་སྙན་ངག་འབྲི་བའི་རྩོམ་པ་པོ་ཞིག་ཏུ་གྱུར་བ
སྡོང་རྒན་ཁོས་ཤེས་ཀྱིན་མེད་ལ དོ་སྣང་ཡང་བྱེད་ཀྱིན་མེད

ད་ལྟ ཕ་ཡུལ་དུ་ལོག་ཐེངས་རེ་ལ
ང་རང་སྡོང་རྒན་དེའི་རྩ་རུ་འགྲེང་སྟེ
རྒྱང་བལྟ་ཐེངས་རེ་བྱེད་རྒྱུར་དགའ་མོད
ངས་མཐོང་བ་ནི ལོ་རེ་བཞིན་ཁ་དོག་འགྱུར་བཞིན་པའི
མདུན་ཕྱོགས་ཀྱི་གྲོང་ཚོ་ཉིད་དེ
གནའ་བོའི་བབ་ཆགས་དང་ཀུན་སྤྱོད་རྨང་ནས་འགྱུར་བཞིན་པའི
འུར་འུར་ཟིང་ཟིང་གི་ཁྱིམ་མཚེས་དང
ཁ་ཕོ་འཐམས་འཐམས་ཀྱིས སྟ་གྲི་ལག་ཏུ་བཟུང་སྟེ
གྲོང་འདབས་ཀྱི་སྡོང་རྒན་གཅོད་པར་བྲེལ་བཞིན་པའི
ཡུལ་མི་དེ་དག་རེད

              ཅི་ཞིག་འཚོལ།

ཁྱེད་ཀྱིས་མིག་གིས་གནམ་ལ་བལྟས་ཏེ ཅི་ཞིག་འཚོལ
ཁྱེད་ཀྱིས་ང་འཚོལ་བཞིན་ཡོད་དམ
ང་ཁྱེད་ཀྱི་ཉེ་གམ་ན་ཡོད
ངས་ཁྱེད་དང་དཔུང་བ་གཤིབས་ཏེ་ཡོད

ང་མཆོད་རྟེན་གྱི་བང་རིམ་དེ་ན་མེད
ང་གཡེར་དྲིལ་དང་ཅོང་སྒྲ་མིན
ང་དགོན་པའི་བསྐོར་ལམ་དེ་ན་མེད
ང་རྡོ་གཅལ་གྱི་ལམ་འཕྲང་མིན

ང་ཚོགས་ཆེན་སྨོན་ལམ་གྱི་དབུས་ན་མེད
ང་མ་ཎི་བགྲང་ཕྲེང་གི་མདོ་འཛིན་དེ་མིན
ང་དཀར་ཟས་ཚོགས་པའི་གྲས་ན་མེད
ང་ཁྱེད་ཀྱི་མགོ་བོ་བཏུམས་བྱེད་ཀྱི་རས་གཟན་དམར་པོ་དེ་མིན

ནམ་ཞིག་ཁྱེད་ཀྱིས་ང་རང་རྙེད་དུས
ང་ནི་ཉག་ཤིན་ཏུ་ཕྲ་བའི་ཉི་ཐིག་ཅིག་ཡིན
ང་ནི་སྦུག་ཤིན་ཏུ་དོག་པའི་བར་ཁྱམས་ཤིག་ཡིན
ང་ནི་གཏིང་ཤིན་ཏུ་ཟབ་པའི་ཆུ་མིག་ཅིག་ཡིན

ད་ལྟ་ཁྱེད་ཀྱིས་ཤེས་སོང་ངམ
ཁྱེད་ཀྱིས་༼ཁྱེད་ཀྱི་མིང་ལ་ཅི་ཟེར༽ཞེས་འདྲི་ན
ངས༼ང་ནི་དབུགས་རྒྱུན་ཁྲོད་ཀྱི་དབུགས་རྒྱུན་དེ་ཡིན
གྲིབ་མའི་ནང་གི་གྲིབ་མ་དེ་ཡིན༽ཞེས་ལན་འདེབས་ངེས

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེར་རྐྱང་གི་སྡོང་བོ།༼གཞན་གཅིག༽

2015-03-18 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།