ལམ་ཡིག་དང་གཞན་དག

              ལམ་ཡིག༼ ༡ ༽

ཚོགས་ཆེན་འདུ་ཁང་ལས་ཕྱིར་བུད་དེ
གོམ་པ་དྲུག་ཅུ་ལྷག་གི་རྡོ་གཅལ་ཁུགས་བརྒྱུད་ན
གཡོན་ཕྱོགས་ཀྱི་སྒོ་ཆེན་ཁར་ཐོན་ངེས
དེ་ནས་ས་ཟད་རྡོ་བུད་ཀྱི་དགོན་པའི་བསྐོར་ལམ་དེ་བརྒལ་ཚེ
ལག་མཐིལ་ཆེ་ཆུང་ཙམ་གྱི་ནས་ཞིང་ཐེམ་པ་གཉིས་མཐོང་ངེས
ཞིང་འགྲམ་གྱི་ཆང་བ་ལིའི་ལྗོན་པ་ཡོད་ས་ནས མར་བབས་ན
སྡེ་བའི་ཚོང་ཁང་ཆུང་བ་ཞིག་ཡོད
དེ་རུ་ནམ་རྒྱུན་ར་མ་ལུག་སྐོར་ཞིག་ལ་འཕྲད་སྲིད
ར་མ་གཅིག ལུ་གུ་གཉིས མ་མོ་གསུམ་དང
ཡང་ན་ར་མ་དང་བོང་བུ་འདྲེས་མ་ཁྱུ་གཅིག་ཡོད་སྲིད
དེར་ཐོན་དུས སྡེ་བའི་གསར་བརྗེ་གཞུང་ལས་ཁང་དང་ཉེ་བོ་ཡོད་མོད
གཡས་ཟུར་གྱི་མ་ཎི་ཁང་དུ་མ་སོང་བར
མུ་མཐུད་དུ་མར་བབས་ན
ཆུ་འཁོར་རང་འཐག་ཁང་ཞིག་གི་གཡོན་ཟུར་དུ་སླེབས་ངེས
དེ་ན་གསོམ་ཤིང་བརྐོས་ཏེ་བཟོས་པའི་ཝ་མཆུ་ཆེན་པོ་ཞིག་ཡོད
དེའི་ནང་དུ་སྡེ་བའི་རི་ཕུག་ནས་འབབ་པའི་རང་བྱུང་གི་ཆུ་བོ་དེའང
ཧ་ཅང་གྲལ་འགྲིག་གིས་བཞུར་ཏེ
རང་འཐག་གི་ཆུ་འཁོར་བསྐོར་བཞིན་ཡོད
གལ་ཏེ་ཁྱོད་རང་དེའི་གམ་དུ་བསྡད་ན
ལྷོག་ལྷོག་རྒྱུགས་པའི་ཆུ་བོ་དེའི་གམ་དུ་བསྡད་ན
སྐད་ཆུང་དུ་ཆུགས་ཤིག
ཁ་རླངས་ཀྱིས་རྩྭ་ཕྲན་ལ་གཡོ་བསྒུལ་མ་གཏོང་རོགས
དབེན་སིམ་པ་དེའི་སྐབས་ན
ཆུ་ནང་དུ་གསལ་གྱི་ལེར་མངོན་པའི་རྡོ་བ་དེས
ཁྱོད་ལ ཆུ་འདི་གང་ནས་འོང་སྟེ་གང་དུ་འབབ་བཞིན་པ
གསལ་བོར་འཆད་ངེས

              ལམ་ཡིག༼ ༢ ༽

ལམ་ནི མ་གཞིར་ནོར་ལུག་འདེད་ས་ཞིག་ཡིན
ལྕི་ལུད་འཁུར་ས་ཞིག་ཡིན
རྗེས་སུ སམ་བྷོ་ཊ་ཟེར་བ་ཞིག་གིས
ཡི་གེ་འཚོ་ས་ཞིག་ཏུ་བསྒྱུར
སོང་ཀིན་སོང་ཀིན
ལམ་དེར་འགྲོ་མཁན་ཇེ་མང་ནས་ཇེ་མང་རེད
ཤོག་ལྷེ་ཞིག་ཕར་བསྒྱུར་བ་ཙམ་གྱིས་ཀྱང
ནག་སབ་སིབ་ཀྱི་རྐང་རྗེས་རྫོགས་མེད་ཅིག་མཐོང་ཐུབ

དེ་ད་དུང་གཙོ་བོ་མ་རེད
རྗེས་སུ་རྗེ་ཙོང་ཁ་པ་ཟེར་བ་ཞིག་གིས
ལམ་ཡོད་ཚད་ཀྱི་སྣེ་མོ་གཅིག་ཏུ་དྲིལ་ཏེ
བྱང་ཆུབ་ཀྱི་ལམ་ཟེར་བ་ཞིག་བཟོས
ལམ་དེར་ཞུགས་མཁན་མང་པོ་ཞིག་གིས
ལམ་དེ་རུ་མིག་བཙུམས་ཏེ་སོང་ནའང
ཆུ་ནང་དུ་མི་འགྱེལ་ལ བྲག་གཡང་དུ་མི་ལྷུང་བའི
བདེན་ཚིག་གྲུབ་ཡོད་ཟེར

ལོ་འདི་དག་ལ
དགེ་འདུན་ཆོས་འཕེལ་ཟེར་བ་ཞིག་གིས
ལམ་ཡིག་མང་པོ་ཞིག་བརྒྱུད་ནས་བྲིས་ཏེ
ཝ་ར་ཎྰ་སིའི་མགྲོན་ཁང་གི་སྒོ་བྱང་དང
བྱ་རྒོད་ཕུང་བོའི་རི་ལམ་གྱི་ལམ་བྱང་དུ་སྦྱར་ཡོད་ནའང
ལམ་དེ་རུ་བགྲོད་མཁན་དག
བྱང་ཆུབ་ལམ་རིམ་དང་གཏམ་རྒྱུད་གསེར་ཐང་ཀློག་མཁན་གྱི
བོད་མི་ཞིང་བྲན་ཚོ་མ་རེད

               རང་ཁྱིམ།

ཕྱིར་ཁྱིམ་དུ་སླེབས་མ་ཐག
འཇིག་རྟེན་འདིར
ཉི་འོད་དང་ནམ་མཁའ་མེད་པའང
གཏིང་ནས་བརྗེད་དེ
སྒོ་དང་སྒེའུ་ཁུང་གང་ཡང་རང་དབང་གིས་ཕྱེས་ཏེ
སླར་ཡང་རང་དབང་གིས་བརྒྱབ་ཆོག་པ་འདི
ཇི་འདྲའི་སྐྱིད་པ་ལ

འཇིག་རྟེན་གྱིས
སྒེའུ་ཁུང་ཕྱི་རོལ་ནས
ཀུ་ཅོ་ཇི་ལྟར་བསྒྲགས་ནའང
ཁྱིམ་གྱི་འབོལ་སྟེགས་སྟེང་ཉལ་ནས
ལྷིང་འཇགས་དང་དྲོད་འཇམ་ཡོད་ཚད
རང་ཁོ་ནས་ལོངས་སུ་སྤྱོད་ཆོག་པ་འདི་ཡང
ཇི་འདྲའི་སྐྱིད་པ་ལ

             ལོ་ངོ་བརྒྱའི་ཕྱི་རོལ་དུ།

ལོ་ངོ་བརྒྱའི་ཕྱི་རོལ་དུ
སྙན་ངག་འདི་དག་ལ་བཙའ་ཆགས་སྲིད
ས་རྡུལ་མཐུག་པོའི་ནང་རིམ་དུ
ཁོ་ཚོ་ཕན་ཚུན་ལ་མགོ་བོ་བསྙེས་ཏེ
མི་ལོ་བརྒྱའི་བགྲེས་པོ་རྒན་རྒོན་དག་དང་འདྲ་བར
ཉོབ་ཉོབ་ཀྱིས་ཡོད་སྲིད

ལོ་ངོ་བརྒྱའི་ཕྱི་རོལ་དུ
སྙན་ངག་འདི་དག་གི་བུ་དང་ཚ་བོ་དག་ཀྱང
རྒས་ཤིང་ཧོན་ལོག་སྟེ
སུ་ཞིག་ནི་གྲོགས་དང་སུ་ཞིག་ནི་དགྲ་ཡིན་པ
ངེས་པར་དྲན་མི་སྲིད་དེ
གང་ཞིག་ནི་དཔེ་དང་གང་ཞིག་ནི་མཚོན་དོན་ཡིན་པའང
ངེས་པར་དྲན་མི་སྲིད

ལོ་ངོ་བརྒྱའི་ཕྱི་རོལ་དུ
དག་གཙང་གི་ནམ་མཁའི་འོག་ཏུ
གསར་སྐྱེས་ཀྱི་མི་རྣམས་བག་ཡངས་ཀྱིས་འགྲོ་བཞིན་ཡོད་ངེས
སྙན་ངག་འདི་དག
ལྷོ་མཐའི་སྤྲིན་པ་ལེབ་མོ་ཞིག་གི་ཚུལ་གྱིས
སྨེང་ཤོད་ལེར་འཕྱོ་བཞིན
མིག་ཆུ་ལྟ་བུའི་ཁ་བ་རྡོག་པོ་རེ་རེ
འཇིག་རྟེན་གྱི་དཔྱིད་ཀ་ཞིག་གི་རྨི་ལམ་དུ་ཤར་ཤར་འབབ་ངེས

གང་ལྟར སྙན་ངག་འདི་དག
དེ་རིང་ངས་གཟབ་ནན་གྱིས་འབྲི་བཞིན་ཡོད
བུ་མོས་མ་གོ་ཞིང་ཆུང་མས་མ་ཚོར་བར
གཉིད་ལས་སད་མ་ཐག་འབྲི་བཞིན་ཡོད
མ་འོངས་པ་ན ཁོ་ཚོའི་ལས་དབང་ག་འདྲ་ཡིན་ནའང
དེ་རིང ཁོ་ཚོས་དྭངས་གཙང་གི་མཁའ་དབུགས་རྔུབ་བཞིན
དགའ་དགའ་སྤྲོ་སྤྲོ་ཡིས་ལམ་དུ་ཆས་བཞིན་ཡོད

            ནམ་གུང་གི་སྙན་ངག

ལག་ཉུལ་བྱེད་བཞིན་མལ་ཁྲིའི་སྒང་དུ་འབུད་དུས
ད་སོ་མར་གཅིན་པ་བཏང་བའི་ལུས་པོ
ཡང་ཤོད་ཤོད་དུ་གྱུར
སྒེའུ་ཁུང་གི་ཡོལ་བ་ཕྲན་ཙམ་ཕྱེས་དུས
བདག་གིས་ཧང་སངས་བའི་ངང་མཐོང་བ་ནི
འཕུར་བཞིན་པའི་སྤྲིན་དཀར་བར་གསེང་གི
ཞོ་ལྟར་ཆགས་པའི་ཟླ་འོད་དེ་ཉིད་རེད

ཞོགས་པའི་ཆུ་ཚོད་བཞི་བ
ཁང་རྩེག་མདུན་གྱི་སྤྱི་གླིང་ཆུང་ངུ་ནི
གཏིང་ཟབ་པའི་ནགས་ཚལ་ཞིག་དང་འདྲ་བར
ལྗོན་པའི་གྲིབ་ཡོར་ནག་པོའི་ཚོགས
འུར་འུར་གྱིས་གཡོས་ཏེ
གཟུགས་བརྙན་ཁྲི་འབུམ་གྱིས་ཁེངས་པའི
མེ་ལོང་ནག་པོ་ཞིག་ཏུ་གྲུབ

ཟླ་འོད་ནི་རྡོ་དཀར་པོའི་རྡུལ་ཕྱེ་དང་འདྲ་བར
ཐར་ཐོར་དུ་གནས་པའི་སྤྲིན་གསེབ་ནས་བབས་འོང་སྟེ
རི་ལ་ཐང་མེད་པར་དཀར་མདོག་གིས་བྲན་ཞིང
དྲན་སྣང་གི་སྤྱང་ཀི་དཀར་པོ་ཁྱུ་གཅིག
རི་ལམ་དེད་ནས ཁོང་ཡངས་པའི་གཅོང་རོང་ཞིག་ཏུ
སྙེགས་བཞིན་པ་དང་འདྲ་སྟེ
གཡང་གཟར་དང ཁེར་སྐྱེས་ལྗོན་པ
དབེན་སིམ ཟུར་མང་བའི་ཨུདྤལ
སྒྱུ་རྩལ་གྱི་རྣོ་སྦྲེང
ཀྱེ་མ མཐའ་མེད་པ་དང་བསམ་ཡིད་ལས་འདས་པ་དེ་དག
ཁང་བའི་ཉེ་རྒྱང་གི་བར་དུ་ཟུག་པའི་དྲན་འཆར་དང
མཚོན་དོན་གྱི་ཁ་དོག་སྲབ་མོ་དེ་དག

རྩོམ་ཁུངས། ངེད་དྲ་བ་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལམ་ཡིག་དང་གཞན་དག

2015-03-24 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།