གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཏེར་ལེན་ཁ་ནས་ཧེ་ཙི་ལ་སྨྲས་པ།

2015-10-03 08:37:13 གཅན་མེ་སྟག ཀློག་གྲངས། མཆན ཡོད།


ཁྱོད་སོང་བ་ཧ་ཅང་མགྱོགས་དྲགས
མགྱོགས་དྲགས་ནས ཁྱོད་རང་ཉིད་ཀྱི་སྔོན་དུ་སླེབས་འདུག
ཡིན་ནའང ཁྱོད་ཡོང་ས་དེ་གཏེར་ལེན་ཁ་མ་རེད
ཁྱོད་སླེབས་ས་དེ་རྡོ་གཡང་ཊི་ཞིག་རེད
མི་དག་གིས་ཁྱོད་ཀྱི་ངོ་གདོང་རྡོ་ལ་བརྐོས་ཤིང
ཁྱོད་ཀྱི་མགྱོགས་ཚད་བྱེ་མར་བསྐུར་ཏེ
ཁྱོད་ཀྱི་ཨ་ཅེ་དང་མིག་ཆུའི་ཁ་དོག
པ་ཡན་གཙང་བོའི་སྔོ་དྲེགས་ལ་བྱུགས་འདུག

ཁྱོད་དང་བསྡུར་ན
ང་ཡོང་བ་ཧ་ཅང་དལ་དྲགས
དལ་དྲགས་ནས ང་རང་ཉིད་ཀྱི་རྗེས་སུ་ལུས་སོང
ཡིན་ནའང ང་རང་ཉིད་ཀྱི་གྲིབ་མའི་དབུས་ན་མེད
ང་རང་ཉིད་ཀྱི་གས་སྲུབས་བར་ན་མེད
ལྷག་པར་དུའང ངས་རང་ཉིད་ཀྱི་མི་ཚེ་ནི
མེ་འཁོར་ལྕགས་ལམ་སྟེང་ཅི་འདོད་དུ་འདོར་དགོས་པའི
གད་སྙིགས་ཤིག་ཏུ་རྩི་བཞིན་མེད

དོ་དགོང ངའང་གཏེར་ལེན་ཁ་ན་ཡོད
གཏེར་ལེན་ཁ་ཟེར་བ
ཐག་རིང་ན་འཚུབ་ཅིང་འཁོར་བའི་བྱེ་རླུང་སྐྱ་བོ་ཞིག་སྟེ
ང་ཡི་གཡས་ཕྱོགས་དང ཁྱོད་ཀྱི་གཡོན་ཕྱོགས་ན
ཁུ་ལོ་ཁུ་གཙང་བོའི་སྐྱོ་མདོག་གི་འདམ་རྩྭའི་གསེབ་ན
རྡེའུ་ཟེགས་དང་རྔ་མོང་རེ་འགའི་མིག་ལམ་ན
ཅི་ཡང་མེད་པའི་མྱ་ངམ་ཐང་ཞིག་རེད
ཁྱོད་ལ་ཁག་མི་འདུག་སྟེ
དོ་དགོང ངས་ཀྱང་མིའི་རིགས་དྲན་བཞིན་མེད་པར
ཨ་ཅེ་ལེ་ལེ་ཞེས་པའི་སྙན་ངག་ཅིག་གྱེར་བཞིན་ཡོད

 

              ༢༠༡༥ལོའི་ཟླ༩པའི་ཚེས༣༠ཉིན་གྱི་དགོང་མོར་གཏེར་ལེན་ཁ་ནས་བྲིས།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།