བར་ཐག་གི་གླུ།༼བཅད་མ༽

སེམས་པ་སྨྲ་བ་ཉུང་བས་བཅིངས་བྱས་ནས།།
རྫུན་དང་ཕྲ་མ་སྒྱུ་སོགས་མེད་མདོག་གིས།།
བྱིས་པའི་དུས་ཀྱི་རྩེད་གྲོགས་ཡིན་ཁུལ་གྱིས།།
ཁ་པར་ཁ་ཤས་ཐེངས་འགར་བཏང་རྗེས་སུ།།
གློག་འཕྲིན་ཡིག་ནོར་ཅན་འགའ་བསྐུར་ནའང༌།།
ཁྱོད་ཀྱིས་ང་ལ་ཁ་ཡ་བྱས་མ་སོང༌།།
ང་ནི་རང་གི་གནས་ན་ཧད་དེ་ལུས།།

གྲོང་གི་བུ་མོ་མགོ་དཀྲིས་དམར་བོ་ཅན།།
ས་རྡོ་འདྲེས་མའི་རྐང་ལམ་དོག་མོར་ཐལ།།
སྲང་གི་བུ་མོ་ཀོ་ལྷམ་ཡུ་རིང་ཅན།།
ཐྲིག་སྒྲ་དང་བཅས་ཁང་བརྩེགས་དོག་མོར་ཐལ།།
ང་ཡི་མདུན་གྱི་ཤེལ་སྒོ་དྭངས་མོ་རུ།།
ཁྱོད་རང་མེ་ཏོག་བཞིན་དུ་འབུར་ནས་ཡོང༌།།
བྲིས་པའི་རི་མོ་བཞིན་དུ་གསལ་ནས་ཡོང༌།།

སེམས་ལ་བབས་པའི་ས་རྡུལ་ཇེ་མང་རེད།།
ཁོམ་པ་མེད་ཀྱང་ཁོ་ཧྥེ་འཐུང་དུ་སོང༌།།
བོད་ལྭ་གྲ་དག་སྤྲས་པའི་ཞབས་ཞུ་མས།།
ཀུ་རེ་སློང་བཞིན་ཁྱོད་རང་རྒས་འདུག་ཟེར།།
གཞས་ཆུང་ཕྲ་མོས་བཏུམས་པའི་ཇ་ཁང་ནང༌།།
ཤོག་བུས་བཟོས་པའི་རྒྱན་པོ་འགྱེད་བྱེད་ལས།།
བཅུ་གཉིས་མ་དེ་ཁྱོད་ཀྱི་དོད་དུ་བླངས།།

ཨ་སྔོན་མཐོན་པོའི་ཁ་དོག་དཔེར་བྱས་ནས།།
མལ་ཐུལ་འཇམ་པོར་ཕྱི་མ་སྔོན་པོ་བརྒྱབ།།
ཞོ་གསར་སྤུངས་འདྲའི་སྤྲིན་པ་དཔེར་བྱས་ནས།།
སྔས་འབོལ་མཐོན་པོར་ཕྱི་མ་དཀར་བོ་བརྒྱབ།།
ཁྱོད་ཀྱིས་བཏང་བའི་གཞས་ལ་དཔེར་བྱས་ནས།།
སྒང་གཤོང་མང་བའི་རྨི་ལམ་རིང་བོར་རྨིས།།
ནམ་མཁའི་དབྱིངས་ནས་ཁྱོད་དང་འཕྲད་སྙིང་སྐྱེ།།

ཕར་ལ་བསྲིངས་པའི་ལག་པ་ཁ་བས་བརླན།།
ཚུར་ལ་བསྐུམས་པའི་རྐང་བ་རླུང་བུས་སྒུལ།།
གྲང་ངར་ཆེ་བའི་དགུན་གྱི་ནམ་ཟླ་ལ།།
བརྩེ་བའི་འཕྲིན་པ་དར་གྱི་སྒྲོམ་དུ་ཚུད།།
ཡི་གེའི་ཉ་མོ་ཕྱི་རུ་ཐོན་རེ་སྐད།།
སྐར་ཚོགས་མེ་སྟག་བཞིན་དུ་འཚུབ་པའི་ནང༌།།
ཁྱོད་ཀྱི་འདོད་པའི་མིག་ཞགས་གང་ཡིན་ནམ།།

མི་ཡི་ཚོགས་པའི་ལྕགས་རི་རིང་མོ་ལ།།
ལན་ཅིག་བསྙེས་པས་སྒལ་གཞུང་རྨ་ཡིས་ཟིན།།
ད་དུང་མདུན་དུ་གོམ་པ་སྤོ་དགོས་ཚེ།།
ཁྱོད་ཀྱི་ལང་ཚོ་ལ་ཁའི་དར་ལྕོག་དེར།།
ཁྲག་ཐིགས་དམར་བོའི་དར་ལྕེ་འདོགས་སྙིང་སྐྱེ།།
རླུང་དང་ཆར་བའི་འཇིགས་པ་སེལ་སྣང་སྐྱེ།།
མཆུ་དང་ལྕེ་ཡི་འཁྲུག་པ་མེད་སྣང་སྐྱེ།།

མི་ཚེ་སྒོར་སྒོར་ལས་ཀྱི་ཨ་ལོང་སྟེ།།
ཚེ་སྲོག་ཕྲ་མོ་དུས་ཀྱི་སྐུད་པ་ཉིད།།
བརྩེ་བ་ཆུང་ངུ་འཆི་ཁའི་འཕག་འཚག་དང༌།།
སྙན་ངག་འདི་འང་དེ་ཡི་ངུ་ཤུམ་ཙམ།།
དེའི་ཕྱིར་རྒྱང་རིང་ས་ལ་འཐེན་པའི་ལམ།།
ཤེད་ཀྱིས་འཐེན་ན་མདུན་དུ་སླེབ་གྱུར་ནས།།
ང་དང་ཁྱོད་ཀྱི་བར་ཐག་ཉེ་བར་འགྱུར།།

ཤོག་བུས་འབག་བཟོ་དུ་བས་མཚོན་ཆ་རྡུང༌།།
རྨི་ལམ་མཐུག་པོས་གར་གྱི་མཚེའུ་བསྐྱིལ།།
སྣང་བ་སྐྱིད་པའི་སྤྲེའུ་མགྲོན་དུ་བོས།།
ཤིག་དང་སྲོ་མའི་ཟས་ལ་རྔམ་གྱིས་རོལ།།
སྒྱུ་མའི་སྟོན་མོ་མཚོན་པའི་ག་ཞ་ཡིས།།
ང་རང་ཁྱོད་ལ་བཙན་གྱིས་བཅར་དུ་འཇུག།
ཁྱོད་རང་ང་ལ་ཧུར་གྱིས་འབྲོ་རུ་འཇུག།

ང་ནི་ཁ་ལོ་མེད་པའི་ཤོག་བྱ་དང༌།།
ཁྱོད་ནི་བླ་སྲོག་མེད་པའི་རླུང་བུ་འོ།།
ལས་ཀྱིས་མ་ཡིན་སྡིག་པའི་ཕུང་བོས་ཏེ།།
ཤུལ་ཏུ་ལྷག་པ་སེམས་ཀྱི་རྨ་ཁ་ཉིད།།
འཚེ་བའི་འོད་དང་ནམ་མཁའི་སྒྱུ་འཕྲུལ་གྱིས།།
གདོད་ནས་དབང་བ་ཐམས་ཅད་བཅོམས་བྱས་ཏེ།།
ཀུན་ཡང་གཞི་མེད་སྟོང་བའི་ངོ་བོར་སྒྱུར།།

ད་དུང་གོ་སྐབས་ཅུང་ཙམ་ལྷག་འདུག་ཅེས།།
དགུན་ཟླ་མཐའ་མར་ཁྱོད་ལ་སྐད་ཅིག་བཏང༌།།
ཁ་པར་དྲིལ་ཆུང་རྣ་ལ་གཟན་པ་དེས།།
ང་ཡི་ཉེས་པའི་ངོ་གདོང་ཁྱོད་ལ་བསྟན།།
སྒོ་ཁྱི་བཙན་པོའི་སྲུང་མ་མངགས་པ་བཞིན།།
ཁོམ་པ་མི་འདུག་ཅེས་པའི་ཚིག་གཅིག་གིས།།
ང་ཡི་རེ་བའི་ཐེར་མ་ཚལ་བར་གཤགས།།

དེ་ཡི་རྗེས་ནས་གནམ་ལོ་གསར་བ་ཡི།།
སྟོན་མོའི་རྣམ་པས་ས་དང་བར་སྣང་གང༌།།
ཤ་དང་ཆང་གི་ཚོགས་ཀྱི་འཁོར་ལོའི་དབུས།།
ང་རང་གཅིག་བུར་ལུས་པའི་ངང་ཚུལ་གྱིས།།
སེམས་ནད་གསོ་བྱེད་ཉི་ཐིག་ཕྲ་མོ་ཡང༌།།
འོ་བརྒྱལ་དང་བཅས་རང་གི་ཡུལ་དུ་བསྐྱལ།།
མུན་པས་བྱས་པའི་མལ་ཁྲིར་རང་མདངས་རྒྱས།།

སྟག་གཟིག་དོམ་དྲེད་གཅན་གཟན་གདུག་པ་ཅན།།
འདྲིས་པའི་སྤུན་བཞིན་སེམས་ལ་མཆོངས་ནས་འོངས།།
རྡོ་དང་གྱོ་མོ་འདམ་གྱི་རྩིག་པ་སོགས།།
འགོག་པའི་བཙོན་ར་བཞིན་དུ་སྐྱེས་ནས་འོངས།།
ཁྱོད་ཀྱིས་ད་དུང་སྐྱོབ་པར་མི་བྱེད་ན།།
གནས་སའི་མཐའ་ལ་སྦྲེལ་བའི་སྤྲིན་དམར་དེས།།
འཆི་བའི་ལྭ་བ་ཐོག་ལ་བཀབ་ནས་འོངས།།

                      ༢༠༠༧ལོའི་ཟླ༣—༤བར་རྨ་ཆུ་ནས་སྦྱར་བའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བར་ཐག་གི་གླུ།༼བཅད་མ༽

2009-04-06 སྐྱ་བོ། ཀློག་གྲངས། མཆན ཡོད།

སེམས་པ་སྨྲ་བ་ཉུང་བས་བཅིངས་བྱས་ནས།།
རྫུན་དང་ཕྲ་མ་སྒྱུ་སོགས་མེད་མདོག་གིས།།
བྱིས་པའི་དུས་ཀྱི་རྩེད་གྲོགས་ཡིན་ཁུལ་གྱིས།།
ཁ་པར་ཁ་ཤས་ཐེངས་འགར་བཏང་རྗེས་སུ།།
གློག་འཕྲིན་ཡིག་ནོར་ཅན་འགའ་བསྐུར་ནའང༌།།
ཁྱོད་ཀྱིས་ང་ལ་ཁ་ཡ་བྱས་མ་སོང༌།།
ང་ནི་རང་གི་གནས་ན་ཧད་དེ་ལུས།།

གྲོང་གི་བུ་མོ་མགོ་དཀྲིས་དམར་བོ་ཅན།།
ས་རྡོ་འདྲེས་མའི་རྐང་ལམ་དོག་མོར་ཐལ།།
སྲང་གི་བུ་མོ་ཀོ་ལྷམ་ཡུ་རིང་ཅན།།
ཐྲིག་སྒྲ་དང་བཅས་ཁང་བརྩེགས་དོག་མོར་ཐལ།།
ང་ཡི་མདུན་གྱི་ཤེལ་སྒོ་དྭངས་མོ་རུ།།
ཁྱོད་རང་མེ་ཏོག་བཞིན་དུ་འབུར་ནས་ཡོང༌།།
བྲིས་པའི་རི་མོ་བཞིན་དུ་གསལ་ནས་ཡོང༌།།

སེམས་ལ་བབས་པའི་ས་རྡུལ་ཇེ་མང་རེད།།
ཁོམ་པ་མེད་ཀྱང་ཁོ་ཧྥེ་འཐུང་དུ་སོང༌།།
བོད་ལྭ་གྲ་དག་སྤྲས་པའི་ཞབས་ཞུ་མས།།
ཀུ་རེ་སློང་བཞིན་ཁྱོད་རང་རྒས་འདུག་ཟེར།།
གཞས་ཆུང་ཕྲ་མོས་བཏུམས་པའི་ཇ་ཁང་ནང༌།།
ཤོག་བུས་བཟོས་པའི་རྒྱན་པོ་འགྱེད་བྱེད་ལས།།
བཅུ་གཉིས་མ་དེ་ཁྱོད་ཀྱི་དོད་དུ་བླངས།།

ཨ་སྔོན་མཐོན་པོའི་ཁ་དོག་དཔེར་བྱས་ནས།།
མལ་ཐུལ་འཇམ་པོར་ཕྱི་མ་སྔོན་པོ་བརྒྱབ།།
ཞོ་གསར་སྤུངས་འདྲའི་སྤྲིན་པ་དཔེར་བྱས་ནས།།
སྔས་འབོལ་མཐོན་པོར་ཕྱི་མ་དཀར་བོ་བརྒྱབ།།
ཁྱོད་ཀྱིས་བཏང་བའི་གཞས་ལ་དཔེར་བྱས་ནས།།
སྒང་གཤོང་མང་བའི་རྨི་ལམ་རིང་བོར་རྨིས།།
ནམ་མཁའི་དབྱིངས་ནས་ཁྱོད་དང་འཕྲད་སྙིང་སྐྱེ།།

ཕར་ལ་བསྲིངས་པའི་ལག་པ་ཁ་བས་བརླན།།
ཚུར་ལ་བསྐུམས་པའི་རྐང་བ་རླུང་བུས་སྒུལ།།
གྲང་ངར་ཆེ་བའི་དགུན་གྱི་ནམ་ཟླ་ལ།།
བརྩེ་བའི་འཕྲིན་པ་དར་གྱི་སྒྲོམ་དུ་ཚུད།།
ཡི་གེའི་ཉ་མོ་ཕྱི་རུ་ཐོན་རེ་སྐད།།
སྐར་ཚོགས་མེ་སྟག་བཞིན་དུ་འཚུབ་པའི་ནང༌།།
ཁྱོད་ཀྱི་འདོད་པའི་མིག་ཞགས་གང་ཡིན་ནམ།།

མི་ཡི་ཚོགས་པའི་ལྕགས་རི་རིང་མོ་ལ།།
ལན་ཅིག་བསྙེས་པས་སྒལ་གཞུང་རྨ་ཡིས་ཟིན།།
ད་དུང་མདུན་དུ་གོམ་པ་སྤོ་དགོས་ཚེ།།
ཁྱོད་ཀྱི་ལང་ཚོ་ལ་ཁའི་དར་ལྕོག་དེར།།
ཁྲག་ཐིགས་དམར་བོའི་དར་ལྕེ་འདོགས་སྙིང་སྐྱེ།།
རླུང་དང་ཆར་བའི་འཇིགས་པ་སེལ་སྣང་སྐྱེ།།
མཆུ་དང་ལྕེ་ཡི་འཁྲུག་པ་མེད་སྣང་སྐྱེ།།

མི་ཚེ་སྒོར་སྒོར་ལས་ཀྱི་ཨ་ལོང་སྟེ།།
ཚེ་སྲོག་ཕྲ་མོ་དུས་ཀྱི་སྐུད་པ་ཉིད།།
བརྩེ་བ་ཆུང་ངུ་འཆི་ཁའི་འཕག་འཚག་དང༌།།
སྙན་ངག་འདི་འང་དེ་ཡི་ངུ་ཤུམ་ཙམ།།
དེའི་ཕྱིར་རྒྱང་རིང་ས་ལ་འཐེན་པའི་ལམ།།
ཤེད་ཀྱིས་འཐེན་ན་མདུན་དུ་སླེབ་གྱུར་ནས།།
ང་དང་ཁྱོད་ཀྱི་བར་ཐག་ཉེ་བར་འགྱུར།།

ཤོག་བུས་འབག་བཟོ་དུ་བས་མཚོན་ཆ་རྡུང༌།།
རྨི་ལམ་མཐུག་པོས་གར་གྱི་མཚེའུ་བསྐྱིལ།།
སྣང་བ་སྐྱིད་པའི་སྤྲེའུ་མགྲོན་དུ་བོས།།
ཤིག་དང་སྲོ་མའི་ཟས་ལ་རྔམ་གྱིས་རོལ།།
སྒྱུ་མའི་སྟོན་མོ་མཚོན་པའི་ག་ཞ་ཡིས།།
ང་རང་ཁྱོད་ལ་བཙན་གྱིས་བཅར་དུ་འཇུག།
ཁྱོད་རང་ང་ལ་ཧུར་གྱིས་འབྲོ་རུ་འཇུག།

ང་ནི་ཁ་ལོ་མེད་པའི་ཤོག་བྱ་དང༌།།
ཁྱོད་ནི་བླ་སྲོག་མེད་པའི་རླུང་བུ་འོ།།
ལས་ཀྱིས་མ་ཡིན་སྡིག་པའི་ཕུང་བོས་ཏེ།།
ཤུལ་ཏུ་ལྷག་པ་སེམས་ཀྱི་རྨ་ཁ་ཉིད།།
འཚེ་བའི་འོད་དང་ནམ་མཁའི་སྒྱུ་འཕྲུལ་གྱིས།།
གདོད་ནས་དབང་བ་ཐམས་ཅད་བཅོམས་བྱས་ཏེ།།
ཀུན་ཡང་གཞི་མེད་སྟོང་བའི་ངོ་བོར་སྒྱུར།།

ད་དུང་གོ་སྐབས་ཅུང་ཙམ་ལྷག་འདུག་ཅེས།།
དགུན་ཟླ་མཐའ་མར་ཁྱོད་ལ་སྐད་ཅིག་བཏང༌།།
ཁ་པར་དྲིལ་ཆུང་རྣ་ལ་གཟན་པ་དེས།།
ང་ཡི་ཉེས་པའི་ངོ་གདོང་ཁྱོད་ལ་བསྟན།།
སྒོ་ཁྱི་བཙན་པོའི་སྲུང་མ་མངགས་པ་བཞིན།།
ཁོམ་པ་མི་འདུག་ཅེས་པའི་ཚིག་གཅིག་གིས།།
ང་ཡི་རེ་བའི་ཐེར་མ་ཚལ་བར་གཤགས།།

དེ་ཡི་རྗེས་ནས་གནམ་ལོ་གསར་བ་ཡི།།
སྟོན་མོའི་རྣམ་པས་ས་དང་བར་སྣང་གང༌།།
ཤ་དང་ཆང་གི་ཚོགས་ཀྱི་འཁོར་ལོའི་དབུས།།
ང་རང་གཅིག་བུར་ལུས་པའི་ངང་ཚུལ་གྱིས།།
སེམས་ནད་གསོ་བྱེད་ཉི་ཐིག་ཕྲ་མོ་ཡང༌།།
འོ་བརྒྱལ་དང་བཅས་རང་གི་ཡུལ་དུ་བསྐྱལ།།
མུན་པས་བྱས་པའི་མལ་ཁྲིར་རང་མདངས་རྒྱས།།

སྟག་གཟིག་དོམ་དྲེད་གཅན་གཟན་གདུག་པ་ཅན།།
འདྲིས་པའི་སྤུན་བཞིན་སེམས་ལ་མཆོངས་ནས་འོངས།།
རྡོ་དང་གྱོ་མོ་འདམ་གྱི་རྩིག་པ་སོགས།།
འགོག་པའི་བཙོན་ར་བཞིན་དུ་སྐྱེས་ནས་འོངས།།
ཁྱོད་ཀྱིས་ད་དུང་སྐྱོབ་པར་མི་བྱེད་ན།།
གནས་སའི་མཐའ་ལ་སྦྲེལ་བའི་སྤྲིན་དམར་དེས།།
འཆི་བའི་ལྭ་བ་ཐོག་ལ་བཀབ་ནས་འོངས།།

                      ༢༠༠༧ལོའི་ཟླ༣—༤བར་རྨ་ཆུ་ནས་སྦྱར་བའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།