གནམ་མཚོ་ཕྱུག་མོའི་ནང་དུ་ལྷུང་བའི་ཁྲག་ཐིགས་གཅིག༼རང་མོས༽

རལ་གྲིའི་སོ་དང་མེ་མདའི་མཆེ་བར་ཞེད་དེ 
    མཚེར་ཤུལ་ནས་བསྐྱུར་བའི་པི་ཝང་འབྲུག་མགོ་མ་ཞིག
    སྤྱང་ཀིའི་ངུ་སྐད་དང་རླུང་གི་གཤོག་པས་བསྒུལ་བའི་སྒྲ་ཡིས
    ང་རང་ཕྱོགས་གཅིག་ཆང་རག་དང་ཕྱོགས་གཅིག་རྨི་ལམ་ཡིན་པའི
    འཚོ་བ་ལས་བཀྲོགས་ཤིང   ལག་པ་ཕར་བསྲིངས་པ་ཙམ་གྱིས
    དམག་རྟའི་རྨིག་པ་ཡིས་གཙུབས་པའི་ས་རྡུལ་སྤར་མོ་གང་རེ་ལོན་འོང

   ཕར་སོང་སྟེ  མིས་བཟོས་པའི་འོད་དང་ལྕེབས་ཐག་ཁ་ཤས་བརྒལ་རྗེས
   གནམ་མཚོ་ཕྱུག་མོ་མཛའ་མོའི་འདོད་ཆགས་ལྟ་བུ་དེ་མཐོང་ལ
   དེ་དང་འཇའ་ཚོན་འདྲེས་མཚམས་ནས
   ཨ་མྱེ་ལགས་ཀྱིས་ཚེ་སྲོག་གིས་བྲིས་པའི་གཏམ་རྒྱུད་དེའང་མཐོང་ཡོང

   ནང་དུ་ལྕེབས་སམ  ཡང་ན་ཕྱིར་ཐོན་ཡོང
   ཁྲག་ཐིགས་ཤིག་མདེའུ་རྣོན་པོ་ཞིག་དང་འདྲ་བར་མར་ལྷུང་རྗེས
   བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་འདི་ནས་ཁེགས་སོང་ལ
   གདོང་འབག་གིས་བརྩིགས་པའི་བསང་ཁྲིའི་སྟེང་དུ
   བསྟོད་གླུར་བསླད་པའི་བསང་རྫས་དག་འཕྲོ་རིམ་འཕྲོར་འཚིག་འོང
                                 2/17/2007

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།