མེ་ཏོག་ཅིག་གནམ་ནས་ལྷུང་སྲིད་དམ།༼ལྷུག་རྩོམ༽

      སློབ་མགོ་གསར་བ་ཚེས་མ་ཐག་ལས་བྲེལ་ཧ་ཅང་ཆེ་བས་ཐ་ན་ཟས་ཞིམ་པོ་ཟོས་ཏེ་ངལ་གསོ་བའི་ཁོམ་པ་ཙམ་ཡང་མི་འདུག དེའང་བདག་ནི་ལས་ཀ་ལྗི་མོ་ལས་མི་འདོད་ཀྱང་ལྟོ་སྲེད་ཆེ་བའི་མི་དེ་རིགས་ཀྱི་ཁོངས་སུ་གཏོགས་པས་ཆུང་ངུའི་དུས་ནས་བཟུང་ཁྱིམ་ཚང་གི་ནུབ་འཚལ་ཅི་ཞིག་ཡིན་པར་དོ་སྣང་བྱེད་པར་གོམས་ཡོད། ང་རང་གཞིས་སྡོད་བྱ་སའི་གྲོང་རྡལ་ཆུང་ངུ་འདིའི་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ་བས་དུས་ནམ་ཡང་ནང་དུ་འཛུལ་རྒྱུ་མིན་ན་ཉི་མའང་འཁྱོལ་དཀའ། ནང་དུ་འཛུལ་རྗེས་དོན་དག་ཅི་ཡོད་ཅེས་ན་གཞུང་དོན་སྒྲུབ་པ་ལས་གཞན་ཟས་ཟ་རྒྱུ་དང་བརྙན་འཕྲིན་གྱི་པར་སྒོ་ཕར་བརྗེ་ཚུར་བརྗེ་བྱ་བ། དྲ་བར་འཇུག་པ། དཔེ་དེབ་ཁ་ཤས་ཕར་སློག་ཚུར་སློག་བྱ་བ་བཅས་སོ།། ཉིན་མོའི་བྱ་བ་མཇུག་གྲིལ་རྗེས་མཚན་མོ་དུས་ལྟར་བསླེབ་ངེས་ལ་སྐབས་དེར་གློག་སྒྲོན་དང་མིག་ཟུང་གཉིས་མཉམ་དུ་གཟིམས་ནས་རྨི་ལམ་གྱི་ཞིང་ཁམས་ལ་འཇུག་དགོས། འོན་ཀྱང་དེང་སང་གཉིད་ལས་སད་མ་་ཐག་རྨི་ལམ་ཡོངས་རྫོགས་བོར་བརླག་ཐེབས་སྲིད་ཅིང་དེ་ནི་ཉིན་མོའི་བྱ་བར་མགོ་འཁོར་བས་ཡིན་པ་འདྲ།
     སྐབས་དང་མཚམས་སུ་ངའི་སེམས་ལ་ན་ཟུག་ལྷག་པ་ཞིག་སྐྱེས་འོངས་ཏེ། བྱིས་པའི་དུས་སུ་འཚར་ལོངས་འབྱུང་སའི་སྤང་ལྗོངས་དང་སྦྲ་ཧྲུལ། ཨ་ཕའི་ཁ་ཏོན་དང་ཨ་མའི་ལག་ལས། བྱིས་སྒྲུང་ཁྲོད་ཀྱི་སྲོག་ཆགས་དང་རྒྱལ་སྲས་སོགས་ལ་གཏན་དུ་ཁ་བྲལ་ཟིན་ལ་གློག་ཆས་ཕན་ཚུན་ལ་གནོད་པ་གཏོང་རེས་བྱེད་བཞིན་པའི་ཚག་སྒྲ་ཞིག་གིས་མི་ཚེ་དམ་ལ་འདོགས་བྱེད་ཀྱི་རེའུ་མིག་འགའ་གྲུབ་བཞིན་པ་དེས་གོང་གི་དེ་དག་གི་ཚབ་བྱེད་བཞིན་འདུག་པས་སོ།། དེའི་ཕྱིར་ངས་སྙན་ངག་ཅིག་འབྲི་ཕྱིར་གློག་ཀླད་ཀྱི་ཁ་ཕྱེ་མ་ཐག་ཡིད་ལ་ཤར་འོང་བ་ནི་རྩྭ་ལྗང་དང་སྤྲིན་དཀར་གྱིས་གཙོས་པའི་ལྷོད་ཆགས་པའི་ཐ་སྙད་ཀྱི་ཚོགས་པ་དེ་མ་ཡིན་པར་འབུ་སྲིན་དང་ཀུ་ཅོ། ཝུ་བ། ཆང་རག་སོགས་སེམས་ཀྱི་ཟིང་ཆ་ལས་བྱུང་བ་དག་ཡིན།
       སློབ་དེབ་རེ་མཆན་དུ་བཙིར་ནས་ཕར་འགྲོ་ཚུར་འགྲོ་བྱེད་དུས་སློབ་མ་ཆུང་ཆུང་ཚོས་མགོ་སྒུར་བར་བྱེད། འོན་ཀྱང་བདག་གིས་ཅི་ཞིག་ལ་མགོ་སྒུར་དགོས། ཉི་མའམ་རྒྱ་མཚོ་ཆེན་པོ། ལྐོག་གྱུར་གྱི་གནས་ལུགས་དག་མཚོན་བྱེད་ཀྱི་རི་རབ་ཀྱི་བང་རིམ་ལ་མགོ་སྒུར་རམ་ཡང་ན་གྲོད་ཁོག་ལུག་གེར་གད་མོ་ཆེན་པོ་འབྱིན་པར་དགའ་བའི་མི་ཆེན་ཞིག་ལ་མགོ་སྒུར། མི་ཞེས་པ་འདི་ཅི་ལྟར་ང་རྒྱལ་གྱིས་ཡར་འགྲེང་ནའང་མཐའ་མར་མར་སྒུར་འགྲོ། བྱ་འབབ་ས་ཚང་དང་མི་འབབ་ས་འཆི་བའི་དྲོད་ཞག་ལམ་མེར་འཁྱིལ་བའི་མལ་ས་རེད། མ་མཐའ་ཡང་ཁྱོད་དང་ང་ཡིས་ལོ་ངོ་གཉིས་གསུམ་གྱི་འཆར་གཞི་བསྟུད་མར་བཟོས་ཏེ་རང་ལ་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་ཡོད་པར་རེ་བ་འཆང་གིན་ཡོད་ནའང་ཆུ་ལོག་ཆེན་པོ་ཞིག་གམ་རླུང་འཚུབ་དྲག་པོ་ཞིག་གིས་ཁྱོད་དང་ང་ཡི་མ་འོངས་པ་དེ་ཐག་རིང་ཐག་རིང་ཞིག་ཏུ་ཁྱེར་མི་འགྲོ་བའི་ངེས་པ་ག་ལ་ཡོད།
          གསར་འགྱུར་གྱིས་དམག་འཁྲུག་རྒྱག་གིན་འདུག་ཟེར། འོན་ཀྱང་དེ་ནི་ང་ཚོའི་སྣང་བ་ཙམ་ཏེ་ཕྱིའི་རྒྱལ་ཁབ་ཁག་ཏུ་འབྱུང་བཞིན་པ་ཞིག་རེད། ལོ་རྒྱུས་གྱིས་བདེན་དོན་ཞིག་འཚོལ་རྒྱུ་འདུག་ཟེར། འོན་ཀྱང་དེ་ནི་རྒྱལ་བོའི་དབུ་རྒྱན་དང་བཙུན་མོའི་དོ་ཤལ་ཇི་བཞིན་ས་འོག་ལ་ཐིམ་ཚར་འདུག  རྩོམ་རིག་གིས་མིག་ཆུ་ཤམ་ཤམ་བཞུར་འོང་ཟེར། འོན་ཀྱང་མི་སྣ་དེ་ཚོ་ཆུ་བཞིན་བཞུར་འགྲོ་བ་ལས་ཁ་གྲག་མཁན་ནི་ཡིན་མི་འདུག  ཤུལ་ཏུ་བདག་མེ་ལོང་ནང་གི་རང་གི་ངོ་གདོང་ལ་ཅེར་ཞིང་མེ་ལོང་ཆག་གྲུམ་དུ་གྱུར་རྗེས་ངོ་གདོང་དེ་ཡལ་འགྲོ་སྣང་སྐྱེས། ཡིན་ནའང་ལག་པ་གཉིས་པོ་ང་རང་ལ་དབང་འདུག  ལག་པ་གཉིས་པོས་གར་མཁན་མ་རེ་དང་འདྲ་བར་གློག་ཀླད་ཀྱི་འཐེབ་གཞུང་སྒུལ་བར་བྱེད་ཅིང་ངས་སྤུན་ཆུང་མ་དེ་གཉིས་ཀར་གླ་ཆ་ཆེན་པོ་ཞིག་སྟེར་གྱིན་ཡོད་པ་འདྲ།
          གློ་བུར་གློ་བུར་ཏུ། སྒོ་ཕྱེ་འོང༌། སྒོ་བརྒྱབ་འགྲོ ནང་ལ་མི་ཞིག་འཛུལ་འོང༌།  མི་གཞན་ཞིག་ཀྱང་འཛུལ་འོང༌། སྔོན་མ་དེའི་ཁ་ན་སྐད་ཆ་གྲག་གིན་འདུག  རྗེས་མ་དེའི་ཁ་ན་རོལ་དབྱངས་གྲག་གིན་འདུག  ད་རུང་མི་ཞིག་ཡོད་པ་དེ་ནང་དུ་འཛུལ་མ་འོང་ཡང་ཁོའི་རྐང་བའི་རྡོག་སྒྲས་ནང་གི་མི་གཉིས་ཀྱི་སྐད་ཆ་དང་རོལ་དབྱངས་ལ་བར་ཆད་བཟོས་སོང༌། 
          ལོ་འདི་ནི་སྔོན་གྱི་ལོ་དག་དང་མི་འདྲ་སྟེ། དབྱར་ཁས་ཁ་ཕྱིར་འཁོར་རྗེས་རྒྱབ་ན་ཡོད་པ་ནི་སྟོན་ཁ་མ་ཡིན་པར་དགུན་ཁ་རང་རེད། ང་རང་དགུན་ཁར་ཧ་ཅང་སྡང་སྟེ། དེའི་ཁ་བའི་ནང་ན་ས་རྡུལ་ཡོད་ལ། དེའི་རླུང་འཚུབ་ནང་ན་ནད་ཡམས་ཡོད། དེས་བདག་གི་འོ་ཇ་མྱུར་བར་འཁྱག་ཏུ་འཇུག་ཅིང་བདག་གི་བརྩེ་དུངས་དར་སྒྲོམ་དུ་བཅུག་རྗེས་བདག་གི་ངང་མོ་ཐག་རིང་ལ་འཕུར་ཏུ་འཇུག དགུན་ཁ་མེ་ཏོག་གཅིག་ཀྱང་མཐོང་རྒྱུ་མེད། ངས་དགུན་ཁར་དྲི་བ་ཞིག་བཏོན་མྱོང་བ་སྟེ། མེ་ཏོག་ཅིག་གནམ་ནས་ལྷུང་སྲིད་དམ།
          ལོ་ངོ་མང་བོའི་སྔོན་དུ་སློབ་གྲྭ་འདིའི་ནང་དུ་པཎ་ཆེན་རིན་པོ་ཆེ་ཕེབས་མྱོང་ཟེར། ཁོང་གིས་སྐབས་དེའི་སློབ་གསོའི་གནས་བབས་ལེགས་པོ་མིན་པའི་ཚུལ་ལ་གཟིགས་རྗེས་རྫོང་དཔོན་སྐུ་ངོརལྟོ་རྐྱལ། འཇོག་མེད།ཅེས་བསྡིགས་མྱོང་སྐད། གལ་ཏེ་ཁོང་ད་དུང་ཡང་འདིར་ཐེངས་གཅིག་ཕེབས་སྲིད་ན་ང་ལའང་དེ་ལྟར་བསྡིག་ངེས་མོད་མཇུག་མཐརཁྱོད་ལ་ཁག་མི་འདུག  མི་འདི་ཚོ་གཅིག་ལས་གཅིག་བཙོག་པ་ལཟེར་སྲིད།
           དེ་རིང་སྔ་དྲོ་ངས་སློབ་མ་ཚོར་དོན་གྲུབ་རྒྱལ་གྱི<<རྐང་ལམ་ཕྲ་མོ>>ཁྲིད་པ་ཡིན། རྩོམ་དེའི་མཇུག་ན་དོན་གྲུབ་རྒྱལ་གྱིས་རྐང་ལམ་བོར་ཏེ་གཞུང་ལམ་གྱི་ཕྱོགས་སུ་གོམ་ཁ་བསྒྱུར་ཡོད་ལ་དེ་ནས་ཡུན་རིང་བོ་མ་འགོར་བར་ཁོས་རང་སྲོག་རང་གིས་བཅད་པ་རེད། ད་ལྟའི་དུས་སུ་ངས་རང་ཉིད་ཡོད་ས་དེ་རྐང་ལམ་མམ་གཞུང་ལམ་གང་ཡིན་པ་མི་ཤེས་ལ་རང་སྲོག་ཀྱང་གཅོད་མི་ཐུབ། ང་ནི་གཞུང་ལས་ཁང་ན་ཆུ་རྒོད་མཚམས་མེད་དུ་འཐུང་སྟེ་སྡོད་མཁན་ཞིག་ཡིན། ངས་སྒྲུབ་བཞིན་པ་ནི་དགེ་རྒན་གྱི་ལས་ཀ་ཡིན་ནའང་སྐྱོང་བཞིན་པ་དེ་སློབ་གསོ་ཟེར་བ་དེ་ཡིན་མིན་ཡང་གསལ་བོ་བཤད་ཐབས་བྲལ། ཅི་བྱ་གཏོལ་མེད་དུ་སྡོད་དགོས་པའི་རྐྱེན་གྱིས་ང་རང་གཟེར་མ་ཆུང་ཆུང་ཞིག་གམ་འབར་ཞུན་རྐང་གཅིག  ཡང་ན་འབར་ནས་གཟིམས་ལ་ཉེ་བའི་ལཱ་སྒྲོན་རྐང་གཅིག་ཏུ་གྱུར་བ་སུ་ལ་བཤད།
           ཐག་རིང་གི་གྲོང་ཁྱེར་གྱི་མི་དགལྷ་ས། ལྷ་ས” “བོད་ཡུལ། བོད་ཡུལཟེར་བར་དགའ་ཞིང་ཐག་་རིང་གི་དམྱལ་ཁམས་ཀྱི་མི་དག ཨ་ཚ། ཨ་ཚ” “ཨ་ན། ཨ་ནཟེར་བར་སྤྲོ། རླངས་འཁོར་དང་རླངས་འཁོར་བྱས་ཏེ་འོང་བའི་མི་འདི་དག་གི་རྡོག་ཁྲེས་ནང་ན་ཅ་ལག་ལྷག་མ་མང་པོ་ཞིག་འདུག ཁོ་ཚོས་རང་ཉིད་མ་ཟད་ཁྱིམ་མཚེས་ཀྱི་ཁྱི་གུའང་ཁུར་འདུག ཁོ་ཚོས་ངལ་གསོ་ཞོར་དུ་སྨན་མང་པོ་འཐུང་གིན་འདུག སྨན་འཐུང་རྗེས་ཟས་ཀྱང་མང་པོ་ཟ་བཞིན་འདུག ཁོ་ཚོ་ཕྱིར་རང་གི་ཡུལ་ལ་ལོག་རྗེས་ང་ལ་འཕྲིན་ཡིག་གཏན་ནས་མི་སྐུར།
        
  མེ་ཏོག་ཅིག་གནམ་ནས་ལྷུང་སྲིད་དམ། དུས་ཚོད་ཁེགས་བྱེད་ཀྱི་མཛེས་ཤིང་ཡི་གར་འོངས་པའི་མེ་ཏོག་ཅིག་གནམ་ནས་ལྷུང་སྲིད་དམ།
                                                                                                          
  2006-09-21རྨ་ཆུ་རྫོང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།