དུས་ཚོད།༼རང་མོས༽

 

ལག་མགོའི་ཆུ་ཚོད་འཁོར་ལོའི་ནང་དུ་དུས་ཚོད་ཤར་འདུག
བརྙན་འཕྲིན་གྱི་ཤེལ་ལེབ་ངོས་སུ་དུས་ཚོད་དོད་འདུག
གློག་ཀླད་ཀྱི་ཟུར་ངོས་ཤིག་ཏུའང་དུས་ཚོད་བབས་འདུག
རླངས་འཁོར་གྱི་མདུན་དང  རྩིག་ལྡེབས་ཀྱི་ངོས་ནས་ཀྱང
མིག་ཅིག་ཟུམ་ཟུམ་དུ་འགུལ་བ་ལྟར་དུས་ཚོད་འབུར་ཡོང
དེ་ལྟ་ནའང
རྨི་ལམ་གྱི་མཚོ་རླབས་ཐེངས་འགར་འཁྲིགས་པས
ལྕགས་ཐག་ཅིག་དང་འདྲ་བའི་དུས་ཚོད་དེ་དུམ་བུར་གཏུབས་ཤིང
ཨང་གྲངས་ཤིག་དང་འདྲ་བའི་དུས་ཚོད་དེ་ཉོག་ཉོག་པོར་བྱས་སོང
གནས་དེ་ནས
རྐང་རྗེན་ལ་ཕར་བརྒྱུགས་ཚེ
བྱིས་དུས་ཀྱི་རྩེད་རའང་རྙེད་པར་ངེས་སོ
                    2011ལོའི་ཟླ 5ཚེས 25 ཉིན། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཚོད།༼རང་མོས༽

 

ལག་མགོའི་ཆུ་ཚོད་འཁོར་ལོའི་ནང་དུ་དུས་ཚོད་ཤར་འདུག
བརྙན་འཕྲིན་གྱི་ཤེལ་ལེབ་ངོས་སུ་དུས་ཚོད་དོད་འདུག
གློག་ཀླད་ཀྱི་ཟུར་ངོས་ཤིག་ཏུའང་དུས་ཚོད་བབས་འདུག
རླངས་འཁོར་གྱི་མདུན་དང  རྩིག་ལྡེབས་ཀྱི་ངོས་ནས་ཀྱང
མིག་ཅིག་ཟུམ་ཟུམ་དུ་འགུལ་བ་ལྟར་དུས་ཚོད་འབུར་ཡོང
དེ་ལྟ་ནའང
རྨི་ལམ་གྱི་མཚོ་རླབས་ཐེངས་འགར་འཁྲིགས་པས
ལྕགས་ཐག་ཅིག་དང་འདྲ་བའི་དུས་ཚོད་དེ་དུམ་བུར་གཏུབས་ཤིང
ཨང་གྲངས་ཤིག་དང་འདྲ་བའི་དུས་ཚོད་དེ་ཉོག་ཉོག་པོར་བྱས་སོང
གནས་དེ་ནས
རྐང་རྗེན་ལ་ཕར་བརྒྱུགས་ཚེ
བྱིས་དུས་ཀྱི་རྩེད་རའང་རྙེད་པར་ངེས་སོ
                    2011ལོའི་ཟླ 5ཚེས 25 ཉིན། 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།