སྒྲོལ་མའི་ཚོགས་ཞིང་།


ཁྲ་ཆིལ་དགུ་ཆིལ་གྱི་སྐར་མ
བླ་མཚོའི་ཁ་ན་སྤྲིས་མ་བཞིན་སྲབ་བུར་ཆགས་པ་དེ
མཛའ་བོ་དྲན་ནས་མིག་བཙུམས་ཐེངས་གཅིག་གིས་བསུབ་པར
མ་གནང་རོགས

འུར་རྡོའི་ལྕག་སྐད་ཅིག་གིས
མི་ལོ་ཁ་ཤས་བར་སྣང་ལ་ཁུར་སོང་ཞིང
སྒྲོལ་མའི་ཚོགས་ཞིང་གསལ་ལ་མི་གསལ་བ་ཞིག
སེམས་པའི་ངོས་སུ་ལྷན་པོ་བཞིན་འབྱར

ཆུ་ནང་ནས་ལུས་པའི་ཨ་ཀྲད་དེ
འཁྱག་རོམ་གྱིས་ཟིན་ནས་ཡུན་རིང་འགོར་རྗེས
རྐང་བ་ཟུང་ཁ་བའི་གཏིང་དུ་ཟུག་ནས་རེངས་པར་གྱུར་བའི
མི་ཡི་འགྱུར་རྡོ་འདིས  ད་དུང་ཡང
སྔོ་བསང་གི་ནམ་མཁའ་དང་དེའི་གཅེར་བུའི་ལུས་པོ་ལ
ལྐོག་ལྟ་བྱས་འདུག
                     3/23/06
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲོལ་མའི་ཚོགས་ཞིང་།


ཁྲ་ཆིལ་དགུ་ཆིལ་གྱི་སྐར་མ
བླ་མཚོའི་ཁ་ན་སྤྲིས་མ་བཞིན་སྲབ་བུར་ཆགས་པ་དེ
མཛའ་བོ་དྲན་ནས་མིག་བཙུམས་ཐེངས་གཅིག་གིས་བསུབ་པར
མ་གནང་རོགས

འུར་རྡོའི་ལྕག་སྐད་ཅིག་གིས
མི་ལོ་ཁ་ཤས་བར་སྣང་ལ་ཁུར་སོང་ཞིང
སྒྲོལ་མའི་ཚོགས་ཞིང་གསལ་ལ་མི་གསལ་བ་ཞིག
སེམས་པའི་ངོས་སུ་ལྷན་པོ་བཞིན་འབྱར

ཆུ་ནང་ནས་ལུས་པའི་ཨ་ཀྲད་དེ
འཁྱག་རོམ་གྱིས་ཟིན་ནས་ཡུན་རིང་འགོར་རྗེས
རྐང་བ་ཟུང་ཁ་བའི་གཏིང་དུ་ཟུག་ནས་རེངས་པར་གྱུར་བའི
མི་ཡི་འགྱུར་རྡོ་འདིས  ད་དུང་ཡང
སྔོ་བསང་གི་ནམ་མཁའ་དང་དེའི་གཅེར་བུའི་ལུས་པོ་ལ
ལྐོག་ལྟ་བྱས་འདུག
                     3/23/06
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།