མཚན་གང་བོར།
ངས་མཚན་གང་བོར་རང་གི་གྱོན་གོས་ལག་ལ་བཟུང་ནས་བསྡད
ནམ་ལངས་ཁར དེ་ནི་རང་གི་ལུས་པོའི་གྲིབ་མ་རེད་སྙམ
ནམ་ལངས་ཁར དེ་ནི་རང་གི་ལུས་པོའི་གྲིབ་མ་རེད་སྙམ
དེའི་ཕྱི་ཉིན་གྱི་མཚན་གང་བོར ང་རང་གི་གཅེར་བུའི་ལུས་པོར་ཅེར་བསྡད
ནམ་ལངས་ཁར དེ་ནི་རང་གི་སེམས་པའི་གྲིབ་མ་རེད་སྙམ
ཡང་དེའི་ཕྱི་ཉིན་གྱི་མཚན་གང་བོར ངས་རང་གི་སེམས་པར་བལྟས་ནས་བསྡད
ནམ་ལངས་ཁར ནམ་ལངས་སོང་སྙམ་བྱུང
2011/3/2
རྩོམ་ཁུངས། ངེད་དྲ་བ།