རབ་ཏུ་འབྱམས་པ།

 

འདི་དག་ནི་གཟུགས་ཏེ
དེ་དག་ནི་གཟུགས་མེད་པའོ
གཟུགས་ནི་ཐ་སྙད་ལས་སྐྱེས་ཤིང
གཟུགས་མེད་པ་ནི་སེམས་ལས་སྐྱེས་པའོ
ལས་ནི་གཙང་བོ་དང
འཁོར་བ་ནི་གཙང་བོའི་རླབས་སོ
རླབས་ཀྱིས་དེད་པའི་རྨི་ལམ་གྱི་གྲུ་བོ་ཆེ་དེའི་ནང་ན
ང་དང་ཁྱོད་ཀྱི་ཁོ་དང་ཁོ་མོའི
རྒྱན་ཆ་དང་ཤོག་དངུལ་དང་རྩེད་ཆས་དང་སྡོད་ཁང་དང
གྱོན་གོས་དང་མིག་ཆུ་དང་སྙན་ངག་དང་འདོད་སྲེད་ཡོད་དོ
འདི་ནི་ཤིན་ཏུ་མཛེས་པ་དང་
དེ་ནི་རབ་ཏུ་མི་སྡུག་པར་འདོད་པ་ཇི་བཞིན
གསེར་ལ་རེག་པས་དྲོ་བ་དང
རྡོ་བར་འཕྲད་པས་འཁྱག་པར་འགྱུར་བ་ནི
ལག་པ་འདིའི་ཡོན་ཏན་ནོ
ལག་པ་འདི་ཆད་པར་གྱུར་ན
སེམས་ལས་གཞན་གང་ལའང་མི་གནོད་ཀྱི
ལག་པ་འདི་མ་ཆད་པས
ཐམས་ཅད་ལ་གནོད་དོ
སེམས་ལས་སྐྱེས་པའི་ལག་པ་འདི་ཉིད་ཆད་པར་གྱུར་ན་ནི
གཟུགས་མེད་པའོ
གལ་ཏེ་གཟུགས་ཡོད་པར་མཐོང་ན་ནི
རྨི་ལམ་མོ
རྨི་ལམ་གྱི་གྲུ་བོ་ཆེ་དེའི་ནང་ན
ལག་པ་འདིའི་ཤུབས་དང་རྒྱན་དང་དཀྲིས་སོགས་མ་ཚང་བ་མེད་དོ
གལ་སྲིད་གཟུགས་མེད་པས་གཟུགས་ཉིད་མཐོང་ན
གཟུགས་དག་ཀྱང་གཟུགས་མེད་པར་འགྱུར་རོ
འོན་ཀྱང་དེ་ནི་མི་སྲིད་དོ
                               2011/2/2

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རབ་ཏུ་འབྱམས་པ།

 

འདི་དག་ནི་གཟུགས་ཏེ
དེ་དག་ནི་གཟུགས་མེད་པའོ
གཟུགས་ནི་ཐ་སྙད་ལས་སྐྱེས་ཤིང
གཟུགས་མེད་པ་ནི་སེམས་ལས་སྐྱེས་པའོ
ལས་ནི་གཙང་བོ་དང
འཁོར་བ་ནི་གཙང་བོའི་རླབས་སོ
རླབས་ཀྱིས་དེད་པའི་རྨི་ལམ་གྱི་གྲུ་བོ་ཆེ་དེའི་ནང་ན
ང་དང་ཁྱོད་ཀྱི་ཁོ་དང་ཁོ་མོའི
རྒྱན་ཆ་དང་ཤོག་དངུལ་དང་རྩེད་ཆས་དང་སྡོད་ཁང་དང
གྱོན་གོས་དང་མིག་ཆུ་དང་སྙན་ངག་དང་འདོད་སྲེད་ཡོད་དོ
འདི་ནི་ཤིན་ཏུ་མཛེས་པ་དང་
དེ་ནི་རབ་ཏུ་མི་སྡུག་པར་འདོད་པ་ཇི་བཞིན
གསེར་ལ་རེག་པས་དྲོ་བ་དང
རྡོ་བར་འཕྲད་པས་འཁྱག་པར་འགྱུར་བ་ནི
ལག་པ་འདིའི་ཡོན་ཏན་ནོ
ལག་པ་འདི་ཆད་པར་གྱུར་ན
སེམས་ལས་གཞན་གང་ལའང་མི་གནོད་ཀྱི
ལག་པ་འདི་མ་ཆད་པས
ཐམས་ཅད་ལ་གནོད་དོ
སེམས་ལས་སྐྱེས་པའི་ལག་པ་འདི་ཉིད་ཆད་པར་གྱུར་ན་ནི
གཟུགས་མེད་པའོ
གལ་ཏེ་གཟུགས་ཡོད་པར་མཐོང་ན་ནི
རྨི་ལམ་མོ
རྨི་ལམ་གྱི་གྲུ་བོ་ཆེ་དེའི་ནང་ན
ལག་པ་འདིའི་ཤུབས་དང་རྒྱན་དང་དཀྲིས་སོགས་མ་ཚང་བ་མེད་དོ
གལ་སྲིད་གཟུགས་མེད་པས་གཟུགས་ཉིད་མཐོང་ན
གཟུགས་དག་ཀྱང་གཟུགས་མེད་པར་འགྱུར་རོ
འོན་ཀྱང་དེ་ནི་མི་སྲིད་དོ
                               2011/2/2

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།