སྲང་ནས་མཁའ་སྤྱོད་མའི་སྐུ་ཉོས་པ།༼རང་མོས༽


མིའི་རིགས་ཀྱི་ལོངས་སྤྱོད་ཧྲིལ་བོ་ནུབ་ཁའི་མཚམས་སྤྲིན་འདིས་མཚོན་ནུས་ཏེ
རླུང་བས་ཀྱང་སྒུལ་བར་མི་བྱེད་པར་ལྷིང་འཇགས་སུ་གནས
འོད་སྣང་གྱ་གྱུས་མཚན་པའི་ནམ་མཁའ་ནི
དེ་ཡི་ལྐོག་གྱུར་གྱི་ཕ་ཡུལ་ཡིན་ནོ
ཕ་ཡུལ་དེ་ལས་ངག་མི་སྨྲ་བའི་བུ་མོ་ཞིག་ཡོང་
མོས་མི་ཚོགས་ཀྱི་གསེབ་ནས་རླུང་འགོག་བྱེད་ཀྱི་ཁ་ཡོལ་བརྒྱབ་འདུག
མོས་ལག་བརྡར་བརྟེན་ནས་ང་ལ་བུ་མོ་གཞན་ཞིག་གི་འདྲ་པར་བཙོང་
ང་ཡིས་མོ་ལ་དངུལ་སྦྱིན་མ་ཐག་མོ་མི་ཚོགས་སུ་ཐིམ་ནས་མི་སྣང་བར་གྱུར
ངས་ནུབ་ཕྱོགས་ཀྱི་མཁའ་མཐར་ཐེངས་གཅིག་བལྟས་ནའང་
མཚམས་སྤྲིན་དེ་མུན་པ་རབ་རིབ་ལ་འདྲེས་ནས་མེད་པར་གྱུར་འདུག
འོན་ཀྱང་ མཚན་མོ་དེར
ངས་འདྲ་པར་དེའི་ངོས་ནས སླར་ཡང་མཚམས་སྤྲིན་དེ་མཐོང་བྱུང༌།
     
                   ༢༠༠༣ ༡༠ ༣༠

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲང་ནས་མཁའ་སྤྱོད་མའི་སྐུ་ཉོས་པ།༼རང་མོས༽

2010-11-15 སེང་གེ་རྒྱལ་པོ། ཀློག་གྲངས། མཆན ཡོད།


མིའི་རིགས་ཀྱི་ལོངས་སྤྱོད་ཧྲིལ་བོ་ནུབ་ཁའི་མཚམས་སྤྲིན་འདིས་མཚོན་ནུས་ཏེ
རླུང་བས་ཀྱང་སྒུལ་བར་མི་བྱེད་པར་ལྷིང་འཇགས་སུ་གནས
འོད་སྣང་གྱ་གྱུས་མཚན་པའི་ནམ་མཁའ་ནི
དེ་ཡི་ལྐོག་གྱུར་གྱི་ཕ་ཡུལ་ཡིན་ནོ
ཕ་ཡུལ་དེ་ལས་ངག་མི་སྨྲ་བའི་བུ་མོ་ཞིག་ཡོང་
མོས་མི་ཚོགས་ཀྱི་གསེབ་ནས་རླུང་འགོག་བྱེད་ཀྱི་ཁ་ཡོལ་བརྒྱབ་འདུག
མོས་ལག་བརྡར་བརྟེན་ནས་ང་ལ་བུ་མོ་གཞན་ཞིག་གི་འདྲ་པར་བཙོང་
ང་ཡིས་མོ་ལ་དངུལ་སྦྱིན་མ་ཐག་མོ་མི་ཚོགས་སུ་ཐིམ་ནས་མི་སྣང་བར་གྱུར
ངས་ནུབ་ཕྱོགས་ཀྱི་མཁའ་མཐར་ཐེངས་གཅིག་བལྟས་ནའང་
མཚམས་སྤྲིན་དེ་མུན་པ་རབ་རིབ་ལ་འདྲེས་ནས་མེད་པར་གྱུར་འདུག
འོན་ཀྱང་ མཚན་མོ་དེར
ངས་འདྲ་པར་དེའི་ངོས་ནས སླར་ཡང་མཚམས་སྤྲིན་དེ་མཐོང་བྱུང༌།
     
                   ༢༠༠༣ ༡༠ ༣༠

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།