དེ་རིང་ཁ་སང་།༼བཅད་མ༽

     
དེ་རིང་ཁ་སང་ལ།། གོ་རྒྱུ་ཇེ་མང་རེད།།
 མ་ཉན་ཉལ་བ་ན།། རྨི་ལམ་ཇེ་འཁྲུག་རེད།།

ས་བདག་རྒན་པོ་དེའི།། སྙིང་ཁམས་འཁྲུག་ཚོད་རེད།།
ཉི་མ་སེར་བོ་དེ།། དམར་པོར་གྱུར་ཚོད་རེད།།
 
དབུལ་བོའི་ཟུངས་ཁྲག་གིས།། ཕྱུག་པོ་རྒྱགས་པོར་ཆགས།།
བླུན་པོའི་དྲང་བདེན་ལས།། མཁས་པས་གཡོ་སྒྱུ་སློབ།།
 
དེ་རིང་ཁ་སང་ལ།། ཆུ་ནི་རུལ་བ་རེད།།
མཁའ་ནི་བཙོག་པ་རེད།། ས་ནི་ཚ་བ་རེད།།
 
སེམས་ཀྱི་དམྱལ་བ་ན།། ལས་མཁན་འཚང་ཁ་རྒྱག།
སྡིག་པའི་རྐང་ལག་གིས།། སྡིག་པ་ར་ཙ་འཁྲབ།།
 
རྣམ་ཤེས་ཁྲི་འབུམ་ནི།། གནས་ཡུལ་མེད་པར་འཁྱམ།།
ཁང་སྟོང་ཁྲི་འབུམ་ནི།། འགྲུལ་བ་མེད་པར་ལུས།།
 
དེ་རིང་ཁ་སང་ལ།། མི་ཡི་གྲོག་ཚང་དེ།།
སློག་མཁན་མང་པོ་འདུག། རྒྱུ་རྐྱེན་ཆ་མ་འཚལ།།

དཔྱོད་པའི་ཁབ་རྩེ་དེ།། རྣོ་ཙམ་ཡོད་ནའང་།།
སྲ་མོ་མི་འདུག་པས།། ཀུན་གྱི་ལག་ནས་ཆག།

མཆུ་ཏོའི་རྩོད་པ་དེས།། མཁའ་དང་བར་སྣང་གང་།།
སྨྲ་མཁན་ནད་པ་དག། དོང་དང་ཕུག་པར་འཚང་།།

དེ་རིང་ཁ་སང་ལ།། དམ་པ་ཉུང་བ་སྟེ།།
དམ་པའི་སྐྱི་ལྤགས་ཤིག། གཙོ་བོར་དབང་ཚོད་རེད།།

འཁོར་འབངས་ཉམ་ཐག་དག། རང་གི་མལ་ཐུལ་ནང་།།
མི་འཛུལ་ཀ་མེད་དེ།། འབུ་དང་ག་ཞས་དཀྲོགས།།

གཉིད་ལས་སད་པ་ན།། ལག་པ་སྟོང་བ་དག།
སྡོང་བོའི་ཡལ་ཀ་བཞིན།། ཁྱོད་ལ་དམ་དུ་འཁྲིལ།།
                         2010/10/1
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་ཁ་སང་།༼བཅད་མ༽

2010-10-01 སེང་གེ་རྒྱལ་བོ། ཀློག་གྲངས། མཆན ཡོད།

     
དེ་རིང་ཁ་སང་ལ།། གོ་རྒྱུ་ཇེ་མང་རེད།།
 མ་ཉན་ཉལ་བ་ན།། རྨི་ལམ་ཇེ་འཁྲུག་རེད།།

ས་བདག་རྒན་པོ་དེའི།། སྙིང་ཁམས་འཁྲུག་ཚོད་རེད།།
ཉི་མ་སེར་བོ་དེ།། དམར་པོར་གྱུར་ཚོད་རེད།།
 
དབུལ་བོའི་ཟུངས་ཁྲག་གིས།། ཕྱུག་པོ་རྒྱགས་པོར་ཆགས།།
བླུན་པོའི་དྲང་བདེན་ལས།། མཁས་པས་གཡོ་སྒྱུ་སློབ།།
 
དེ་རིང་ཁ་སང་ལ།། ཆུ་ནི་རུལ་བ་རེད།།
མཁའ་ནི་བཙོག་པ་རེད།། ས་ནི་ཚ་བ་རེད།།
 
སེམས་ཀྱི་དམྱལ་བ་ན།། ལས་མཁན་འཚང་ཁ་རྒྱག།
སྡིག་པའི་རྐང་ལག་གིས།། སྡིག་པ་ར་ཙ་འཁྲབ།།
 
རྣམ་ཤེས་ཁྲི་འབུམ་ནི།། གནས་ཡུལ་མེད་པར་འཁྱམ།།
ཁང་སྟོང་ཁྲི་འབུམ་ནི།། འགྲུལ་བ་མེད་པར་ལུས།།
 
དེ་རིང་ཁ་སང་ལ།། མི་ཡི་གྲོག་ཚང་དེ།།
སློག་མཁན་མང་པོ་འདུག། རྒྱུ་རྐྱེན་ཆ་མ་འཚལ།།

དཔྱོད་པའི་ཁབ་རྩེ་དེ།། རྣོ་ཙམ་ཡོད་ནའང་།།
སྲ་མོ་མི་འདུག་པས།། ཀུན་གྱི་ལག་ནས་ཆག།

མཆུ་ཏོའི་རྩོད་པ་དེས།། མཁའ་དང་བར་སྣང་གང་།།
སྨྲ་མཁན་ནད་པ་དག། དོང་དང་ཕུག་པར་འཚང་།།

དེ་རིང་ཁ་སང་ལ།། དམ་པ་ཉུང་བ་སྟེ།།
དམ་པའི་སྐྱི་ལྤགས་ཤིག། གཙོ་བོར་དབང་ཚོད་རེད།།

འཁོར་འབངས་ཉམ་ཐག་དག། རང་གི་མལ་ཐུལ་ནང་།།
མི་འཛུལ་ཀ་མེད་དེ།། འབུ་དང་ག་ཞས་དཀྲོགས།།

གཉིད་ལས་སད་པ་ན།། ལག་པ་སྟོང་བ་དག།
སྡོང་བོའི་ཡལ་ཀ་བཞིན།། ཁྱོད་ལ་དམ་དུ་འཁྲིལ།།
                         2010/10/1
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།