ཕྱི་དྲོ།༼རང་མོས༽

འུ་གཉིས་གདོང་ཕན་ཚུན་ལ་གཏད་ནས་ཡུན་རིང་བར་ལུས་རྗེས
ལྷ་སའམ་མངའ་རིས་དང་དར་རྩེ་མདོ་སོགས་གླེང་ལ
རྒྱལ་མོ་ཚ་བ་རོང་གི་རྡོ་མཁར་འགའ
མདུང་གི་རྩེ་མོ་བཞིན་སྤྲིན་དཀར་གྱི་ཁོང་སྙིང་དུ་ཟུག་ཚུལ་གླེང
ཤོག་ཧྲུལ་གྱིས་བཟོས་པའི་སྤྲིན་པ་ལས
ཆར་བ་སྐྱ་བོ་ཤག་ཤག་ཏུ་བབས
འུ་གཉིས་བྲེལ་འཚུབ་ཀྱིས་སྒོའི་ཕྱིར་འོངས་པས
ཆར་གདུགས་དང་ཕྱི་གོས་བརྗེད་པར་གྱུར་ནའང
ཁྱོད་ཀྱི་གདོང་གི་ཀུ་ཤུའི་དམར་མདངས་ཀྱིས
ང་ཡི་ཚི་ལེན་དང་པོ་ཏ་ལའི་རྒྱལ་མཚན་གཉིས
དུས་གཅིག་ཏུ་བསྲེགས
རང་གིས་གྲིབ་མ་ཁོ་ནར་ཁེན་པའི་བོད་མི་ཕོ་མོ་གཉིས
དེ་ལྟར་མི་ཚོགས་ཀྱི་གསེང་ནས་ཨུ་ཚུགས་ཀྱིས་འགྲེང་བསྡད
         ༢༠༡༠ལོའི་ཟླ༧པའི་ཚེས༩ཉིན་རྨ་ཆུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱི་དྲོ།༼རང་མོས༽

འུ་གཉིས་གདོང་ཕན་ཚུན་ལ་གཏད་ནས་ཡུན་རིང་བར་ལུས་རྗེས
ལྷ་སའམ་མངའ་རིས་དང་དར་རྩེ་མདོ་སོགས་གླེང་ལ
རྒྱལ་མོ་ཚ་བ་རོང་གི་རྡོ་མཁར་འགའ
མདུང་གི་རྩེ་མོ་བཞིན་སྤྲིན་དཀར་གྱི་ཁོང་སྙིང་དུ་ཟུག་ཚུལ་གླེང
ཤོག་ཧྲུལ་གྱིས་བཟོས་པའི་སྤྲིན་པ་ལས
ཆར་བ་སྐྱ་བོ་ཤག་ཤག་ཏུ་བབས
འུ་གཉིས་བྲེལ་འཚུབ་ཀྱིས་སྒོའི་ཕྱིར་འོངས་པས
ཆར་གདུགས་དང་ཕྱི་གོས་བརྗེད་པར་གྱུར་ནའང
ཁྱོད་ཀྱི་གདོང་གི་ཀུ་ཤུའི་དམར་མདངས་ཀྱིས
ང་ཡི་ཚི་ལེན་དང་པོ་ཏ་ལའི་རྒྱལ་མཚན་གཉིས
དུས་གཅིག་ཏུ་བསྲེགས
རང་གིས་གྲིབ་མ་ཁོ་ནར་ཁེན་པའི་བོད་མི་ཕོ་མོ་གཉིས
དེ་ལྟར་མི་ཚོགས་ཀྱི་གསེང་ནས་ཨུ་ཚུགས་ཀྱིས་འགྲེང་བསྡད
         ༢༠༡༠ལོའི་ཟླ༧པའི་ཚེས༩ཉིན་རྨ་ཆུ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།