ཕངས་སེམས།

                                ཕངས་སེམས།

                                           __ཡུལ་ཤུལ་གྱི་ས་ཡོམ་ལ་བྲིས་པ།

མེ་ཏོག་ཅིག་ཤེལ་དམ་དག་གས་ཆག་ཏུ་སོང་བ་བཞིན་འཐོར་སོང

མེ་ཏོག་གཅོག་བྱེད་ཀྱི་རླུང་གི་ལག་པའང་ཁྲག་རྣག་གིས་སྦགས་སོང

ཁྲག་རྣག་ལ་འབྱར་བའི་འབུ་སྲིན་དག་ཉི་འོད་ཀྱིས་རུལ་སོང

མུན་པ་སྲབ་མོས་ས་འོག་ལས་འབུར་བའི་དཔེ་དེབ་ངོས་ཀྱི་དབྱངས་གསལ་དག་དལ་མོ་བསུབ་དུས

གློ་བུར་ཏུ་གློག་དམར་གྱི་འཇིགས་པས་སུ་ཞིག་དངངས་པར་བྱེད

ང་ཡི་ཚེ་རིང་པད་དཀར   རྩིས་འཁོར་གྱི་ཕ་རོལ་ན་ཁྱོད་ཀྱིས་འཐེབ་གཞུང་ཞིག་སྤྲིན་དཀར་ལྟར་སྒུལ་ལམ

སའི་གོ་ལས  ང་ཡི་བརྩེ་འཕྲིན་དག་ཀྱང་ཁྱུར་མིད་བཏང་སོང་ངམ

རྩིག་ལྡེབས་ཀྱི     སྡིག་པ་ར་ཙ་ཡོམ་ཡོམ་འགུལ

སྲང་ལ་བཞུར་བའི  གཙང་བོ་དམར་པོ་དེའང་ཡོམ་ཡོམ་འགུལ

འཆི་འཕོའི་སྟ་གོན་ལ་ཞུགས་པའི   ང་ཡི་ལུས་པོའང་ཤོག་བྱ་ཞིག་ལྟར་ཡོམ་ཡོམ་འགུལ

                                   ༢༠༡༠ལོའི་ཟླ༤བའི་ཚེས༡༥ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།