ཤི་སོང་བའི་ཁྱི་གུ་ཞིག་དྲན་པ།༼རང་མོས༽

ཤེལ་ཁྲ་དང་གློག་ཞུས་མཛེས་པའི་ཟློས་གར་ཁང་ཞིག་ན

ལྟད་མོ་བ་མང་པོས་བསྐོར་ཡོད་པ་ལྟར

མཚམས་མེད་པར་རྩེད་བྲོ་ལྡིང་བའི་ཚུལ་དེས

སྐབས་དེར་འཐོར་བཞིན་པའི་ཁ་བ་རེ་རེ

མཛའ་མོའི་སྐྲ་གསེབ་ལ་འཐོར་བའི་མེ་ཏོག་གི་འདབ་མར་བསྒྱུར་སོང

ལྭ་བའི་ཐུ་འདབས་ནས་འཇམ་ཅག་གེར་བསྡད་དེ

སྐྱེ་འཆི་དང་བཅས་པའི་སྡུག་བསྔལ་ཡོད་ཚད་སར་ཕོག་ཚར་བའི

ཞི་དུལ་གྱི་ཉམས་དེ་མངོན་དུས

དུས་ཚོད་ཀྱང་དེ་ག་ནས་དར་སྒྲོམ་བཞིན་ཁེགས་ན་འདོད་སོང

སྐབས་འགར་གདོང་ནམ་མཁའི་སྐར་ཚོགས་ལ་གཏད་ནས

བདག་པོའི་སྙན་ངག་ལྟ་བུའི་ཟུག་སྐད་ཀྱིས

མུན་ནག་གི་རྩིག་པའི་གསེང་ལ་བྲག་ཅ་མཆེད་དུ་འཇུག་དུས

འོད་ཐིགས་ཤིག་གས་སྲུབས་ལས་ཤོར་ཡོང་ན་བསམ་སོང

ཁྱི་གུ  ཁྱི་གུ

ངའི་སྲང་གི་བུད་མེད་ཡོད་ཚད་ལ་ཁྱོད་ཀྱི་རྒྱུ་མཚན་དྲིས་ཀྱང

ལན་འདེབས་ནི་གཅིག་ཀྱང་མི་འདུག       

                        2009/10/26

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།