མི་འདི་ཚོར་དབང་དང་རྒྱུ་ནོར་ལས་གཞན་ད་དུང་གད་སྙིགས་མཁོ།༼རང་མོས༽

                   ___ཡང་ན་སྲིད་འཛིན་ཨོ་བྷ་མ་ལ་རྒོལ་བ།

ཆུང་མ་དང་སྙིང་ལ་གཅེས་པའི་བུ་མོ་ནང་དུ་བཅུག་ནས
རླངས་འཁོར་ལ་སྣུམ་མང་པོ་བརླག་ཏུ་བཅུག་སྟེ་གཙོས་གྲོང་ཁྱེར་ལ་སླེབ་རྗེས
ནུ་བོའི་ཆེད་དུ་བཙོན་སྲུང་བ་འགའ་ལ་ཟས་ཞིམ་པོ་ཞིག་ལྡུད་བཞིན་པའི་དུས་དེར
རང་གི་Iphoneལག་འཕྲིན་ལས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལ་ནོ་པེལ་ཞི་བདེའི་བྱ་དགའ་ཐོབ་པ་མཐོང
དེ་མཐོང་བས་སེམས་པ་སྐྱིད་པོ་གཏན་ནས་མ་བྱུང་སྟེ
གམ་གྱི་མི་དེ་དག་རང་དང་མྱུར་བར་ཁ་བྲལ་ན་ཅི་མ་རུང་སྙམ

ཨོ་བྷ་མ་ནི་ང་རང་ཆེས་མི་དགའ་སའི་ཨ་རིའི་སྲིད་འཛིན་དེ་ཡིན
ཁོས་ཁ་རྩོད་རྒྱག་སྐབས་རང་གི་འགྲན་ཡ་མེ་ཁིལ་ཕམ་པར་རྒྱག་མ་ཐུབ་ལ
སྲིད་ཁྲིར་བསྡད་རྗེས་སྔོན་ཆད་ཁས་བླངས་པ་དག་ཀྱང་ལག་ཏུ་བསྟར་མ་ཐུབ
དཔེར་ན་ཁོའི་རྐྱེན་པས་ཨ་ཧི་གྷ་ན་སི་ཐན་ནས་འཇིགས་སྐུལ་བ་ཇེ་མང་དུ་སོང་ཞིང
དབྱི་རག་གི་ཁྲོམ་གཞུང་རེ་རེ་ནའང་འགད་རྫས་ཀྱི་སྒྲ་མཚམས་མི་ཆད་པ་ཞིག་འདུག
ཁོས་ཕྱོགས་གཅིག་ནས་རྡུལ་ཕྲན་མཚོན་ཆ་ཇེ་ཉུང་དུ་གཏོང་བར་སྐུལ་ལ
ཕྱོགས་གཞན་ཞིག་ནས་མཚོན་ཆ་དེ་བཟོ་རྩིས་ཡོད་པའི་གླེན་སྐུགས་ཀྱི་རྒྱལ་ཁབ་དབྱི་རན་ལའང
ལག་འཇུ་བྱ་འདོད་ཡོད་ཟེར

གལ་སྲིད་ལོ་བརྒྱད་ཀྱི་སྔོན་གྱི་ཨ་རིའི་སྲིད་འཛིན་དེ་ཁོ་ཡིན་པའི་དབང་དུ་བཏང་ན
ས་རྡམ་གྱིས་སྔར་བཞིན་ཁོར་རྡུ་བ་དག་དམར་གསོད་གཏོང་གི་ཡོད་ལ
བྷིན་ལ་ཏིན་གྱིས་གོ་ལ་ཧྲིལ་བོ་རྨེག་མེད་དུ་གཏོང་བའི་འཆར་གཞིའང་འགྲུབ་ཡོད་ངེས
འོན་ཀྱང་ངོ་མ་ཐབས་མི་འདུག་ཐབས་མི་འདུག
ནོ་ཝེལ་གྱི་རྒན་པོ་དེ་དག་གིས་ཞི་བདེའི་རྟགས་མ་ཁོ་ལ་སྦྱིན་སོང

ཨོ་བྷ་མ་ཨ་རིའི་སྲིད་འཛིན་ལ་བསྡད་པ་ཇི་བཞིན
བདག་ཀྱང་མི་དྲོ་མི་འཁྱག་གི་མགྲོན་ཁང་སྐྱིད་པོ་ཞིག་ནས་བསྡད་པ་ཡིན
བདག་ནི་མཚན་ཉིད་རིག་པ་བ་ཞིག་ཡིན་པས་སྐྱིད་པོ་ཞེས་པ་དེ་གང་ཡིན་པའི་ཐད་ལ་
ནམ་ཡང་བསམ་བློ་གཏོང་གི་ཡོད  བསམ་བློ་ཞིབ་ཏུ་བཏང་ཚེ
མི་འདི་ཚོར་དབང་དང་རྒྱུ་ནོར་ལས་གཞན་ད་དུང་གད་སྙིགས་མཁོ་བས
ང་ཚོའི་འཚོ་བ་སྐྱིད་པོ་ཞིག་ཏུ་ཆགས་ཐུབ་ཀྱི་མི་འདུག
གལ་སྲིད་བརྙན་འཕྲིན་དང་ལག་དེབ་རྩིས་འཁོར་སོགས་གཟིམས་ནས
དཔེ་དེབ་ཅིག་གི་ཁ་ཕྱེ་ནའང
བརྗོད་བྱ་ཉིད་བདག་མེད་རྟོགས་པའི་ཤེས་རབ་མ་ཡིན་ཚེ
ཡོད་ཚད་གད་སྙིགས་ཡིན་པར་སེམས

 རྗོར་རྗི་ཌབ་ལི་བྷོས་ཞི  ངས་ཁྱོད་ཅི་འདྲའི་དྲན་པ་ལ                  
                                
2009 9 10

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་འདི་ཚོར་དབང་དང་རྒྱུ་ནོར་ལས་གཞན་ད་དུང་གད་སྙིགས་མཁོ།༼རང་མོས༽

2009-10-10 སྐྱ་བོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།