འཁོར་བའི་ངོ་བོ།༼རང་མོས༽
དུ་སྤྲིན།
སྒྱུ་མའི་སྤྲེའུ།
སྐར་མ་རབ་རིབ།
རྨི་ལམ་ནང་གི་ཁམ་བུ།
ཆག་གས་སུ་སོང་བའི་རྒྱ་མ།
གདོང་མི་མངོན་པའི་སྨད་འཚོང་མ།
ཝུ་བའི་ཕྲེང་བ་དང་རྡུལ་འཚུབ་གྱི་གླེགས་བམ།
བཟི་བོ་ཚོས་དུས་རྟག་པར་འགྲེ་ལོག་རྒྱག་སའི་ས་གདན།
ལམ་ལམ་འཚེར་བའི་གསེར་འོད་ཅིག་སྤྱི་གཙུག་ནས་བཞུད་སོང་།
ཚར་སོང་། ཚར་སོང་།
རྩོམ་ཁུངས། ངེད་དྲ་བ།