ཚོར་བ་རབ་རིབ་།༼རང་མོས༽


རླུང་འཚུབ་དང་ལུག་ཁྱུ་ནི    དཀར་ནག་གི་ཟློས་གར

མེ་ཏོག་དང་ལག་པ་ནི  མཛེས་མ་དང་དུས་ཚོད

ཁྱོད་ཀྱི་ཞལ་རས་ལས་འཐུལ་བའི་བདུག་སྤོས་ནི

ང་ཡི་ཚེ་གཅིག་གི་རྨི་ལམ་གྱི་སྨུག་པ

 

སྒྱུ་མ་མཁན་གྱི་སྙིམ་པའི་སྙན་ངག་འདི

དཀར་བོའམ་དམར་བོ སེར་བོ

ཁྲ་ལམ་མེར་ཡང་ཡང་འཁྱུག

བསྲེས་ནས་གྲུབ་པའི་རྫས་ཀྱི་སྦྱོར་བ་འདི

ཚ་བོའམ་འཁྱག་པ བསིལ་བ

སྐབས་འགར་ཆུ་ཤེལ་གྱི་གོང་བུ་ཞིག་དང་

རེས་འགར་འདོད་པས་ཉེན་པའི་ཁྱོད་ཉིད་དོ

 

མིག་གིས་རྒྱབ་ཕྱོགས་ལ་ལྟོས་དང་

གངས་རི་དེ་ཞུ་འགྲོ་ཡི་འདུག

མིག་གིས་རྒྱབ་ཕྱོགས་ལ་ལྟོས་དང་

གྲྭ་བཙུན་དེ་གཤེགས་འགྲོ་ཡིན་འདུག

ཅི་ཡང་མ་མཐོང་ཁུལ་གྱིས་གདོང་ལག་པས་བཀབ་ཀྱང

སྲོག་ལེན་གྱི་མཆོད་མེ་ཁྱོད  མཐོང་ཡོང་གི་འདུག

               2009/9/23

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོར་བ་རབ་རིབ་།༼རང་མོས༽


རླུང་འཚུབ་དང་ལུག་ཁྱུ་ནི    དཀར་ནག་གི་ཟློས་གར

མེ་ཏོག་དང་ལག་པ་ནི  མཛེས་མ་དང་དུས་ཚོད

ཁྱོད་ཀྱི་ཞལ་རས་ལས་འཐུལ་བའི་བདུག་སྤོས་ནི

ང་ཡི་ཚེ་གཅིག་གི་རྨི་ལམ་གྱི་སྨུག་པ

 

སྒྱུ་མ་མཁན་གྱི་སྙིམ་པའི་སྙན་ངག་འདི

དཀར་བོའམ་དམར་བོ སེར་བོ

ཁྲ་ལམ་མེར་ཡང་ཡང་འཁྱུག

བསྲེས་ནས་གྲུབ་པའི་རྫས་ཀྱི་སྦྱོར་བ་འདི

ཚ་བོའམ་འཁྱག་པ བསིལ་བ

སྐབས་འགར་ཆུ་ཤེལ་གྱི་གོང་བུ་ཞིག་དང་

རེས་འགར་འདོད་པས་ཉེན་པའི་ཁྱོད་ཉིད་དོ

 

མིག་གིས་རྒྱབ་ཕྱོགས་ལ་ལྟོས་དང་

གངས་རི་དེ་ཞུ་འགྲོ་ཡི་འདུག

མིག་གིས་རྒྱབ་ཕྱོགས་ལ་ལྟོས་དང་

གྲྭ་བཙུན་དེ་གཤེགས་འགྲོ་ཡིན་འདུག

ཅི་ཡང་མ་མཐོང་ཁུལ་གྱིས་གདོང་ལག་པས་བཀབ་ཀྱང

སྲོག་ལེན་གྱི་མཆོད་མེ་ཁྱོད  མཐོང་ཡོང་གི་འདུག

               2009/9/23

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།