དཔོན་གཡོག་རིག་གནས་ཀྱི་གཏིང་རིམ་ནས་འགྲོ་བ་མི་ལ་བལྟས་པ།༼རང་མོས༽

རྐུབ་གདན་ཚ་བོ་དག་གི་མུ་ཁྱུད་ལ་འོད་ཀོར་འཕྲོ

ལྕགས་ཀྱི་ལག་པ་རེ་རེས་ཕན་ཚུན་ལ་རེག་པ་ཙམ་གྱིས

ཆུང་ངུའི་དུས་སུ་ཨ་མ་ལགས་ཀྱིས་སྙིང་ཁར་བཅུག་པའི

ཀུ་ཤུ་དམར་པོ་དག་སར་ལྷུང་འགྲོ

ཀུན་ལྡན་འཐེན་ཤུགས་ཀྱིས་མར་དྲུད་པའི་ཀུ་ཤུ་དེ་དག

ད་ནས་བཟུང་ཚོང་ར་ནས་ཉོ་ཐུབ་པ་མ་རེད

སུས་ཀྱང་མགྲིན་པ་གཟེངས་སུ་བཏེགས་ནས་ཀི་རིང་རེ་གདབ་འདོད་མོད

བྲག་ཅ་ནས་ཚུར་མཆེད་པ་ནི་རང་གི་སྐད་སྒྲ་མ་ཡིན་པར

མཆོངས་ཤིག་དང་རྒྱུགས་ཤིག་ལྟ་བུའི་སྐུལ་ཚིག་ཁོ་ན་ཡིན

གལ་སྲིད་ཤུགས་ཆེན་པོས་མདུན་ལ་བརྒྱུག་ཚེ

ཁ་གདང་བའི་གཡང་གཟར་དེ་སྤང་ཤུན་ཡག་པོས་གཡོགས་ནས་བསྐུང་ཡོད་ངེས

ཉེ་སར་མི་བཅར   རྒྱང་རིང་བོར་ཡང་མི་བཀྱེད་ཅེས

དུས་ཚོད་ཀྱི་མདའ་རྩེ་ཞོན་ནས་ཐག་རིང་ལ་ལྟ་དུས

ཐག་རིང་གི་ཉི་མ་དེ་ནི  ཁ་ནང་གི་སོ་ཚང་མ་འཐོར་ཚར་བའི

བགྲེས་པོ་ཞིག་གིས་ཁ་གདངས་པ་དང་ཀུན་ནས་མཚུངས་སོ

ནགས་ཀྱི་སྐྱིབས་དང་ཆར་བའི་བསིལ་བ་གཡར་ནས

དབུ་ཁྲིད་གང་དེར་མགྲོན་འབོད་གཏོང་དུས

ཁོང་གི་གཙུག་ཏོར་ནས་བུད་པའི་གཟུགས་མེད་ཀྱི་ལྕགས་སྦྲུལ་དེ

བསམ་དབང་དྲན་དབང་མེད་པར་ཁྱོད་ཀྱི་ཁྱིམ་ལ་འཛུལ་ཟིན

ཡང་ན་སླར་ཡང་ཚོགས་འདུ་ཞིག་བསྡུས་ནས

ནམ་མཁའ་རལ་བོ་འདི་ཇི་ལྟར་འཚེམ་པའི་སྐོར་ལ་གྲོས་གཞི་ཞིག་འདོན་ནམ

                                               2009/7/8

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།