ནམ་མཁའི་དབྱིངས་སུ་བརྩིགས་པའི་རིན་པོ་ཆེའི་ཕོ་བྲང་།

           ༡ ཐོག་མའི་མཐོང་སྣང༌།
ཐོག་དང་དབུས་མཐའ་མེད་པའི་ནམ་མཁའི་དཀྱིལ་འཁོར།།
ཟིན་མེད་རྡུལ་ཕྲན་ཞིག་གི་དབྱིབས་སུ་བཀོད་དེ།།
སྣང་བའི་གཙང་བོ་རྟོག་པའི་རྒྱ་མཚོར་བཅུག་ཚེ།།
བདག་གི་སེམས་པ་ཆུ་ཤེལ་དྭངས་མོ་ཡིན་སོང༌།།
ལས་ཀྱི་བཀོད་པ་མཚོན་པའི་གདོད་མའི་ནགས་ཚལ།།
རིག་པའི་བུད་ཤིང་འཐབ་པའི་མེ་ཡིས་བསྲེགས་ཏེ།།
སྲིད་པའི་བཙོན་ར་སྟོང་བའི་དབྱིངས་སུ་འཇིག་ཚེ།།
བདག་གི་སྤྲུལ་སྒྱུར་མཁའ་ཡི་དགུ་ཚིགས་ཡིན་སོང༌།།
འདོད་པའི་གར་ལ་མཁས་པའི་ངག་གི་དབང་མོ།།
ལྕེ་ཡི་མདུད་བརྒྱ་གྲོལ་བའི་གྲོགས་སུ་བཀུགས་ཏེ།།
འདོན་ཡོན་སྣ་ལྔ་དབྱེར་མེད་གླུ་རུ་གྱེར་ཚེ།།
བདག་གི་མགྲིན་པ་ཁྱོད་ཀྱི་རྐང་གླིང་ཡིན་སོང༌།།
ཨེ་མ་དེང་འདིར་མཛེས་པ་ཡིད་ཀྱི་འབྲོག་དགོན།།
འཕྲུལ་གྱི་རི་དྭགས་འདུར་སའི་ཐང་ཆེན་ལགས་ན།།
ཚོར་བ་སྐྱེན་པོའི་ཞགས་པ་ཐེངས་འགར་བཏབ་པས།།
གློག་ཞགས་དམར་བོའི་གློ་སྙིང་གསལ་ལེར་མཐོང་ཐལ།།
སྲེད་པའི་མེ་སྟག་འཚུབ་པའི་ཚོང་ར་ཞིག་ནས།།
ཁྲག་དང་སྐྱི་ལྤགས་བཙོང་བའི་ལས་ལ་ཞུགས་ཤིང༌།།
ངོ་གདོང་རིད་པོར་འཛུམ་གྱི་སྐེག་ཚོས་བྱུགས་ཏེ།།
སེམས་ཀྱི་མེ་ཏོག་ཟ་བའི་སྲིན་འབུའི་ཚོགས་ལ།།
རང་གི་བདག་པོ་ཞིང་ཁམས་གར་ཡོད་དྲིས་ཀྱང༌།།
སྒྱུ་མའི་ཟས་ཀྱིས་འགྲངས་པའི་གཤོག་ཐོགས་དེ་ཚོས།།
ཁེངས་པའི་གཏམ་དག་འཛེར་བའི་སྒྲ་རུ་ཕྱུང་བས།།
མི་སྡུག་གཟུགས་ཀྱིས་སྣང་བའི་ཡོལ་བ་ཁེབས་ཐལ།།
གདོད་མའི་འོད་གསལ་མཚོན་པའི་དར་གོས་ཡུག་གཅིག།
ཁ་དོག་སྣ་ལྔ་འཐབ་པའི་གཡུལ་དུ་བཤམས་པ།།
མི་མངོན་སྨུག་པའི་གླིང་ནས་གློ་བུར་ཡལ་དུས།།
བདག་གི་རྨི་ལམ་རྒྱ་མཚོའི་རླབས་ཀྱིས་གཡོས་ཤིང༌།།
མཚོ་བྱ་དཀར་མོས་གཤོག་རྩེའི་ཆུ་ཐིགས་བསིལ་མོས།།
ལུས་ཀྱི་ལྗོན་པར་ག་ལེར་ག་ལེར་བྲན་ནས༌།།
རིག་པའི་བཟོ་བོས་གནང་བའི་མུ་ཏིག་རྡོག་གཅིག །
གཉིད་ལས་སད་ཚེ་སྙིང་གི་བུམ་པར་བཅུག་འདུག།
དེའི་ཕྱིར་སྤོབས་པའི་གོམ་ཁ་མདུན་ལ་བསྒྱུར་ཏེ།།
སྟོབས་ཀྱིས་དྲེགས་པའི་སེངྒེ་གྲོགས་སུ་སྦྲན་ཞིང༌།།
ང་རོ་དྲག་པོས་ནམ་མཁའི་བཞིན་རས་བསྲེགས་ནས།།
རང་བཞིན་གཤིས་ཀྱི་བདེན་པ་ཀུན་ལ་བསྒྲགས་ཀྱང༌།།
རང་ཤོང་སྤྱིལ་བུར་སྡོམ་གྱི་དྲ་བ་བྲེ་བཞིན།།
ཤི་མིག་གྱོང་བོ་རྡུལ་རླུང་འཚུབ་མར་ཅེར་ནས།།
ཝ་སྤྱང་བམ་རོར་སྤྱད་པའི་ཤུལ་ལྷག་མུར་མཁན།།
ང་ཡི་ཤ་རུས་གཅིག་པའི་སྤུན་ཟླ་ཡིན་སྐད།།
ཨ་ཧོ་བཤད་པས་མི་ངོམས་ཡིད་ཀྱི་ཆོ་འཕྲུལ།།
བཅོས་པས་མི་ཕན་ཡུན་རིང་ལུས་པའི་རྨ་ཁ།།
བསྒྱེལ་བས་མི་འཇིག་མངོན་སུམ་འཚོ་བའི་གདུག་རྩུབ།།
བྱོལ་བས་མི་ཡལ་འདྲེ་གདོན་འཐབ་པའི་ཆོ་ངེ།།
ཁྲལ་དང་བུན་གྱིས་གྲུབ་པའི་སྤྲང་བོའི་སྲང་ལམ།།
རྣོ་ལྕགས་མཚོན་ཁ་བརྡར་བའི་སྒྲ་ཡིས་བསྐོར་ཏེ།།
འགྱིག་བཟོས་གདོང་གིས་བཀྲ་ཤིས་བདེ་ལེགས་ཞུས་ཚེ།།
ང་རང་འབྲོ་ཐེངས་གཅིག་གིས་སྲིད་མཐར་སླེབས་སོང༌།།
འོན་ཀྱང་འགྱུར་བ་མེད་པའི་གངས་དཀར་ཏེ་སེས།།
འཛམ་གླིང་གོ་ལ་ཟླུམ་པོ་ཞབས་ཀྱིས་བཅགས་ཏེ།།
ཉི་ཟླའི་འཁོར་ལམ་འདྲེན་པའི་མཛེས་སྡུག་བསམ་ནས།།
ཁོ་བོའི་ངག་གི་བསང་མེ་ལམ་ལམ་འབར་བྱུང༌།།

           ༢ ཉམས་ལེན།
རུལ་ཞིང་མྱགས་ལ་དུ་སྨུག་ཟ་ཟིས་གཏིབས།།
ཀུ་ཅོའི་སྒྲ་དང་དམོད་མོའི་གཏམ་གྱིས་ཁེངས།།
ཆགས་པའི་གླུ་དང་རྩེ་དགའི་གར་གྱིས་ཁྱབ།།
སྐྱེ་བའི་སྟོབས་དང་རྒུད་པའི་ཉམས་ཀྱིས་མཛེས།།
ལྷ་ཡི་བཀའ་དང་འདྲེ་ཡི་བར་ཆད་མེད།།
རྡོ་ཡི་གྱང་དང་བསོགས་པའི་གསེར་དངུལ་མེད།།
གསོས་པའི་བྱ་དང་འཆིང་བའི་མཚོན་ཆ་མེད།།
རང་ཁྱིམ་སྟོང་བ་རང་གི་སྒོམ་ཁང་ཉིད།།
འོན་ཀྱང་ཤེལ་དཀར་གསར་བའི་ཆང་ཕོར་ལས།།
བདུད་རྩིའི་ཟེགས་མ་འཁའ་ལ་འཕྱོས་པའི་ཚེ།།
སྲིད་པའི་ལྟད་མོ་མཐོང་བར་བསྙད་བཏགས་ནས།།
འཕོ་ལྟུང་སྡུག་བསྔལ་མྱོང་ལ་བར་མཚམས་མེད།།
རིག་པའི་ཕད་ཀ་བཀང་བྱེད་སྒྱུ་མའི་རྫས།།
རེས་འགར་འཕེལ་ཞིང་རེས་འགར་འགྲིབ་པ་ཡིས།།
འཕྲོག་བྱེད་རྒྱལ་བོ་ནད་ཀྱིས་ཉེན་པ་བཞིན།།
ཉི་མ་ཟླ་བ་དམར་བོའི་མདངས་སུ་སྣང༌།།
ཇི་ལྟར་འཁྱོག་པའི་ལམ་ལ་ཞུགས་པ་ན།།
དེ་ལྟར་རྡོ་བའི་རྩུབ་རེག་ཚོར་འགྱུར་ཏེ།།
མཁས་བླུན་འབུམ་གྱི་རྨ་ལྕེ་རལ་བའི་ཤུལ།།
མིག་ལ་གཟན་པའི་ཉི་ཟེར་བཞིན་དུ་མཐོང༌།།
ཨེ་ཧོ་ཁོ་བོའི་ལུས་རྟེན་འཛིན་པའི་སྲོག།
ལྕགས་ཀྱི་གོང་བུ་བརྡར་བའི་རྒྱ་ཁབ་སྟེ།།
ཟབ་ཅིང་ཕ་མཐའ་མེད་པའི་ཆུ་གཏེར་འོག།
འཚེམ་བཟོ་རྒན་པོའི་སེར་སྣར་སྦེད་ནས་ཡོད།།
ཁྲི་མུན་དེ་དག་གནས་ལུགས་མཁྲེགས་པོས་བརྩིགས།།
བཙོན་མ་དེ་དག་བརྩེ་བའི་སེམས་ལས་བཟུང༌།།
ཟུངས་ཁྲག་དེ་དག་ནད་དང་གྲིབས་ལས་བཞུར།།
རི་མོ་དེ་དག་ཉེ་བའི་གྱང་ལ་བྲིས།།
དེ་ཡི་ཕྱི་རུ་ཡུལ་གྱར་གཞོན་ནུ་ཞིག།
རང་སེམས་དྲི་མ་མེད་པའི་རྟར་བཅིབས་ནས།།
གནམ་རུའི་ལྟོངས་ལས་ཉག་ཕྲན་ཤོར་བ་བཞིན།།
མཁའ་ཡི་ཐང་ཆེན་བསྙེགས་ཏེ་ཤོར་ནས་སོང༌།།
ཆར་སྤྲིན་ལྷོད་ཀྱིས་རྒྱུ་བའི་འགྱུར་བ་མཛེས།།
སྦྲང་ཆར་སིམ་བུར་འབབ་པའི་དྲིལ་ཆུང་སྙན།།
བྱ་རྒོད་རི་རྩེར་བབས་པའི་འགྱིང་ཉམས་བརྗིད།།
སྲིད་པའི་དུས་ཚོད་ཁེགས་པའི་འབྲས་བུ་བཟང༌།།

      ༣ ངལ་གསོ་བ།
མ་དག་སེམས་ཀྱི་བག་ཆགས།།
གངས་ཆབ་གཙང་མས་བགྲུངས་དུས།།
ཡིད་འཕྲོག་ལྷ་མོའི་བུམ་རྗེས།།
སླར་ཡང་ཐེངས་གཅིག་མཐོང་བྱུང༌།།
སྙིང་ཁ་པད་མོའི་གདན་ལ།།
ཉི་མའི་དྲོད་སྣང་འཁོར་བས།།
གཟུགས་མེད་ལས་ཀྱི་རྨུ་ཐག།
ལྷ་ཡི་ཡུལ་ལ་ཐེན་འདུག།
སྲིད་པའི་གཙང་བོ་སྒྲོལ་བར།།
འཚུབ་ཆ་སྐྱེ་དོན་མི་འདུག།།
འགྲོ་རོགས་ཚངས་བའི་སྲས་མོས།།
དབྱངས་ཀྱི་ཟམ་པ་བཟོས་ཡོད།།
མེས་པོའི་མགོ་སྦྲ་ནག་ཆུང༌།།
ནམ་མཁའ་སྔོན་མོས་བསྲུངས་འདུག།
རླུང་དང་ཆར་ལ་གཤེ་བའི།།
དཔའ་གླུ་ལེན་དོན་ཅི་ཡོད།།
བུ་མོ་ཐགས་མཁན་ཞིག་ལ།།
སྙིང་དང་མཆིན་པ་གླན་པས།།
དབྱངས་གསལ་སོ་བཞིས་འཐག་པའི།།
གོས་ཞིག་ང་ལ་ཐོབ་བྱུང༌།།
མཆོད་པའི་མ་ཕམ་གཡུ་མཚོ།།
དྲན་པའི་གཞུང་དུ་འཁྱིལ་བས།།
བྱ་བཏང་བཙུན་མ་ཞིག་གི།།
སྐོམ་པ་ལན་མང་སེལ་སོང༌།།
རིག་པའི་རྒྱལ་ཁམས་འགྲིམ་པར།།
ལོངས་སྤྱོད་མང་བོ་མི་དགོས།།
བྲང་གི་མུན་པ་སེལ་བའི།།
མཆོད་མེ་གཅིག་གིས་ཆོག་པ།།
མཐོ་བ་གསེར་གྱི་ཁྲི་ལ།།
དུས་ཀྱི་ས་རྡུལ་བབས་ཀྱང༌།།
དམའ་བ་རིག་པའི་ཞིང་སར།།
འབྲུ་སྙེ་རླབས་སུ་འཕྱུག་འདུག།
བལྟས་ན་ཉམས་སུ་དགའ་བ།།
རང་བྱུང་གདོད་མའི་འོད་གསལ།།
མྱངས་ན་ལུས་སེམས་སྐྱིད་པ།།
བཟོ་བོ་རང་གི་འཕྲུལ་འཁོར།།
སྦྲང་ཆར་བསིལ་མ་བབས་བྱུང༌།།
མེ་ཏོག་སྣ་བརྒྱ་འཁྲིགས་བྱུང༌།།
མི་རྟག་ཚེར་མའི་ལུས་པོ།།
ཁྲུས་ཀྱི་བདེ་བས་མྱོས་བྱུང༌།།
བུང་བའི་གཤོག་སྒྲར་ཉན་ནས།།
འཁོར་བའི་སྡུག་བསྔལ་བརྗེད་བྱུང༌།།
གླིང་བཞིའི་འཇིག་རྟེན་མཐོང་ནས།།
ལུས་ཀྱི་ལྟོགས་སྐོམ་ཡལ་སོང༌།།

      ༤ མདུན་དུ་སྐྱོད་པ།
བློ་ཡི་འགག་འཕྲང་དོག་པོ་སྨུག་སྤྲིན་གྱིས་བཟུང་ཞིང༌།།
སྤོབས་པའི་རལ་གྲི་རྣོན་པོ་ཕ་བོང་གིས་ཐུལ་ཀྱང༌།།
མི་ཚེའི་གཡུལ་སར་འདུར་བའི་དཔའ་རྒོད་ཚོའི་ཁ་ན།།
ཀི་བསྭོའི་མེ་ཞགས་འཕྱུར་བའི་ཚ་རླབས་འདི་བརྗིད་པ།།
ཁྲག་དང་ལྕགས་མདའ་ཁུར་བའི་བྱ་རྒོད་ཀྱི་གཤོག་པས།།
རྡུལ་གྱི་གོས་རལ་བསྒོས་པའི་ནམ་མཁའ་འདི་གཤགས་ཏེ།།
དུང་ཟླ་གསར་བའི་ཞིང་ལ་ཐོགས་མེད་དུ་འཕུར་བ།།
མཛེས་པའི་སྐར་ཚོགས་མ་གཏོགས་གང་གིས་ཀྱང་མ་མཐོང༌།།
ཁ་བའི་འདབ་མ་འཛིན་པ་སྦྲ་ནག་གི་འདབས་ཁ།།
ལྷགས་པའི་མཚོན་ཆར་གཏད་པ་ནོར་རྫི་ཡི་གོང་ཁ།།
དུས་ཀྱི་འགྱུར་བར་ཕྱོགས་པ་ཨ་མ་ཡི་མིག་ཟུང༌།།
སྟོང་བའི་དབྱིངས་སུ་ཐིམ་པ་རྣམ་ཤེས་ཀྱི་ཆག་རོ།།
རེ་ཞིག་འཇིག་པར་མ་གྱུར་གློ་མཆིན་གྱི་གར་མཁན།།
སྟག་སེང་དོམ་དྲེད་འདུས་པའི་མཆེ་སྡེར་གྱིས་བསྐོར་ཀྱང༌།།
སྐྱེ་འཆིའི་འགྱུར་བ་བཀོད་པའི་འཁྲབ་ཚན་འདི་རྫོགས་ཚེ།།
གང་ཡང་མ་བྱུང་རྨ་ཁ་རང་ས་རུ་སོས་འདུག།
བྲེལ་བས་མི་ཁོམ་སྲིད་པའི་གྲོག་ཚང་གི་དབུས་སུ།།
རང་བྱུང་ལས་ལ་གོམས་པའི་ནང་ཁྲོལ་འདི་བཞག་ནས།།
རིགས་དྲུག་བཀྲེས་སྐོམ་སེལ་བའི་མཆོད་པ་ཞིག་ཕུལ་ན།།
ན་བའི་ཟུག་རྔུ་ཞི་བའི་ཐབས་མཆོག་དེ་རྙེད་འོང༌།།
མི་གཙང་དྲི་མས་མ་སྦགས་མེ་ཏོག་གི་གདན་ལ།།
རིག་པའི་མཚན་མ་འཛིན་པའི་ལྷ་མོ་དེ་བསུས་ནས།།
དྭངས་མ་འདོད་རྒུར་འཇོ་བའི་རོལ་གར་ལ་ཞུགས་ན།།
རྡུལ་དང་སྲིན་འབུ་ཚོགས་པའི་ལུས་པོ་འདི་མཛེས་པ།།
སྤྲེའུ་ནགས་རིར་མྱོས་པའི་གཏི་མུག་གི་གད་མོ།།
ས་བདག་རྒྱལ་བོའི་སྙིང་ལས་མཚམས་མེད་དུ་གྲགས་ཀྱང༌།།
འཕྲུལ་གྱི་མདའ་མོ་ཐོགས་པའི་རང་བྱུང་གི་རྔོན་པ།།
འོད་གསལ་སེམས་ཉིད་ཆེན་པོའི་གཉིད་སྣང་ལས་མི་སད།།
ཉམ་ཆུང་དུད་འགྲོ་བཤའ་བྱེད་རྣོ་ལྕགས་ཀྱི་གློ་གྲིར།།
བུང་བ་ཚང་ནས་སྤྱུགས་བྱེད་སྦྲང་རྩི་དེ་བྱུགས་ནས།།
རོ་མངར་ཟས་ཀྱི་བཅུད་ལ་ངོམ་མེད་དུ་སྤྱད་དེ།།
སྒྱུ་མའི་ཕུན་ཚོགས་རོལ་བའི་དངོས་གྲུབ་དེས་ཅི་འོངས།།
བློ་གྱོང་གྲོས་ལ་ཚོགས་པའི་ཚོམས་ཆེན་གྱི་གྲལ་ནས།།
སྒྲུང་མཁན་སྨྲ་ལྕེ་རལ་བའི་དྲི་ངན་ཞིག་ཚོར་ཏེ།།
དཀར་ནག་ཁྲིམས་ཁ་བཙན་པའི་ཕ་ཡུལ་ནས་བྲོས་པས།།
གངས་ཀྱི་འདབས་ནས་རང་ཤོང་སྤྱིལ་བུ་ཞིག་རྙེད་བྱུང༌།།
ཨེ་མ་ང་ཡི་བདག་པོ་ལྷ་ཡུལ་ནས་བབས་བྱུང༌།།
སྣང་བའི་ཚོན་རྩིར་བསྒོས་པའི་ཐ་སྙད་དག་བསྡུས་བྱུང༌།།
གཟུགས་ཀྱི་ལྟད་མོར་བཟོས་པའི་རྒྱུ་ནོར་དག་བརླག་བྱུང༌།།
ལས་ཀྱི་རྩེད་མོར་བཞེངས་པའི་མཁར་རྫོང་དག་བཤིགས་བྱུང༌།།
གྲགས་འདོད་ཆང་གིས་མ་བཟི་དྭངས་གཙང་གི་བྱིས་བློས།།
འཇའ་ཡི་བུ་མོ་འདེད་པའི་མཛེས་སྡུག་ལ་བསམ་ནས།།
ཚིག་གི་རོལ་གར་སྒྱུར་བའི་སྙན་ངག་གི་གླ་བ།།
བཙན་དང་སྲོལ་གྱིས་བཙུགས་པའི་ལྕགས་གཟེབ་ལས་ཤོར་སོང༌།།
                                          ༢༠༠༣ལོའི་ཟླ་༤བའི་ཚེས་༢༤ཉིན།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།