བདག་དཔེ་ཚོགས་པ་ཚོར་བསྐུར་བའི་ཀ་རྩོམ།༼བཅད་མ༽

༄༅།།ཀ་ཁའི་ལྷུ་རྐང་འདི་ནས་འགྲིག་ཐལ་ཞེས།།

        ཁ་ནས་གང་བྱུང་རྩོམ་དུ་འཛིན་མཁན་ཚོས།།

        ག་ལེར་དཔྱད་པ་ཅུང་ཙམ་གཏང་ཤེས་ན།།

        ང་ཡིས་སྡིགས་དམོད་དེ་འདྲ་གཏོང་དགོས་མེད།།

        ཅ་ཅོའི་གཏམ་ཚོགས་གནས་ལུགས་ཡིན་མདོག་གིས།།

        ཆ་ཡོད་མདུན་ནས་གླེན་རྟགས་བསྟན་ནའང་།།

        ཇ་ཆང་ཙམ་ཞིག་རོལ་བྱེད་ཁོ་ན་ལས།།

        ཉ་ཉོག་སེལ་བའི་རྒྱུ་རུ་ཅི་ལ་འགྱུར།།

        ཏ་ཐཱ་ག་ཏའི་གསུང་རབ་སྣ་ཚོགས་པ།།

        ཐ་མ་ཁ་ཡི་དུ་བས་སྤུར་བཞིན་དུ།།

        ད་ནས་བཟུང་སྟེ་གསར་བརྗེ་བྱ་ཟེར་བས།།

        ན་ཆུང་འགའ་ཞིག་འདུར་དུ་བཅུག་མོད་ཀྱང་།།

        པ་ཐུར་ལྟ་བུའི་མཚན་ཉིད་མཁན་པོ་དང་།།

        ཕ་དང་མ་ལ་བརྩེ་བའི་བདག་ཉིད་ཅན།།

        བ་གླང་མིར་ཁྱུར་འཇུག་པའི་སློབ་དཔོན་དག།

        མ་འགྲིག་ཟེར་བཞིན་ནོངས་པ་ཆེན་པོས་བཞུགས།།

        ཙ་རི་བསྐོར་ན་བྱིན་པ་ན་བྱེད་ཟེར།།

        ཚ་གྲང་གཉིས་ཀྱི་དམྱལ་བ་མེད་དོ་སྨྲ།།

        ཛ་ལང་སྤྱོད་པར་མི་ཡི་ཆོས་སུ་བསྒྲགས།།

        ཝ་མ་ཝོ་ལེར་སྡོམ་ཚིག་མང་པོ་བཀོད།།

        ཞྭ་གོས་ལྷམ་སོགས་འཚོ་ཚིས་འགྲུབ་པ་དང་།།

       ཟ་བྱེད་སོ་ལ་རྣོ་ངར་ལྡན་པའི་ཕྱིར།།

       འ་ཅག་རང་ལས་གཞན་ལ་མི་སེམས་ན།།

       ཡ་རབས་སྤྱོད་པ་དེས་ཀྱང་ཅི་ལ་ཕན།།

       ར་དང་ལུག་གིས་ལྷས་ར་ཁེབས་པ་དང་།།

       ལ་ལུང་ཐམས་ཅད་ནོར་གྱིས་བཀང་བ་ཡི།།

       ཤ་ཁྲག་ཚིལ་གྱིས་བཏུམས་པའི་སྦྱོར་བ་ཡིས།།

       ས་སྟེང་འདི་ཉིད་བརླག་ནས་ཚར་ལ་ཉེ།།

       ཧ་ཅང་བདེན་པའི་བདག་ཅིག་ཡོད་གྱུར་ན།།

       ཧ་ཤང་རྣམས་ཀྱི་བསྟན་པ་རྒུད་ནས་ཐལ།།

       ཨ་ལ་དེ་འདྲ་མ་ཡིན་འཇིག་རྟེན་འདིར།།

       ཨ་མ་ལྟ་བུའི་ཆོས་ཤིག་མཁོ་ནས་འདུག།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་དཔེ་ཚོགས་པ་ཚོར་བསྐུར་བའི་ཀ་རྩོམ།༼བཅད་མ༽

2009-05-23 སྐྱ་བོ། ཀློག་གྲངས། མཆན ཡོད།

༄༅།།ཀ་ཁའི་ལྷུ་རྐང་འདི་ནས་འགྲིག་ཐལ་ཞེས།།

        ཁ་ནས་གང་བྱུང་རྩོམ་དུ་འཛིན་མཁན་ཚོས།།

        ག་ལེར་དཔྱད་པ་ཅུང་ཙམ་གཏང་ཤེས་ན།།

        ང་ཡིས་སྡིགས་དམོད་དེ་འདྲ་གཏོང་དགོས་མེད།།

        ཅ་ཅོའི་གཏམ་ཚོགས་གནས་ལུགས་ཡིན་མདོག་གིས།།

        ཆ་ཡོད་མདུན་ནས་གླེན་རྟགས་བསྟན་ནའང་།།

        ཇ་ཆང་ཙམ་ཞིག་རོལ་བྱེད་ཁོ་ན་ལས།།

        ཉ་ཉོག་སེལ་བའི་རྒྱུ་རུ་ཅི་ལ་འགྱུར།།

        ཏ་ཐཱ་ག་ཏའི་གསུང་རབ་སྣ་ཚོགས་པ།།

        ཐ་མ་ཁ་ཡི་དུ་བས་སྤུར་བཞིན་དུ།།

        ད་ནས་བཟུང་སྟེ་གསར་བརྗེ་བྱ་ཟེར་བས།།

        ན་ཆུང་འགའ་ཞིག་འདུར་དུ་བཅུག་མོད་ཀྱང་།།

        པ་ཐུར་ལྟ་བུའི་མཚན་ཉིད་མཁན་པོ་དང་།།

        ཕ་དང་མ་ལ་བརྩེ་བའི་བདག་ཉིད་ཅན།།

        བ་གླང་མིར་ཁྱུར་འཇུག་པའི་སློབ་དཔོན་དག།

        མ་འགྲིག་ཟེར་བཞིན་ནོངས་པ་ཆེན་པོས་བཞུགས།།

        ཙ་རི་བསྐོར་ན་བྱིན་པ་ན་བྱེད་ཟེར།།

        ཚ་གྲང་གཉིས་ཀྱི་དམྱལ་བ་མེད་དོ་སྨྲ།།

        ཛ་ལང་སྤྱོད་པར་མི་ཡི་ཆོས་སུ་བསྒྲགས།།

        ཝ་མ་ཝོ་ལེར་སྡོམ་ཚིག་མང་པོ་བཀོད།།

        ཞྭ་གོས་ལྷམ་སོགས་འཚོ་ཚིས་འགྲུབ་པ་དང་།།

       ཟ་བྱེད་སོ་ལ་རྣོ་ངར་ལྡན་པའི་ཕྱིར།།

       འ་ཅག་རང་ལས་གཞན་ལ་མི་སེམས་ན།།

       ཡ་རབས་སྤྱོད་པ་དེས་ཀྱང་ཅི་ལ་ཕན།།

       ར་དང་ལུག་གིས་ལྷས་ར་ཁེབས་པ་དང་།།

       ལ་ལུང་ཐམས་ཅད་ནོར་གྱིས་བཀང་བ་ཡི།།

       ཤ་ཁྲག་ཚིལ་གྱིས་བཏུམས་པའི་སྦྱོར་བ་ཡིས།།

       ས་སྟེང་འདི་ཉིད་བརླག་ནས་ཚར་ལ་ཉེ།།

       ཧ་ཅང་བདེན་པའི་བདག་ཅིག་ཡོད་གྱུར་ན།།

       ཧ་ཤང་རྣམས་ཀྱི་བསྟན་པ་རྒུད་ནས་ཐལ།།

       ཨ་ལ་དེ་འདྲ་མ་ཡིན་འཇིག་རྟེན་འདིར།།

       ཨ་མ་ལྟ་བུའི་ཆོས་ཤིག་མཁོ་ནས་འདུག།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།