གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་སྐྱེས་པའི་ཚུལ།༼རང་མོས༽

2013-05-07 13:17:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།


བོའུ་སྐད་ཅིག་གྲག་པས
མཚོ་ངོས་ཀྱི་ཆུ་སྲབ་མོ་དེ་འདར་ཙམ་བྱས



ཇག་རྟའི་ཡོབ་ཆེན་ལས་ཟགས་པའི་ཁྲག་ཐིགས་འགས
རྩྭ་གསེང་གི་ཟིལ་བ་བསྲེགས་པར་བྱས

བརྩེ་དུང་གིས་མྱོས་པའི་ངང་ངུར་ཟུང

འཆི་བ་ལ་འབྲོ་བ་བཞིན  འཕུར་བར་བརྩམས



སྤང་ལྗོངས་དེ་སངས་རྒྱས་ཀྱི་བརྩེ་བ་བཞིན
ནམ་མཁའི་ཁ་སྤྲོད་དུ་ཆེས་ཆེར་གྲོལ

ཏག་ཏག་དུས་དེ་འདྲ་ཞིག་ལ
ང་རང་འཇིག་རྟེན་དུ་སྐྱེས་པ་ཡིན
          
            ༢༠༡༣ལོའི་ཟླ་༥བའི་ཚེས་༥ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།