གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཡི་རྨི་ལམ་དུ།༼རང་མོས༽

2013-04-25 21:03:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

               
ང་ཡི་རྨི་ལམ་དུ   གློ་མདོག་གི་རྒྱ་མཚོ་ཞིག་དང
འོད་ཀྱིས་བཟོས་པའི་གྲུ་གཟིངས་ཤིག་ཡོད

ང་ཡི་རྨི་ལམ་དུ  གྲོག་མ་རྣམས་ཝུ་བར་འཐབ་ཅིང
ཤེལ་དམ་ཁྲི་ཕྲག་ཅིག་གིས
ཤེལ་གྱི་རི་བོ་ཞིག་གྲུབ་ཡོད

ང་ཡི་རྨི་ལམ་དུ  ང་རང་བུད་མེད་ཅིག་ཏུ་གྱུར་བ་དང
བྱམས་བརྩེའི་ཕྱག་ཟུང་གིས
སྐྱེས་པ་ཚོའི་སྡུག་བསྔལ་བ་མ་ལུས་པ་བསུབས

ང་ཡི་རྨི་ལམ་དུ  རྨི་ལམ་ལས་རྨི་ལམ་འཁྲུངས
མེ་ལོང་གི་ནང་དུ་མེ་ལོང་ཤར་བ་ཇི་བཞིན

ང་ཡི་རྨི་ལམ་དུ  ང་རང་མངོན་པར   རྫོགས་པར
སངས་རྒྱས

                 ༢༠༡༣ལོའི་ཟླ་༤པའི་ཚེས་༧ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།