ནུབ་ཀྱི་དེང་རབས་རིང་ལུགས་པའི་སྙན་ངག་པ་ངོ་སྤྲོད་ལས། ཤག་ལུ་བྷོ་དི་ལེར།

 མི་ཚེའི་བྱུང་བ། ཤག་ལུ་བྷོ་དི་ལེར་ནི་ཧྥ་རན་སིའི་བསྡུས་བརྗོད་རིང་ལུགས་ཀྱི་སྙན་ངག་གི་ཤིང་རྟའི་སྲོལ་འབྱེད་དང་། དེང་རབས་རིང་ལུགས་པའི་རྩོམ་རིག་གི་རྨང་འདིང་མཁན་ཞིག་སྟེ། ཁོང་༡༨༢༡ལོའི་ཟླ་༤བའི་ཚེས་༩ཉིན་ཕ་རི་སི་རུ་སྐུ་འཁྲུངས། ཁོང་གི་ཡབ་ནི་སྙན་ངག་དང་རི་མོར་མཁས་པ་ཞིག་ཡིན་པས་ཁོང་ལ་ཆུང་ངུའི་དུས་སུ་དེའི་ཤུགས་རྐྱེན་ཐེབས། ཁོང་དགུང་ལོ་དྲུག་གི་དུས་སུ། ཡབ་སྐུ་གཤེགས་པར་གྱུར་ཅིང་ཨ་མས་སྐྱེས་པ་གཞན་དང་གཉེན་བསྒྲིགས། ༡༨༣༦ལོ་སྟེ།  ཁོང་དགུང་ལོ་བཅོ་ལྔའི་སྐབས་སུ་ཕ་རི་སིའི་ལོ་དབྱི་བཙན་རྒྱལ་གྱི་སློབ་འབྲིང་དུ་ཞུགས་ཤིང་དུས་དེ་ནས་བཟུང་ཁོང་གིས་དེ་སྔའི་སྙན་ངག་པ་གྲགས་ཅན་དག་གི་བརྩམས་ཆོས་ཀློག་མགོ་བརྩམས་པར་མ་ཟད་ཁོང་གི་སྙན་ངག་ཕྱོགས་ཀྱི་སྐྱེས་ཐོབ་ཀྱི་ཤེས་རབ་ཀྱང་མངོན་པར་གྱུར། འོན་ཀྱང་དགེ་རྒན་གྱིས་ཁོང་གི་ཚོད་ལྟའི་སྙན་ངག་དེ་དག་ལས་ན་ཚོད་དང་མི་འཚམས་པའི་འཆལ་སྤྱོད་ཅིག་མཐོང་ཡོང་ཟེར་ནས་སྐྱོན་བརྗོད་བྱས། ༡༨༣༧ལོར་ཁོང་ལ་སློབ་འབྲིང་གི་སྦྱངས་འབྲས་བཟང་བའི་སློབ་མའི་སྤྱི་རྒྱུགས་སུ་ལ་ཏེན་སྐད་ཀྱི་སྙན་ངག་གི་བྱ་དགའ་ཨང་གཉིས་པ་ཐོབ། ༡༨༣༨ལོར། ཁོང་གང་ལའང་མ་འཛེམ་པར་སློབ་གྲོགས་ཤིག་གི་རྒྱབ་དཔུང་དུ་ལངས་པས་སློབ་འབྲིང་དེས་སྒོར་ཕྱུང་། 
  ༡༨༤༠ལོར། ཕོ་ལོ་བཅུ་དགུ་ཡིན་པའི་བྷོ་དི་ལེར་རང་དབང་གིས་འཚོ་བ་རོལ་མགོ་བརྩམས་ཤིང་རྩོམ་པ་པོ་དང་སྙན་ངག་པ་མང་པོར་འབྲེལ་འདྲིས་བྱུང་བ་དང་ཚགས་པར་ཞིག་གི་རྩོམ་འབྲི་བ་བྱས། ༡༨༤༡ལོར། ཁོང་གི་འཆལ་བོའི་སྤྱོད་པས་ཕ་ཡར་གྱི་ཐུགས་དཀྲུགས་ཤིང་ཁོས་བྷོ་དི་ལེར་རྒྱ་གར་དུ་འགྲོ་བའི་གྲུ་གཟིངས་ཞིག་ཏུ་བཞག་ཅིང་དཀའ་སྡུག་གི་འཚོ་བའི་ཁྲོད་ནས་ཁོང་ལ་འགྱུར་བ་ཨེ་ཡོད་བལྟས། ༡༨༤༢ལོའི་ཟླ་གཉིས་པར། ཁོང་མཚོ་འགྲུལ་གྱི་ལམ་བར་ནས་ཕྱིར་ཕ་རི་སིར་ལོག་པའི་གྲུ་གཟིངས་ཤིག་ཏུ་བསྡད་པ་དང་། ཤར་ཕྱོགས་སུ་སྐྱོད་ཐེངས་དེ་ནི་རྗེས་སུ་ཁོང་གི་རྩོམ་པའི་རིག་པ་ཀློང་དུ་བརྡོལ་བའི་རྐྱེན་གཙོ་བོ་ཡིན་ཞེས་བཤད་ཆོག ལོ་དེའི་ཟླ་བཞི་བར། ཁོང་གིས་ཕ་ཡར་གྱི་ནོར་རྣམས་རྒྱུད་འཛིན་བྱས་ཤིང་བག་མེད་རྒྱས་སྤྲོས་ཀྱི་འཚོ་བ་རོལ་མགོ་བརྩམས་པ་དང་། ཟས་ཞིམ་པོ་དང་གོས་རྩ་ཆེན། མཛེས་མ་དང་ཉལ་ཐ་སོགས་ཀྱིས་ཁོང་གི་སྙན་ངག་ཏུ་ངོ་མཚར་བའི་ཚོན་མདངས་རིགས་ཤིག་ཀྱང་བྱུགས་སོང་། 
  ༡༨༤༣ལོར། བྷོ་དི་ལེར་གྱིས་<<སྡིག་པའི་མེ་ཏོག>>ཏུ་འགོད་འགྱུར་གྱི་སྙན་ངག་དེ་དག་གསར་རྩོམ་བྱེད་མགོ་ཚུགས། དེའང་ཁོང་གི་རྒྱུ་ནོར་གྱི་ཕྱོགས་ལ་སེར་སྣ་གཏན་ནས་མི་བྱེད་པས་ཁོང་གི་ཁྱིམ་མིས་དེའི་ཕྱོགས་ཀྱི་ལྟ་རྟོག་པ་ཞིག་བསྐོས་པར་མ་ཟད་ཟླ་བ་རེའི་ནང་ཁོང་ལ་ཧྥ་སྒོར་༢༠༠རེ་ལས་མི་སྟེར་རྒྱུ་བྱས། ཕྱི་ལོར་ཁོང་གིས་རང་སྲོག་གཅོད་རྩིས་ཀྱང་བྱས། ༡༨༤༦ལོར། ཁོང་གིས་སྙན་ངག་དང་། བརྩམས་སྒྲུང་། རྩོམ་རིག་གི་དཔྱད་གཏམ། འགྱུར་རྩོམ་སོགས་བརྩམས་ཆོས་འབོར་ཆེན་བརྩམས་གནང་མཛད། ༡༨༤༥ལོ་ནས་༡༨༥༡ལོའི་བར། ཁོང་མ་བསྐུལ་དང་བླངས་ཀྱི་ངང་དུ་གསར་བརྗེ་དང་ཡར་ལངས་ཀྱི་ཁྲོད་དུ་ཞུགས། འོན་ཀྱང་དེང་གི་རྒྱུ་ཆ་སོགས་སུ་བལྟས་ཚེ་ཁོང་ལ་ཆབ་སྲིད་ཀྱི་ཕྱོགས་ནས་འཇོན་ཐང་ཤིན་ཏུ་ཆུང་བ་ཤེས་ཐུབ། 
  བྷོ་དི་ལེར་ལ་ཕ་རི་སིའི་རྩོམ་སྟེགས་ནས་ཐོག་མར་སྐད་གྲགས་རྒྱས་བྱེད་ནི་སྙན་ངག་མ་ཡིན་པར་རྩོམ་རིག་གི་དཔྱད་གཏམ་རེད། ༡༩༥༧ལོར<<སྡིག་པའི་མེ་ཏོག>>པར་དུ་བསྐྲུན་རྗེས་རྩོམ་སྟེགས་ལ་གྲགས་འགུལ་ཆེན་པོ་བཟོས་པར་མ་ཟད་ཁྲིམས་ཁང་གིས་ཚུལ་མིན་གྱི་སྤྱོད་ལམ་བསྐྱངས་པ་རྒྱུ་མཚན་དུ་བྱས་ནས་ཁོང་ལ་ཧྥ་སྒོར་༣༠༠ཆད་པ་རུ་བཅད་པ་དང་། སྙན་དེབ་ནང་གི་སྙན་ངག་དྲུག་བསུབ་དགོས་པར་བཤད། སྐབས་དེའི་རྩོམ་པ་ཚོའི་དེའི་ཕྱོགས་ཀྱི་ལྟ་ཚུལ་རིགས་གཉིས་སུ་གྱེས་ནའང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་འགའ་ཞིག་ལས་མེད། རྩོམ་པའི་དབང་ཕྱུག་བུ་ཁུ་ཐོར་ཝི་ཀོ(Victor Hugo)མཆོག་གིས་ཁོང་ལ་འཕྲིན་བསྐུར་ཏེ<<སྡིག་པའི་མེ་ཏོག>>ལ་བསྔགས་བརྗོད་བྱས། ༡༨༦༡ལོར། སྙན་ངག་དྲུག་པོ་བསུབ་སྟེ་སྙན་ངག་གསར་བ་སོ་ལྔ་ཁར་བསྣན་ནས<<སྡིག་པའི་མེ་ཏོག>>བསྐྱར་དུ་པར་བསྐྲུན་བྱས། ལོ་དེའི་ཟླ་༡༢པར་ཁོང་ཧྥ་རན་སེའི་རྩོམ་རིག་གླིང་གི་ཁོངས་མིའི་འོས་མིར་བདམས་ནའང་། ཕྱི་ལོའི་ཟླ་གཉིས་པར་ཁོང་གིས་དེ་དང་ལེན་མ་བྱས།
  ༡༨༦༢ལོར། ཁོང་གི་སྐུ་ལུས་ནད་ཀྱིས་མནར་བ་དང་། ལོ་ངོ་གསུམ་གྱི་རྗེས་སུ་ནད་གཞི་ཇེ་སྡུག་ཏུ་གྱུར། ༡༨༦༦ལོར་བྷེལ་ཇེམ་ནས་ཆོས་ཁང་ཞིག་ཏུ་གཟིགས་སྐོར་བྱེད་སྐབས་གློ་བུར་ཏུ་ངག་མི་འཁྲོལ་བར་གྱུར་ཅིང་ཕྱིར་ཕ་རི་སིར་ལོག་སྟེ་སྨན་ཁང་ནས་སྨན་བཅོས་བྱས། ༡༨༦༧ལོའི་ཟླ་༨པའི་ཚེས་༣༡ཉིན་སྐུ་གཤེགས་ཤིང་དེ་དུས་དགུང་གྲངས་ཞེ་དྲུག་ཡིན། 
  ཁོང་སྐུ་གཤེགས་རྗེས་ཀྱི་ལོ་བཞི་བར། ཨག་ཐེའུ་ཝམ་བྷོ་ཡིས་ཁོང་ནི“ཁོང་ནི་སྙན་ངག་པའི་ཁྲོད་ཀྱི་རྒྱལ་བོ་དང་། ལྷ་ཡི་དབང་བོ་ངོ་མ་དེ་རེད”ཅེས་བསྔགས་བརྗོད་གནང་བ་དང་། ༡༨༩༥ལོར་སི་ཐེ་ཧྥན་མ་ལག་མེ(Stéphane Mallarmé)ཡིས་སྙན་ངག་ཚིགས་རྐང་བཅུ་བཞི་མ་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་བཀྲམ་སྟེ་བྷོ་དི་ལེར་ལ་རྗེས་དྲན་ཞུས། འདུ་ཤེས་འཕྲོ་སྦྱོར་སྨྲ་བའི་བརྩམས་སྒྲུང་བ་མར་སེལ་ཕུ་སི་ཐི(Marcel Proust)ཡིས་༡༩༢༢ལོར་པར་དུ་བཏབ་པའི་རྩོམ་ཡིག་ཏུ་ཁོང་དང་ཨ་སྤག་རྡི་ཝེ་ཉེ(Alfred de Vigny)གཉིས་ཀ་ནི་དུས་རབས་བཅུ་དགུ་བའི་ཆེས་བླ་ན་མེད་པའི་སྙན་ངག་པ་རེད་ཅེས་བྲིས་འདུག

          ཀློག་པ་པོར་ཕུལ་བ།
  ཀྱེ་ཀློག་མཁན་ཚོ བླུན་རྨོངས་དང་ནོར་འཁྲུལ ཉེས་དམིགས་དང་སེར་སྣ

 དེ་དག་གིས་ངེད་ཅག་གི་སེམས་པ་བདག་གིར་བཟུང་ཞིང་ལུས་ལ་མནར་གཅོད་གཏོང

 སྤྲང་ལྟོགས་དག་གིས་རང་ལུས་ཀྱི་ཤིག་སྲོ་གསོ་བ་ཇི་བཞིན

 ངེད་ཅག་གིས་རང་ཉིད་དུངས་སའི་འགྱོད་གདུང་གཉོར་གྱིན་འདུག
 
ངེད་ཅག་གི་ཉེས་པ་སྟོབས་ཀྱིས་ཕྱུག་ཅིང་ངེད་ཅག་གི་འགྱོད་གདུང་ཉམ་རེ་ཆུང

 ངེད་ཅག་གིས་འགྱོད་བཤགས་ལས་འབྲས་བུ་སྨིན་པར་རེ་ཞིང

 སྣང་བ་སྐྱིད་པོས་ལྕི་འདམ་གྱི་ལམ་ཕྲན་བརྒལ་ནས
 
རིན་ཐང་དམན་པའི་མིག་ཆུས་ནག་ནོག་མ་ལུས་བཀྲུ་ཐུབ་པར་སྙམ

སྡིག་པའི་སྔས་འགྲམ་དུ  མཆོག་གསུམ་གྱིས་དྲེགས་པའི་བདུད་ཀྱི་རྒྱལ་པོས
 
ངེད་ཅག་གི་མགོ་འཁོར་བའི་རྣམ་ཤེས་རྨི་ལམ་གྱི་ཞིང་དུ་འཁྲིད་ཅིང

 ངེད་ཅག་གི་གསེར་བཙོ་མ་འདྲ་བའི་སེམས་པ་དེའང

 རྫས་འཕྲུལ་གྱི་མཁན་པོ་དེ་ཡིས་བཞུས་ནས་དུ་བར་སྒྱུར་བར་བྱེད
 
རེད་དེ བདུད་པོ་དེ་ཉིད་ངེད་ཅག་ལ་ཁ་ལོ་སྒྱུར་བྱེད་ཀྱི་སྐུད་པར་འཇུས་འདུག་ཅིང

 རུལ་ཅིང་མྱགས་པ་དང་ཤིན་ཏུ་བཙོག་པ་དག་གིས་ངེད་ཅག་ཀུན་ནས་བསླུས

 དེ་ལྟར་ངེད་ཅག་ཉི་མ་རེ་རེ་དང་གོམ་པ་རེ་རེ་བཞིན་དམྱལ་བར་ལྷུང་ཞིང

 རྫས་ངན་གྱིས་ཁྱབ་པའི་མུན་ནག་བརྒལ་ནའང་ཡི་ག་ནི་འཆུས་མི་འདུག

 སྤྲང་འཁྱམས་ཤིག་གིས་སྨད་འཚོང་མ་བགྲེས་མོ་ཞིག་གི་བརྙས་བཅོས་ཐེབས་པའི

 ནུ་མ་ཉིད་འོ་བྱེད་ཀྱིན་ཤུགས་ཆེན་པོས་ནུ་བ་ཇི་བཞིན
 
ངེད་ཅག་གིས་གསང་བའི་སྤྲོ་དགའ་དེ་ཉིད་ལྐོག་ཏུ་ལོངས་སུ་སྤྱོད་ཅིང
 དེ་ཉིད་ཚ་ལུ་མ་རུལ་བ་ཞིག་ལྟར་དམ་དུ་འཚིར་བར་བྱེད

 བདུད་ཀྱི་དཔུང་དེས་སྐྱག་འབུ་གྲངས་མེད་པ་རུབ་པ་དང་འདྲ་བར
 
ངེད་ཅག་གི་ཀླད་པའི་ནང་དུ་རྒྱས་ཟ་རྒྱས་འཐུང་བྱེད་པས
 
ངེད་ཅག་གིས་དབུགས་བླངས་པ་ཙམ་གྱིས 
 འཆི་བ་ཉིད་གཟུགས་མེད་པའི་གཙང་བོ་དང་འདྲ་བར

 ཤུ་སྒྲ་ཐན་ཐུན་དང་ལྷན་ཅིག་ངེད་ཅག་གི་གློ་བའི་ནང་འཛུལ་ངེས

 གལ་སྲིད་བཙན་གཡེམ་མམ་དུག་རྫས་སམ་གྲི་རྣོན་པོའམ་མེ་ཕུང་བཅས་ཀྱིས
 
ཁོ་ཚོའི་གད་མོ་སློང་བྱེད་ཀྱི་གཟུགས་རིས་དེ་དག

 ངེད་ཅག་གི་སྙིང་རྗེ་བའི་ལས་དབང་གི་ངོས་སུ་ཕབ་མེད་པ་ཡིན་ན

 ངེད་ཅག་གི་སེམས་པ་འདི་ཉིད་ད་དུང་བག་འཁུམས་ཀྱི་ངང་དུ་གནས་ཡོད་པ་ཡིན་ནོ

 འོན་ཏེ་ངེད་ཅག་གི་ཤིན་ཏུ་རྫོབ་པའི་ཉོན་མོངས་ཀྱི་རི་དྭགས་ར་བ་དེ་རུ

 འཕར་བའམ་གཟིག་གམ་རྔོན་ཁྱིའམ་སྤྲེའུའམ

སྡིག་པ་ར་ཙའམ་བྱ་རྒོད་དམ་དུག་སྦྲུལ་བཅས་ཀྱིས

 དགོད་ཀྱིན་མཆེ་བ་གཙིགས་པ་དང་ངུ་བཞིན་རྩེད་མོ་རྩེ་བར་བྱེད

 ད་དུང་དེ་དག་ལས་ཀྱང་གདུག་པ་ཆེ་ཞིང་རབ་ཏུ་རྩུབ་པ་ཞིག་འདུག་སྟེ

 དེ་ཉིད་སྐད་སྒྲ་མི་འབྱིན་པར་བརྟན་པོར་འདུག་མོད

 དེས་ས་གཞི་ཆེན་པོ་འདི་སྐད་ཅིག་རིང་མྱ་ངམ་གྱི་ཐང་དུ་སྒྱུར་ཅིང
 
དབུགས་ལེན་ཐེངས་གཅིག་གིས་གོ་ལ་འདི་ཁྱུར་མིད་གཏང་ངེས

འདི་ལ་ཅི་བྱ་གཏོལ་བྲལ་ཅེས་བྱ་སྟེ  དེས་བཟོད་པར་དཀའ་བའི་མཆི་མ་ཡིས་འདྲེན་བྱེད་བཀང་ནས
 ཆུ་ཐ་འཐེན་བཞིན་སྐེ་གཅོད་སྟེགས་བུ་དྲན་གྱི་འདུག 

 ཀྱེ་ཀློག་མཁན  ཁྱེད་ཀྱིས་གདུག་རྩུབ་ལྡན་པའི་འདྲེ་སྲིན་དེ་ངོ་ཤེས་པར་གྱིས་ཤིག

 ཟོབ་རྫུར་མཁས་པའི་ཀློག་མཁན  ང་ཡི་སྤུན་ཟླ ང་ཡི་རིགས་མཐུན

         རྒན་པོ་བདུན། 
 
འཚང་ཁ་ཤིག་ཤིག་བྱེད་ཅིང་རྨི་ལམ་གྱིས་ཁྱབ་པའི་གྲོང་ཁྱེར་དུ

 རྣམ་ཤེས་འཁྱམ་པོ་དག་གིས་ཉིན་མོའི་དུས་སུའང་མི་རྣམས་ཀྱི་ལྭ་སྣེ་ནས་འཐེན་པར་བྱེད

 ག་ས་ག་རུ་སྡོང་བོའི་ཐང་ཆུ་ལྟ་བའི་གསང་བ་བཞུར་ཅིང

 དེ་ཉིད་མི་བོ་ཆེའི་ཤིན་ཏུ་ཕྲ་བའི་ཁྲག་རྩ་རུ་རྒྱུ་བར་བྱེད

ཉིན་ཞིག་གི་ཞོགས་པར  སེམས་ཁྲལ་དང་གཏི་མུག་གིས་བཟུང་བའི་སྲང་ལམ་ཞིག་ཏུ

 སྡོད་ཁང་དག་ན་བུན་གྱིས་གཡོགས་ཏེ་མཐོ་ནས་མཐོ་རུ་འཕགས

 གཙང་བོ་བྲུགས་ཏེ་གྲམ་ཁའི་ཕྱོགས་གཉིས་ཀར་བཞུར་བ་ཇི་བཞིན

 དུ་སྨུག་ཁམ་པ་དེས་བར་སྣང་ཡོངས་སུ་བསྒྲིབས
 
དེ་ཉིད་གར་མཁན་ཞིག་གི་བླ་སྲོག་ལྟ་བུའི་རྒྱབ་ལྗོངས་ཤིག་ཏུ་གྱུར་ལ

 བདག་ནི་འཁྲབ་སྟོན་པ་གཙོ་བ་ཡིན་པ་ལྟར་དངངས་ཤིང་འཚབ་པར་གྱུར་བ་དང

  རྗེས་སུ་ཞུགས་ཤིང་ཐང་ཆད་པའི་རང་གི་རྣམ་ཤེས་ལ་རྩོད་པ་བྱེད་ཀྱིན

  མོ་ཊ་ལྗིད་པོ་དག་ཕར་འགྲོ་ཚུར་ཡོང་བྱེད་སའི་སྲང་འདབས་ནས་ཅི་བྱ་གཏོལ་བྲལ་དུ་གྱུར

 གློ་བུར་ཏུ་རྒན་པོ་ཞིག་མངོན་པར་གྱུར་ཅིང་
 ཁོའི་གྱོན་གོས་སེར་བོ་དེ
 ཆར་བ་སྦྲུམ་པའི་ནམ་མཁའི་ཁ་དོག་དང་མཚུངས

 གལ་སྲིད་ཁོའི་མིག་ནང་ནས་གཞན་ལ་འཚེ་བའི་མདངས་དེ་མ་མངོན་ཚེ

 དངུལ་གྱི་ཆར་བའི་སྦྱིན་པ་ཤག་ཤག་ཏུ་ཕབ་པར་ཐེ་མི་ཚོམ

 ཁོའི་མིག་འབྲས་ནི་མཁྲིས་ཁུའི་ནང་དུ་སྦངས་ཡོད་པ་དང་འདྲ་ལ
 
ཁོའི་མིག་མདངས་ནི་གྲང་ངར་ཁྲོད་ཀྱི་ཟིལ་བ་དང་མཚུངས

 ཁོའི་ཨག་ཚོམ་རིང་པོ་དེ་གྲི་ཐུང་ཞིག་བཞིན་མཁྲེགས་པོར་གྱུར་ཏེ

 ཇོའུ་ཏ་ཡི་ཡིན་པ་ལྟར་མི་ཚོགས་ཀྱི་ཕྱོགས་སུ་གཏད་པར་བྱེད

 ཁོའི་རྒྱབ་སྒུར་མེད་ནའང་སྐེད་པ་ཆད་པ་ལྟར་འདུག་ཅིང

 ལུས་ཀྱི་སྟོད་སྨད་གཉིས་ཀ་དྲང་ཟུར་ཅིག་ལྟར་འཁྱོག་འདུག

 དེའི་ཕྱིར་རམ་འདེགས་བྱེད་པའི་འཁར་བ་ཡིས
 
ཁོ་ལ་གོམ་པ་འཁྱར་འཁྱོར་དུ་སྤོ་རུ་འཇུག

 ཁོ་གཅན་གཟན་གྱོལ་བོ་ཞིག་དང་འདྲ་ལ་རྐང་བ་གསུམ་ཅན་གྱི་ཡ་ཧུ་ད་བ་ཞིག་དང་ཡང་མཚུངས

 ཁོ་གངས་དང་ལྕི་འདམ་གྱི་ཁྲོད་དུ་ཟུག་ཡོད་པ་བཞིན་འཐེང་འགྲོས་ཀྱིས་འགྲོ

 ཁོས་ལྷམ་གོག་གིས་ཤི་བོ་མང་པོ་རྡོག་རྫིས་སུ་གཏོང་བ་ཇི་བཞིན

 འཇིག་རྟེན་འདི་ལ་ཞེ་ཁྲེལ་ཅིང་སྙིང་ནག་པའི་རྣམ་པ་སྟོན་པར་བྱེད

 ཨག་ཚོམ་དང་རྒྱབ མིག་ཟུང འཁར་བ གྱོན་གོས་ཧྲལ་བོ་བཅས་ཁོ་དང་ཡོངས་སུ་མཚུངས་པའི་

 རྒན་པོ་ཞིག་ཁོའི་རྗེས་སུ་འབྲངས་པ་དང་ཁོ་གཉིས་ནི་དམྱལ་ཁམས་གཅིག་ནས་ཡར་ཐོན་པ་འདྲ

 ལོ་བརྒྱ་ལོན་པའི་རྒན་པོ་མཚེ་མ་དེ་གཉིས་ནི་ཁྱད་མཚར་བའི་རྣམ་ཤེས་འཁྱམ་པོ་གཉིས་ཏེ

 ཤིན་ཏུ་མཉམ་པའི་གོམ་སྟབས་ཀྱིས་སྟོང་བའི་གནས་སུ་སྐྱོད་པར་བྱེད

 བདག་ནི་ཐ་ཆད་པའི་ལྐོག་ཇུས་ཤིག་གི་གཟེབ་ཏུ་ཚུད་དེ

 བདག་ལ་གནོད་ཅིང་འཚེ་བའི་ལས་གང་གི་བསྙས་སྨོད་ཐེབས་སོང་སྙམ་ནས

 ངས་སྐར་ཆ་རེ་རེ་བཞིན་ཐེངས་བདུན་ལ་བརྩིས་པ་ན

 འཇིགས་སུ་རུང་བའི་རྒན་པོ་དེ་བརྩིས་པ་དང་མཉམ་པོར་མང་དུ་འཕེལ་གྱིན་འདུག

 སྐྱེ་བོ་འགའ་ཞིག་གིས་བདག་གི་སེམས་ཁྲལ་དང་དོགས་སྣང་ལ་འཕྱ་བར་བྱེད་ཅིང
 
འགའ་ཞིག་ནི་བརྩེ་བ་མེད་པར་རྒྱང་དུ་བཀྱེད་འགྲོ

 ཞིབ་ཏུ་བསམ་ཚེ་རྒན་པོ་འདི་དག་ནི་ཤིན་ཏུ་མི་སྡུག་པར་སྣང་ནའང

 གཞན་ལ་མེད་པའི་ཐེར་ཟུག་གི་དཔལ་གྱིས་དྲེགས་པར་འདུག

 གལ་སྲིད་བདག་ལ་ཅི་ཡང་མ་བྱས་པར་མིག་ལམ་དུ་བརྒྱད་པ་དེའང་མངོན་པར་འགྱུར་སྲིད་ན
 
གདུག་རྩུབ་ཆེ་ཞིང་གཞན་ལ་འཕྱ་བ་དང་ལས་དབང་གི་སྤྲུལ་བ་དེ་ཉིད

 མདོག་ཉེས་པའི་བྱ་ཚེ་རིང་ངམ་ཕ་བུ་ལུས་གཅིག་ཅན་དེ་ཡིན་སྲིད་ན

 བདག་ནི་ཕྱི་མིག་ཅིག་ཀྱང་མི་ལྟ་བར་དམྱལ་ཁམས་དེ་ནས་མགྱོགས་པོར་འབྲོ་སྲིད

 ཁོང་ཁྲོའི་རྐྱེན་གྱིས་ང་རང་མགོ་ཡོམ་འཁོར་བའི་བཟི་བོ་ཞིག་བཞིན
 
ཕྱིར་རང་གི་ཁྱིམ་དུ་ལོག་ཅིང་སྒོ་མོ་བརྒྱབ་ནའང་སེམས་ནི་འཇིགས་སྐྲག་གིས་ཁྱབ་འདུག

 ནད་ཀྱིས་ཟིན་པའམ་ལུས་རེངས་པར་གྱུར་བ་དང་འདྲ་ཞིང་སེམས་ནི་ཚ་བས་ངར་ལ་ཅི་བྱེད་ཆ་མ་འཚལ

  ཕྱིན་ཅི་ལོག་པ་དང་ལྐོག་ཏུ་གྱུར་བ་དེ་བདག་གི་རྨ་ཁ་དང་འཕྲད

 བདག་གིས་ནན་ཏན་གྱི་ངང་དུ་རང་གི་གྲུ་ལ་ཁ་ལོ་བསྒྱུར་འདོད་ནའང་ཅི་ཡང་མི་ནུས

 རླུང་ནག་འཚུབ་མ་དེས་ངལ་བ་མཐའ་དག་འབྲས་མེད་དུ་བསྒྱུར
 
བདག་གི་རྣམ་ཤེས་ཀྱིས་མཆོངས་ལྡིང་བྱེད་ནའང་དེ་ཉིད་དར་ཤིང་མེད་པའི་གྲུ་ཆག་པོ་ཞིག་དང་འདྲ་བར་
 ཡངས་ཤིང་ཆེ་བའི་སྡུག་བསྔལ་གྱི་རྒྱ་མཚོ་རུ་ངེས་པ་མེད་པར་དལ་གྱིས་འགྲོ

  ཕྲན་བཤད། སྒྱུ་རྩལ་གྱི་མཐར་ཐུག་གི་སྙེག་ས་ནི་མཛེས་པ་ཡིན་མོད་ཀྱང་མཛེས་པ་ཞེས་པ་ལ་མཚན་ཉིད་རྣམ་པ་སྣ་ཚོགས་སུ་ངེས། ཤག་ལུ་བྷོ་དི་ལེར་གྱིས་བལྟས་ན་མཛེས་པ་ནི་འཆིང་རྒྱས་སྡོམ་དུ་མི་རུང་ལ་དགེ་བ་ནི་མཛེས་པ་དང་མི་མཚུངས་པར་མཛེས་པ་ནི་སྡིག་པ་དང་བཙོག་པའི་ཁྲོད་དུའང་ཡོད་པར་འདོད། དུས་རབས་གཉིས་ཀྱི་ཡར་སྔོན་དུ། བྷོ་དི་ལེར་གྱིས་ཁོ་རང་གིས་གསར་དུ་བཟོས་པའི་མཛེས་པ་དེ་སྐྱེ་བོ་རྣམས་ཀྱི་མདུན་སར་ངོམ་དུས་དཔྱད་བརྗོད་པ་རྣམས་ཀྱིས་ཁོ་ལ་“བདུད་ཀྱི་སྙན་ངག་པ”ཞེས་བོས་པ་རེད། སྐབས་དེར་འཆར་ཡན་རིང་ལུགས་ཀྱིི་དུས་མཐར་བསླེབས་འདུག་ལ་ཀུན་གྱིས་ཁས་ལེན་པའི་བརྗོད་བྱ་མཐའ་དག་སྙིང་བོ་མེད་པ་ལྟ་བུར་ལུས་འདུག སྙན་ངག་པ་མང་པོས་སྔར་གྱི་གནས་དེ་ན་འཚང་ཁ་ཤིག་ཤིག་གིས་སྤོབས་པ་ཆེ་བའི་གསར་གཏོད་པ་ཞིག་འབྱུང་བར་བསྒུགས་ཡོད་ལ། ཁོ་ཚོ་དང་མི་འདྲ་བར་བས་མཐའི་གནས་ཤིག་ཏུ“སྡིག་པའི་མེ་ཏོག”རྙེད་མཁན་གྱི་བྷོ་དི་ལེར་ནི་དུས་སྐབས་དེའི་སྙན་ངག་གི་གསར་བརྗེ་བར་གྱུར་བ་རེད། 
  ཁོང་གི་སྙན་ངག་ཏུ་ཕལ་བའི་སྐྱེ་བོའི་བློ་ཡུལ་ལས་འགོངས་པའི་འཇིག་རྟེན་གསར་བ་ཞིག་བསྐྱར་དུ་བཞེངས་ཡོད་ལ་དེ་ནི་སྲོལ་རྒྱུན་གྱི་སྙན་ངག་པ་རྣམས་ཀྱིས་མཛེས་མ་ཉིད་དཔེར་འགོད་སའི་མེ་ཏོག་དེ་མ་ཡིན་པར་གད་སྙིགས་ཀྱི་ར་བ་དང་། སྨྱོན་པ། ཀེང་རུས། སྐེ་གཅོད་སྟེགས་བུ། བཟི་བོ། སྲང་ལམ་སྟོང་བ། སྨད་འཚོང་མ་སོགས་ཐ་སྙད་བཙོག་པ་དག་གིས་གྲུབ་པའི“སྡིག་པའི་མེ་ཏོག”དེ་རེད་ལ་དེ་ནི་སྲོལ་རྒྱུན་གྱི་སྙན་ངག་པ་ཚོས་མ་མཐོང་བར་ཤུལ་ཏུ་ལུས་པའི་ཁོང་གི་ཞིང་ཁམས་ཡང་རེད། 
  སྙན་དེབ<<སྡིག་པའི་མེ་ཏོག>>གི་མགོ་བརྗོད་དུ་ཁོང་གིས“ཅི་ཞིག་ནི་སྙན་ངག་ཡིན་པ་དང་ཅི་ཞིག་ནི་སྙན་ངག་གི་དམིགས་ཡུལ་རེད་ཅེ་ན། དགེ་བ་དང་མཛེས་པ་གཉིས་སོ་སོར་དབྱེ་སྟེ་སྡིག་པའི་ཁྲོད་ནས་མཛེས་པ་བཙལ་རྒྱུ་དེ་རེད”ཅེས་བྲིས་འདུག་པ་དང་ཏག་ཏག་གཞན་ལ་མེད་པའི་མཛེས་དཔྱོད་ཀྱི་བསམ་བློ་དེའི་རྐྱེན་པས་ཁོང་ནི་ཆེས་མཐའ་མཇུག་གི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་དང་། ཆེས་ཐོག་མའི་དེང་རབས་རིང་ལུགས་ཀྱི་སྙན་ངག་པར་གྱུར་བ་རེད། 

 བརྩམས་ཆོས་གཙོ་གྲས། 

 ལྷུག་རྩོམ་དེབ<<ཕ་རི་སིའི་སེམས་ཁྲལ>>

 སྙན་ངག་དེབ<<སྡིག་པའི་མེ་ཏོག>>

  གསལ་བཤད། གོང་དུ་བཀོད་པ་ནི་བདག་གིས་སྒྲིག་བཞིན་པ་དང་སྒྱུར་བཞིན་པའི་དེབ<<ནུབ་ཀྱི་དེང་རབས་རིང་ལུགས་པའི་སྙན་ངག་པ་དང་ཁོང་ཚོའི་སྙན་ངག>>(གནས་སྐབས་ཀྱི་ཁ་བྱང)ཅེས་པའི་དེབ་དེའི་ནང་ནས་ཁོལ་དུ་ཕྱུང་བ་ཡིན་པས་དུས་དེབ་དང་དྲ་བ་གཞན་དུ་མི་འགོད་པར་འཚལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།