བོད་ཀྱི་གཞས་མ་འགའ་ཞིག་གློ་བུར་རྒྱགས་པ་ཆགས་པའི་དོན་ལས་འཕྲོས་ཏེ་བྲིས་པ་ཞིག༼ལྷུག་རྩོམ༽

  མདང་དགོང་ཁོ་བོས་བོད་སྐད་ཀྱི་༢༠༡༣ལོའི་ལོ་སར་དགོང་ཚོགས་ཀྱི་འོད་སྡེར་འགའ་ལ་བལྟས། སྤྱིར་མགྲིན་པའི་ནང་ནས་སྒྲ་ཙམ་འབྱུང་རྒྱུ་ཡོད་པ་ཚང་མས་སྐྱེ་བོ་གཞན་གྱིས་བྲིས་པའི་གཞས་ཚིག་ཅིག་རྗེས་ཟློས་བྱེད་ཐུབ་པ་ཙམ་གྱིས་གཞན་གྱི་ཚོར་བར་མི་དམིགས་པར་རང་གིས་དེ་ཉིད“སྙན་མོ་དབྱངས་སུ་བཀུགས་ཡོད”སྙམ་ནས་གར་སྟེགས་སུ་འབུད་རྒྱུར་དོགས་པ་དང་ངོ་ཚ་ཕྲན་ཙམ་མེད་པས་རང་རེའི་ཁོར་ཡུག་ཏུ་གླུ་གཞས་ཀྱི་འོད་སྡེར་དེ་དག་ཟས་རིགས་རྫུན་མ་རྣམས་དང་ལྷན་དུ་ཐོན་གྱི་ཡོད་པ་དང་། “འཚོ་བ་གསར་བར”ཞུགས་པའི་རོང་འབྲོག་མང་ཚོགས་ཀྱིས་དེ་དག་འཚང་ཁ་ཤིག་ཤིག་གིས་ཉོ་ཡིན་ཡོད་པ་རེད། ཚུལ་དེ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་གི་མི་རྣམས་ཧང་ཀང་དུ་སོང་ནས་འོ་ཕྱེ་གཙང་མ་འཕྲོག་ཉོ་བྱེད་པ་དང་ཅི་འདྲའི་མཚུངས་ཨང་། སྐབས་འགར་བདག་གིས་བོད་མི་ཚོས་ནམ་ཞིག་འོད་སྡེར་དེ་དག་ཉོ་བ་བཞིན་ཤེས་བྱ་དང་རིག་གནས་ཀྱི་དེབ་དག་ཉོ་བའི་ཆུ་ཚད་ཅིག་ལ་བསླེབ་ཚེ་རང་རེའི་མི་རིགས་འདིའང་ངེས་པ་དོན་གྱི་སྟོབས་དང་ལྡན་པར་འགྱུར་ངེས་རེད་སྙམ་མོད། སྤྲང་བོ་དང་ཇག་རྐུན། རྒྱན་པོ་འགྱེད་མཁན། ཆོས་རྫུན་བཤད་མཁན་གྱིས་གང་བའི་རང་རེའི་ཁོར་ཡུག་དེར་ལན་ཅིག་བཤེར་བས་དེ་ནི་ང་རང་གི་སེམས་ཀྱི་འདུན་པ་ཙམ་ལས་གཞན་ཅི་ཡང་མིན་པ་ཤེས་སོང་། 
  དོན་གྱི་རྡོ་ཁ་དཀྱུས་སུ་བསྟན་ན། གཞུང་ཕྱོགས་ཀྱི་བརྙན་འཕྲིན་ཁང་རྣམས་ཀྱིས་ཀྱང་དམངས་ཁྲོད་ཀྱི་ཚོང་བ་རྣམས་དང་འདྲ་བར་ལོ་སར་གྱི་དུས་སུ་བོད་ཀྱི་གཞས་པ་གཞས་མ་རྣམས་བོས་ཏེ་རང་གི་ཁེ་ཕན་བསྒྲུབས་པའི་ཐབས་འཚོལ་གྱིན་ཡོད་ལ་རོང་འབྲོག་མང་ཚོགས་ཀྱིས་ཀྱང་ཆགས་ལྡན་གྱིས་མཛེས་མ་སྒུག་པ་བཞིན་འོད་སྡེར་དེ་དག་ལ་སྒུག་གིན་ཡོད་པ་དང་། གཞས་པ་གཞས་མ་དག་གིས་ཀྱང་རང་ལ་གར་སྟེགས་དེ་དབང་ནས་སྙན་དང་གྲགས་པ་འཚོལ་ཕྱིར་གླ་ཆ་ཡོད་མེད་དང་ཆ་རྐྱེན་ལེགས་མིན་སོགས་ལ་མི་ལྟ་བར་དེའི་སྒོ་ཐེམ་སྙེག་རྐྱང་བྱེད་ཀྱིན་ཡོད།ཕར་བལྟས་ཚེ་ཕྱོགས་དེ་གསུམ་པོར་མཉམ་གཅིག་ཏུ་ཁེ་ཕན་རག་གིན་ཡོད་པ་ལྟ་བུར་མཐོང་མོད། སྒོག་པའི་ཤུན་ལྤགས་བཤུ་བ་བཞིན་ཞིབ་ཏུ་བརྟག་ཚེ་དེ་འདྲ་མ་ཡིན་པར་རོང་འབྲོག་མང་ཚོགས་ལ་མགོ་གཡོག་རྐྱང་བྱེད་བཞིན་པ་ཤེས་ཐུབ། 

  དེའང་དོན་བྱེ་བྲག་པ་ཞིག་དམིགས་གྱིས་བསལ་ཏེ་བཤད་ན། ཁོ་བོས་མདང་ནུབ་པོད་ཕྲན་དུ་སྤེལ་བ་ལྟར“གར་སྟེགས་ནས་གཞས་བཏང་སྟེ་མི་ཚེ་སྐྱེལ་བའི་འཁྲབ་སྟོན་པ་ཞིག་ལ་མཚོན་ན་ཆེད་དུ་ཆ་བྱད་དང་མཆོར་ཉམས་ཀྱི་ཕྱོགས་ནས་རོགས་པ་བྱེད་པའི་མི་མེད་ཚེ་རང་གི་ཟས་གོས་སྤྱོད་ལམ་སོགས་ལ་ཤིན་ཏུ་གཟབ་སྟེ་ལང་ཚོའི་མཛེས་སྡུག་འཕྲོག་པའི་དུས་ཀྱི་བདུད་པོ་དང་འཐབ་དགོས་པར་སྣང་། དེ་མ་ཡིན་པར་འགྲམ་པ་དང་སྒྱིད་པའི་ནང་དུ་དབུགས་བརྒྱབ་པ་ལྟ་བུར་བྱས་ནས་ན་ནིང་གི་མཆོད་པའི་ལྷ་མོ་དེ་ད་ལོ་ཕག་པ་པ་ཅེ་བྱས་ནས་ལྟད་མོ་བའི་མདུན་དུ་ལྷགས་ཚེ་སྒྱུ་རྩལ་ལ་བརྩི་འཇོག་མ་བྱས་པ་དང་གཞས་ཞེན་པ་དག་ལའང་བརྩི་འཇོག་མ་བྱས་པ་རེད”ཅེས་པ་དེ་ཡིན། དེའང་གར་སྟེགས་ནས་འཁྲབ་སྟོན་བྱེད་པའི་གཞས་པ་གཞས་མ་རྣམས་ལ་མཚོན་ན། ལང་ཚོའི་མཆོར་སྒེག་ངོམ་བཞིན་གཞས་གཏོང་བའི་རིགས་ཤིག་དང་། སྒྱུ་རྩལ་བ་རང་གི་གཤིས་ཀའི་མཛེས་པ་ངོམ་བཞིན་གཞས་གཏོང་བའི་རིགས་གཉིས་ཡོད་ལ་ངས་འདིར་བརྗོད་པ་ནི་སྔ་མ་དེ་ཡིན། དེའང་གར་སྟེགས་ནས་གཞས་གཏོང་བ་དང་། ཉམས་དང་འགྱུར་བ་སྣ་ཚོགས་སུ་བྱེད་པ། རྩེད་བྲོ་དང་གར་སྟབས་སྒྱུར་བ་ནི་ལྟད་མོ་བའི་ཡིད་ལ་དགའ་བདེའི་ཚོར་བ་སྦྱིན་ཏེ་ཡིད་འཕྲོག་པར་བྱེད་པ་དེ་ཡིན་པ་སྨོས་ཅི་དགོས། དེ་བས་གཞས་པ་གཞས་མ་དེ་དག་གིས་རང་གི་ལུས་ཀྱི་ཆ་བྱད་དང་།གཟུགས་ཀྱི་མཛེས་པ་ལ་ཤིན་ཏུ་དོ་སྣང་བྱས་ཏེ་རང་ཉིད་ལྟད་མོ་བའི་མིག་ཤེས་དང་རྣ་ཤེས་ཀྱི་ལོངས་སྤྱོད་དུ་འགྱུར་བར་བྱ་དགོས།
 
  བདུན་ཕྲག་རེའི་ནང་ལ་ཐེངས་གཉིས་རེར་ཡོ་ག་སྦྱོང་བཞིན་པའི་Nicole Kidman
  སྤྱིར་དུས་ཀྱི་ཆོམ་རྐུན་ལག་པ་མང་པོ་ཅན་དེས་སྒྱུ་རྩལ་བ་ཚུད་པའི་འཇིག་རྟེན་སྐྱེ་བོ་རྣམས་ཀྱི་ལུས་དང་ལང་ཚོའི་མཛེས་པ་བརྐུས་འགྲོ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་ནའང་འཁྲབ་སྟོན་གྱི་ལས་གཙོ་བོ་ཡིན་པའི་སྒྱུ་རྩལ་བ་དག་གིས་དེ་ལ་ཆེད་དུ་རྒོལ་བར་བྱེད་དེ། འཛམ་གླིང་དུ་སྙན་གྲགས་ཆེ་བའི་གཞས་མ་དང་གློག་བརྙན་འཁྲབ་སྟོན་པ་དག་མ་ཟད་རྒྱལ་ནང་གི་གཞས་མ་དེ་དག་ལའང་ཆེད་དུ་ཟས་གོས་དང་སྤྱོད་ལམ་གྱི་ཕྱོགས་ནས་བཀོད་འདོམས་བྱེད་པའི་དགེ་རྒན་ཡོད་པས་ཁོང་ཚོ་མོ་ལོ་བཞི་བཅུ་ནས་ལྔ་བཅུར་ཉེའང་སྐེད་སྐབས་དང་བྱིན་པ་ཕྲ་ཞིང་ནུ་འབུར་རྒྱས་པ་དང་། གདོང་ལ་སྒེག་པའི་ཉམས་ལྡན་པར་བྱས་ཡོད། དཔེར་ན་མོ་ལོ་བཞི་བཅུ་ཞེ་གསུམ་ཡིན་ལ་ཕྲུ་གུ་གསུམ་གྱི་ཨ་མ་ཡིན་པའི་དབུ་མ་སུར་མན(Uma Thurman)ལྟ་བུར་མཚོན་ན་ད་དུང་ཡང་དྲག་རྩལ་སྦྱོང་བར་བརྟེན་ནས་ལུས་མཛེས་པར་བྱེད་པ་དང་། གཞས་མ་ལེན་དབྱི་ལེན(林忆莲)གྱིས་དམར་ཟས་སྤངས་ཏེ་ལུས་ཀྱི་ཚོ་ལྷུང་དུ་འཇུག་པ། གཞས་མའམ་གར་མ་དབྱི་ནོན་ཅེན(伊能静)གྱིས་ཟས་ཀྱི་ཚོད་བཟུང་བར་བརྟེན་ནས་རྒས་པ་འགོག་བཞིན་པ་ལྟ་བུ་རེད་ལ། ཁོ་ཚོས་རྐང་རྒྱུགས་དང་། ཡོ་ག་སྦྱངས་པ། རི་མགོར་འགོ་བ། ཚྭ་དང་སྣུམ་རིགས་ཉུང་དུ་བསྟེན་པ། དེ་མིན་ལུས་རྩལ་གྱི་རིགས་གཞན་དག་སྦྱོང་བ། དེའི་ཁར་ཤིན་ཏུ་རྩ་ཆེ་བའི་བྱུགས་རྫས་དང་རྒས་འགོག་གི་ཡོ་བྱད་སྣ་ཚོགས་ལ་བརྟེན་ནས་ལས་ཀའི་ཕ་རོལ་ཀྱི་དུས་ཚོད་མང་པོ་ཞིག་ལུས་ཀྱི་མཛེས་པ་སྲུང་བའི་ཕྱོགས་སུ་བཀོལ་བཞིན་པ་ཞིག་རེད།
  དེ་ལས་ལྡོག་སྟེ་རང་རེའི“སྙན་གྲགས་ཅན”གྱི་གཞས་མ་དེ་ཚོར་ན་ནིང་ཕྲ་ལ་ལྡེམ་པ་དང་འཁྱུག་ཅིང་སྒེག་པའི་ཉམས་ཀྱིས་ཕྱུག་ནའང་ད་ལོ་ཚོ་ཞིང་སྟུག་ལ་ཁ་དང་མགྲིན་པ་འགུལ་བ་ལས་ཤིང་དུམ་ཞིག་ལྟར་ཀེར་ནས་འདུག་པའི་འགྱུར་བ་ཆེན་པོ་ཞིག་བྱུང་འདུག་པ་རེད། སྤྱིར་ཁོ་ཚོར་ཡང་འཛམ་གླིང་དང་རྒྱལ་ནང་གི་མཛེས་མ་དེ་ཚོ་དང་འདྲ་བར་རང་ལ་གར་སྟེགས་ནས་ཤིན་ཏུ་མཛེས་པའི་ཉམས་ལྡན་པར་བྱེད་པའི་རེ་འདུན་དེ་ཡོད་པ་བསྙོན་དུ་མེད་མོད། འོན་ཀྱང་མིག་གིས་མཐོང་ཚད་ཟ་བ་དང་། བླུད་པ་ཐམས་ཅད་འཐུང་བ། སྐྱུར་བའི་རིགས་དང་ཁ་ཚ་བའི་རིགས་སོགས་ལྟོ་བ་དང་ལུས་པོར་གནོད་པ་དག་ལ་ལྷག་ཏུ་སྲེད་པ། ཟང་ཟིང་གི་འཚོ་བའི་ཆེད་དུ་འདུར་བ་ལས་ཆེད་དུ་ལུས་པོ་སྦྱོང་བའི་ཕྱོགས་སུ་དུས་ཚོད་གཏོང་བར་མི་བྱེད་པས་ཁོ་ཚོ་ལ་ཁག་ཅི་ཡོད། དེའང་སྒྱུ་རྩལ་གྱི་བློ་སྦྱོང་ཤིན་ཏུ་དམན་པས་ཁོ་ཚོར་རང་གི་རང་གཤིས་དང་འཇིག་རྟེན་ལྟ་ཚུལ་ཁྱད་པར་བ་ཞིག་ཆགས་མེད་ལ། གཞན་ཞིག་གིས་ཅི་ཞིག་བྲིས་ན་དེ་ལེན་པ་དང་། གཞན་ཞིག་གིས་གང་ལ་བོས་ན་དེ་རུ་འགྲོ་བ་ལས་རང་གི་སེམས་ཀྱི་འཇིག་རྟེན་དང་འཚོ་བ་ངོ་མ་དེ་ཕྱིར་གཞས་སུ་གཏོང་ཤེས་ཀྱིན་མེད་པས་ཁོ་ཚོས་བོད་ཀྱི་གཞས་སྟེགས་ཀྱི“གཞས་བརྒྱ་གདངས་གཅིག”གི་སྲོལ་དེ་ད་དུང་དམ་པོར་བཟུང་ཡོད་པ་རེད་ལ་གཞུང་གི་གར་སྟེགས་བརྒྱུད་ནས་མང་ཚོགས་ལ་མགོ་བོ་སྐོར་བཞིན་པ་རེད།
  ནམ་ཞིག་ཁོ་ཚོར་རང་གི་ལུས་པོར་ཤིན་ཏུ་གཅེས་པའི་འདུ་ཤེས་ཆགས་པ་ནས་ཁོ་ཚོའི་རང་གཤིས་ཆགས་མགོ་བརྩམས་པ་རེད་ལ་དེ་ནས་བཟུང་བོད་ཀྱི་སྒྱུ་རྩལ་ལས་རིགས་ལའང་རེ་བའི་འབྲས་བུ་སྨིན་མགོ་བརྩམས་པ་རེད་ཅེས་ཀྱང་བཤད་ཆོག
                 2013ལོའི་ཟླ་2པའི་ཚེས་4ཉིན་གྱི་ཞོགས་པར་ཤར་མར་བྲིས་སོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།