མིང་མེད།༼རང་མོས༽

ཕ་བོང་ཆེན་པོ་ཞིག་གི་སྟེང་ལ་རྡེའུ་ཞིག་ཡོད་པ་བཞིན
བདག་ཀྱང་ཁང་བ་འདི་ནས་གཅིག་བུར་ལུས་སོང

འགྲེ་ལོག་ཡང་ཡང་རྒྱག་པའམ
བཙན་ཚུགས་ཀྱིས་མིག་བཙུམས་ཏེ་སྡོད་པ
ཡང་ན་གློག་ཡོངས་སུ་གཟིམས་པ་དང
ཡང་ན་སྒྲོན་མེ་གསལ་ལ་མི་གསལ་བ་ཞིག་སྒྲོན་པ
གང་བྱས་ཀྱང
སྦྲང་ནག་ཁྱུ་གཅིག་གི་ཤི་རོ་དང་འདྲ་བའི
དངོས་པོ་རྣམས་རེ་རེ་བཞིན
མིག་ལམ་ལ་མངོན་ཡོང

ཁང་བ་འདིའི་ནང་གི་མལ་ཐུལ་གཙང་ཞིང་དཀར་བ་དང
ཅོག་ཙེ་དང་སྐུབ་སྟེགས གྱང་གི་ངོས་རེ་རེ་ཤེལ་སྒོ་བཞིན་ཤིན་ཏུ་གཙང་མོད
དེ་དག་ལ་འཕྲད་པ་ཙམ་གྱིས
ལུས་པོ་ནི་གློག་དང་འཕྲད་པ་བཞིན
ཚ་བས་ངར་ཡོང

གང་ལྟར  ཞོགས་པའི་ཆུ་ཚོད་བདུན་པར་མ་བསླེབས་པའི་སྔ་རོལ་ཏུ
ཅིས་ཀྱང་གཉིད་ཁུག་དགོས་ཏེ
དེ་མིན་ཚེ  ང་རང་གཉིད་ཞོར་དུ་མོ་ཊ་བཏང་སྟེ
འགྲོ་སའི་གནས་དེར་བསླེབ་པ་བྱ་དགོས
གཉིད་ཞོར་དུ་མོ་ཊ་བཏང་ཚེ
རྨི་ལམ་ཅི་འདྲ་ཞིག་རྨི་ཐུབ་བམ

        ༢༠༡༢ལོའི་ཟླ་༩བའི་ཚེས་༢༦ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིང་མེད།༼རང་མོས༽

ཕ་བོང་ཆེན་པོ་ཞིག་གི་སྟེང་ལ་རྡེའུ་ཞིག་ཡོད་པ་བཞིན
བདག་ཀྱང་ཁང་བ་འདི་ནས་གཅིག་བུར་ལུས་སོང

འགྲེ་ལོག་ཡང་ཡང་རྒྱག་པའམ
བཙན་ཚུགས་ཀྱིས་མིག་བཙུམས་ཏེ་སྡོད་པ
ཡང་ན་གློག་ཡོངས་སུ་གཟིམས་པ་དང
ཡང་ན་སྒྲོན་མེ་གསལ་ལ་མི་གསལ་བ་ཞིག་སྒྲོན་པ
གང་བྱས་ཀྱང
སྦྲང་ནག་ཁྱུ་གཅིག་གི་ཤི་རོ་དང་འདྲ་བའི
དངོས་པོ་རྣམས་རེ་རེ་བཞིན
མིག་ལམ་ལ་མངོན་ཡོང

ཁང་བ་འདིའི་ནང་གི་མལ་ཐུལ་གཙང་ཞིང་དཀར་བ་དང
ཅོག་ཙེ་དང་སྐུབ་སྟེགས གྱང་གི་ངོས་རེ་རེ་ཤེལ་སྒོ་བཞིན་ཤིན་ཏུ་གཙང་མོད
དེ་དག་ལ་འཕྲད་པ་ཙམ་གྱིས
ལུས་པོ་ནི་གློག་དང་འཕྲད་པ་བཞིན
ཚ་བས་ངར་ཡོང

གང་ལྟར  ཞོགས་པའི་ཆུ་ཚོད་བདུན་པར་མ་བསླེབས་པའི་སྔ་རོལ་ཏུ
ཅིས་ཀྱང་གཉིད་ཁུག་དགོས་ཏེ
དེ་མིན་ཚེ  ང་རང་གཉིད་ཞོར་དུ་མོ་ཊ་བཏང་སྟེ
འགྲོ་སའི་གནས་དེར་བསླེབ་པ་བྱ་དགོས
གཉིད་ཞོར་དུ་མོ་ཊ་བཏང་ཚེ
རྨི་ལམ་ཅི་འདྲ་ཞིག་རྨི་ཐུབ་བམ

        ༢༠༡༢ལོའི་ཟླ་༩བའི་ཚེས་༢༦ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།