ཚེས་བཅོ་ལྔའི་མཚན་མོ།༼བཅད་མ༽

ཉི་ཟེར་སྤྲུལ་བའི་གློག་འོད་དང་།།
མར་ལས་བྱས་པའི་ལྷ་ཡི་ཚོགས།།
མདུན་ནས་གྱ་གྱུར་གཡོ་བའི་དུས།།
འཚང་ཁའི་ཁྲོད་ནས་ཕྱིར་ཕྱོགས་པའི།།
བདག་ནི་འཚོ་དབུགས་ཟད་པ་ཞིག།
ཟླ་བའི་གོ་ལར་བསླེབས་པ་བཞིན།།

མདང་དགུང་རྨི་ལྟས་འཁྲུག་པ་དེ།།
དེ་རིང་མངོན་སུམ་བཞིན་དུ་བྱུང་།།
ཁ་བའམ་བྱེ་མ་མ་ཡིན་པའི།།
དུས་ཀྱི་སྲིན་མོ་གཟུགས་མེད་མས།།
ལག་པས་བྱིལ་བྱིལ་བྱས་ཙམ་གྱིས།།
གདོང་ཁེབས་ཕྱི་མ་ས་རུ་ལྷུང་།།

མི་ལོ་བཅོ་ལྔའི་སྔ་རོལ་ཏུ།།
ག་ཞའི་ཝུ་བས་རབ་མཛེས་པའི།།
ལང་ཚོའི་སྦི་རག་མཁར་མཆོད་ཚེ།།
སྒྱུ་མའི་གཡང་དང་གྲོག་རོང་རྣམས།།
གླུ་སྐད་སྐྱ་བོས་ཁྱབ་གྱུར་ཅིང་།།
རོལ་དབྱངས་ཟ་ཟིས་བཀང་བ་ཡོད།།

འོན་ཏང་དེ་རིང་བདག་གི་ལུས།།
ཉིན་མཚན་འཁོར་བའི་མུ་ཁྱུད་དུ།།
ལུག་ཁྱུའི་མཐའ་ཡི་ཐོ་ཡོར་བཞིན།།
གཡོ་བ་མེད་པར་ལུས་གྱུར་བས།།
འདོད་པའི་ལག་པ་ཕར་བསྲིང་ཚེ།།
ཅི་ཡང་མི་ཟིན་སྟོང་བར་འགྱུར།།

ཡང་ན་སྟོང་བའི་རྡོ་བ་དེ།།
རིན་ཆེན་གསེར་དུ་རབ་འཁྲུལ་ཅིང་།།
ཡང་ན་གཏི་མུག་སྦྲུལ་གདུག་དག།
འཇམ་པའི་གདན་དུ་བསམ་བྱས་ནས།།
ལུས་པོའི་བདེ་བ་ཉག་གཅིག་གིས།།
སེམས་ཉིད་དམ་དུ་བཏགས་སམ་ཅི།།

གལ་ཏེ་འདི་ལས་མྱུར་ཐོན་པའི།།
འོད་ཀྱི་རྟ་ཞིག་ཡོད་ནའང་།།
ཁྲག་དང་ཁུ་བའི་གོང་བུ་དེས།།
དེ་ཉིད་ཞོན་པར་མི་ནུས་ཤིང་།།
གཡོ་དང་སྒྱུ་མའི་སྒ་སྟན་ཡང་།།
དེ་ཡི་གོང་དུ་ཅི་ལྟར་སྟོད།།

དེའི་ཕྱིར་སྨྲ་ལྕེ་ཆད་པོ་བཞིན།།
ལ་ཁའི་དར་ལྕོག་རལ་བོ་བཞིན།།
ལམ་ཁའི་རྡེའུ་ཟད་པོ་བཞིན།།
གྲ་ཟུར་ཅིག་ནས་བསྐུངས་བསྡད་ཚེ།།
ཉི་མའི་གདོང་གི་མི་རྟག་འཛུམ།།
དར་ཅིག་བརྗེད་པའི་སྐལ་བཟང་འཆར།།
                    ༢༠༡༢ལོའི་ཟླ་༢་པའི་ཚེས་༦ཉིན་རང་ཁྱིམ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེས་བཅོ་ལྔའི་མཚན་མོ།༼བཅད་མ༽

ཉི་ཟེར་སྤྲུལ་བའི་གློག་འོད་དང་།།
མར་ལས་བྱས་པའི་ལྷ་ཡི་ཚོགས།།
མདུན་ནས་གྱ་གྱུར་གཡོ་བའི་དུས།།
འཚང་ཁའི་ཁྲོད་ནས་ཕྱིར་ཕྱོགས་པའི།།
བདག་ནི་འཚོ་དབུགས་ཟད་པ་ཞིག།
ཟླ་བའི་གོ་ལར་བསླེབས་པ་བཞིན།།

མདང་དགུང་རྨི་ལྟས་འཁྲུག་པ་དེ།།
དེ་རིང་མངོན་སུམ་བཞིན་དུ་བྱུང་།།
ཁ་བའམ་བྱེ་མ་མ་ཡིན་པའི།།
དུས་ཀྱི་སྲིན་མོ་གཟུགས་མེད་མས།།
ལག་པས་བྱིལ་བྱིལ་བྱས་ཙམ་གྱིས།།
གདོང་ཁེབས་ཕྱི་མ་ས་རུ་ལྷུང་།།

མི་ལོ་བཅོ་ལྔའི་སྔ་རོལ་ཏུ།།
ག་ཞའི་ཝུ་བས་རབ་མཛེས་པའི།།
ལང་ཚོའི་སྦི་རག་མཁར་མཆོད་ཚེ།།
སྒྱུ་མའི་གཡང་དང་གྲོག་རོང་རྣམས།།
གླུ་སྐད་སྐྱ་བོས་ཁྱབ་གྱུར་ཅིང་།།
རོལ་དབྱངས་ཟ་ཟིས་བཀང་བ་ཡོད།།

འོན་ཏང་དེ་རིང་བདག་གི་ལུས།།
ཉིན་མཚན་འཁོར་བའི་མུ་ཁྱུད་དུ།།
ལུག་ཁྱུའི་མཐའ་ཡི་ཐོ་ཡོར་བཞིན།།
གཡོ་བ་མེད་པར་ལུས་གྱུར་བས།།
འདོད་པའི་ལག་པ་ཕར་བསྲིང་ཚེ།།
ཅི་ཡང་མི་ཟིན་སྟོང་བར་འགྱུར།།

ཡང་ན་སྟོང་བའི་རྡོ་བ་དེ།།
རིན་ཆེན་གསེར་དུ་རབ་འཁྲུལ་ཅིང་།།
ཡང་ན་གཏི་མུག་སྦྲུལ་གདུག་དག།
འཇམ་པའི་གདན་དུ་བསམ་བྱས་ནས།།
ལུས་པོའི་བདེ་བ་ཉག་གཅིག་གིས།།
སེམས་ཉིད་དམ་དུ་བཏགས་སམ་ཅི།།

གལ་ཏེ་འདི་ལས་མྱུར་ཐོན་པའི།།
འོད་ཀྱི་རྟ་ཞིག་ཡོད་ནའང་།།
ཁྲག་དང་ཁུ་བའི་གོང་བུ་དེས།།
དེ་ཉིད་ཞོན་པར་མི་ནུས་ཤིང་།།
གཡོ་དང་སྒྱུ་མའི་སྒ་སྟན་ཡང་།།
དེ་ཡི་གོང་དུ་ཅི་ལྟར་སྟོད།།

དེའི་ཕྱིར་སྨྲ་ལྕེ་ཆད་པོ་བཞིན།།
ལ་ཁའི་དར་ལྕོག་རལ་བོ་བཞིན།།
ལམ་ཁའི་རྡེའུ་ཟད་པོ་བཞིན།།
གྲ་ཟུར་ཅིག་ནས་བསྐུངས་བསྡད་ཚེ།།
ཉི་མའི་གདོང་གི་མི་རྟག་འཛུམ།།
དར་ཅིག་བརྗེད་པའི་སྐལ་བཟང་འཆར།།
                    ༢༠༡༢ལོའི་ཟླ་༢་པའི་ཚེས་༦ཉིན་རང་ཁྱིམ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།