དགུན་ཟླ་དང་པོ།༼རང་མོས༽

དྲོད་རླངས་ཀྱིས་སྦོས་པའི་ཁང་བརྩེགས་འགའི་གཤམ་དུ
ཁྱི་རྒན་དག་གིས་ཤུགས་ཆེན་པོས་ལྕགས་ཐག་འཁྱག་པ་དག་གིས་འཐེན་ནས
རྒྱང་རིང་གི་སྐར་མ་འཁྱག་པ་དག་གི་ཕྱོགས་སུ
མཚམས་མེད་པར་ཟུག་སྐད་འབྱིན

རྨི་ལམ་ནི་ངོས་མི་སྙོམས་པའི་འགྲམ་དར་ཞིག་སྟེ
དེའི་ནང་དུ་སོང་བ་ཚོའི་རྐང་བ་ཡང་ཡང་བསྣད་ནའང
ང་ཡི་ཕོ་ཉ་གཞོན་ནུའི་ལག་གི་འཕྲིན་པ་དེ
མཁའ་ལ་རླུང་གིས་སྤུར་ནས་མི་སྣང་བར་གྱུར
ང་ཡི་འཕྲིན་པའི་གཤོག་བར་ནས
ཁྱོད་སར་འབྱོར་དུས་ཁྲག་ཐིགས་འཛག་གིན་འདུག་གམ

མི་སེར་ཚོའི་ལག་གི་དངུལ་ལོར་རྣམས
ནས་དང་གྲོ་དང་འབྲས་དང་ལྷན་ཅིག
མི་ཉུང་ངུ་ཞིག་གིས་ཡར་ཁྱེར་ནས
སླར་མི་སེར་ཚོའི་ལག་ཏུ་འཇོག་གིན་པའི་དུས་སུ
ཁ་རླངས་ཀྱི་དྲོད་རྣམས་ཤེལ་ངོས་སུ་བ་མོའི་ཟོལ་གྱིས་ཆགས

མིག་མངས་ཀྱི་དྲ་རྒྱར་ཚུད་ཀྱང
ཧ་ཧ་ཧོ་ཧོའི་ངང་དུ་མིག་མངས་རྩེད་ཀྱིན་པའི
མི་འདི་རྣམས
དགུན་ཟླ་དང་པོར་ད་དུང་སྔར་གྱི་གནས་དེ་ན
རྡུལ་དང་དུ་སྤྲིན་གྱི་ཁྲོད་ན
ནག་རོག་རོག  ནག་རོག་རོག
                             ༢༠༠༡༡ལོའི་ཟླ་༡༡པའི་ཚེས༢༧ཉིན་རྨ་ཆུ་རྫོང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།