རང་ངོས་ནས་བགྲོ་གླེང་གི་མཇུག་བསྡུ་བའི་གཏམ།

  སློབ་གྲོགས་གླག་སོགས་ཀྱིས་བགྲོ་གླེང་གི་ཀུན་སློང་ཡག་པོས་རང་གི་ལྟ་བ་རྣམས་ལང་ཚོའི་སྟོབས་དང་ལྷན་ཅིག་ཤར་མར་བྱོ་བ་ལ་དགའ་ཡོད། སྔར་བཞིན་བཤད་རྒྱུ་རྡོག་རྡོག་པོ་ནི་བདག་གིས་བསམ་བློ་གཏོང་ཁུལ་གྱིས་ས་བཅད་གསུམ་དུ་བགོས་ཏེ་བྲིས་པ་དང་ཁྱེད་ཅག་ལ་བཏབ་པའི་མཆན་རྣམས་ཀྱིས་ཁྱེད་ཅག་ཡིད་ཚིམ་སོང་མི་འདུག ཡང་ན་བྱེ་བྲག་གི་དོན་འགའ་ཞིག་ས་བཅད་རིང་བོར་བགོས་ཏེ་བྲི་དགོས་ཡོད་ནའང་དེ་ནི་བདག་གི་སྤྱོད་པ་དང་མི་མཐུན། ཉིན་འདི་གའི་བགྲོ་གླེང་བརྒྱུད་ནས་ཁྱེད་ཚོའི་སེམས་ན་དོགས་པ་དང་ན་ཟུག་ཤིན་ཏུ་མང་པོ་ཞིག་ཡོད་པ་ཤེས་བྱུང་ལ། དེ་དག་ནི་འཇིག་རྟེན་འདི་དེང་རབས་དང་སྲོལ་རྒྱུན། གསར་བ་དང་རྙིང་བ། བཟང་བ་དང་ངན་པ་སོགས་ཕྱོགས་གཉིས་སུ་དགར་བའི་རང་རེའི་ཁོར་ཡུག་དང་ཀློག་དེབ། དགེ་རྒན་དེ་དག་གིས་བསྐྱེད་པ་ལས་ཁྱེད་ཚོས་ཤེས་རབ་ཀྱི་རལ་གྲི་རྣོན་པོས་སྲིད་པ་འདིའི་ངོ་བོར་གནད་དུ་བསྣུན་པ་ལས་བྱུང་བ་ནི་མ་ཡིན་པ་ཤེས། གལ་སྲིད་བདག་ནི་སེམས་ཁམས་རིག་པའི་མཁས་དབང་ཞིག་ཡིན་ཚེ་ཁྱོད་ཅག་ལ་འདྲིས་ཤིང་གོམས་པར་བྱས་ཏེ་ཁྱེད་ཅག་དགོས་མེད་ཀྱི་ན་ཟུག་དེ་ལས་བསྐྱབ་པར་འདོད། ཡིན་ཡང་ཧོ་ལས་ཝོའུ་ཌའི་རིག་འཕྲུལ་གྱི་གློག་བརྙན་མང་པོ་ཞིག་ཏུ། རྒྱུན་ལྡན་གྱི་སྐྱེ་བོ་འགའ་ཞིག་གི་ཁོག་པར་རྫས་གང་ཞིག་བཞག་ཚེ་སྐྱེ་བོ་དེ་དག་གིས་རང་གི་སྔར་བྱས་ཐམས་ཅད་མི་དྲན་པར་འཕྲུལ་འཁོར་གྱི་མི་ལྟ་བུར་འགྱུར་བ་ཇི་བཞིན། སྐབས་འདིར་བདག་གིས་ཅི་ཞིག་སྨྲས་ཀྱང་ཁྱོད་ཚོས་གོ་ཐབས་བྲལ་བ་འདྲ་སྟེ། རྒྱུ་མཚན་ནི་ཁྱོད་ཚོས་ཕྱོགས་གཉིས་སྨྲ་བའི་ལུགས་ལ་བརྟེན་ནས་ཡོད་ཚད་ལ་སྟབས་བདེ་བོར་སྡོམ་ཚིག་བཀོད་ཟིན་པས་རང་གི་རིགས་སུ་གཏོགས་པ་མ་གཏོགས་གཞན་གྱིས་ཅི་བཤད་གོ་མི་སྲིད་པ་འདྲའོ།། མཐར་མཇུག་བསྡུ་བའི་སྐད་ཆ་འགའ་ཡོད་པ་ནི། ༡ གལ་སྲིད་མཚན་ཉིད་རིག་པའི་ངོས་ནས་དོགས་པ་ཟ་ན་འགྲོ་འདུག་ཉལ་འཆག་དང་ཟས་གོས་སྤྱོད་ལམ། སྨྲ་བ་དང་བསམ་པ་སོགས་མིའི་རིགས་ཀྱི་རིག་གནས་ཀྱི་སྣང་ཚུལ་ཡོད་དོ་ཅོག་ལ་དོགས་པ་ཟོས་ན་བསམ་བློ་བར་ཆགས་རྒྱུ་རེད་སྙམ། དེ་མིན་གཞན་གྱི་གྲིབ་མའི་འོག་ནས་ཡུལ་གང་ཞིག་ལ་བརྡུང་རྩིས་བྱས་ན་མཐོ་སར་འགྱིང་བ་དེའི་མིག་ལམ་དུ་བྱིས་པས་རྩེད་མོ་རྩེ་བ་ལྟ་བུ་ཞིག་ཡིན་སྲིད།༢ བདག་གིས་ནི་འཇིག་རྟེན་འདི་ཁུངས་མེད་ལུགས་མེད། མི་ཚེ་འདི་རྟེན་མེད་གཏད་མེད། སེམས་པ་འདི་ཟིན་མིན་འཆོར་མིན་ཞིག་ཏུ་ངོས་འཛིན་གྱིན་ཡོད་པས་ན་མི་ཚེ་ཟློས་གར་ཡིན་བཞིན་དུ་ད་དུང་གར་རྩེ་བར་འབད་པའི་མིའི་རིགས་ཀྱི་ལས་དབང་དེ་ཇི་ལྟ་བུར་འགྱུར་བར་བློ་གདེང་གང་ཡང་མི་འདུག དེ་བས་དེ་རིང་གི་བདེན་པ་དེ་སང་ཉིན་རྫུན་པར་འགྱུར་བའི་བསམ་བློ་དང་ཚན་རིག་གི་སྒྲུང་དེ་ལའང་ཡིད་ཆེས་གཏན་ནས་མེད་དོ།། ༣ གཞན་ཐེངས་འདིའི་བགྲོ་གླེང་ལ་དངོས་ལྡོག་གང་རུང་གིས་ལྟ་ཚུལ་སྣ་ཚོགས་འདོན་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན་པ་དང་། གནས་སྐབས་ཤིག་གི་ཚོར་བའི་མགོ་གནོན་མ་ཐུབ་པར་སྐད་ཆ་འདྲ་མིན་སྣ་ཚོགས་ལབ་པའི་དགུ་རོང་སྤུན་གྲོལ་སོགས་ལའང་བཟོད་སྒོམ་བྱས་པ་ཡིན་ལ་གོ་བ་ལོག་སོང་ས་ཡོད་ན་ཐམས་ཅད་མ་ལུས་ཕྱི་གསལ་ནང་གསལ་དུ་བྱ་ཆོག་ཟེར་རྒྱུ་ཡིན། ཀུན་ལ་བཀྲ་ཤིས་པར་གྱུར་ཅིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།