སྟོང་བའི་གོམ་སྒྲ།

བུ་མོས་Brave1ལ་ལྟ་བའི་འུར་སྒྲས
ཁྱོད་ཀྱི་སྙིང་ལན་འགར་མི་བདེ་བར་བཏང
ནད་ཡམས་ལ་ཕྱོགས་པའི་མེ་འཁོར2ལ་གཡེང་ནས

ཇ་ཁང་དུ་ཆུ་རྒོད་བཀོལ་ཏེ་རྒྱ་ཇ་སྦངས་ཡོད་པ་བརྗེད
ཁ་སང་གི་དངུལ་རྭའི་འདབས་ཀྱི་བསང་མེ3དེ
རྨི་ལམ་ནས་ཐལ་བར་གྱུར་བ་བསམ་ནས

དུས་ཚོད་ཀྱི་རྒྱུན་བུས་མི་རྣམས་ལ་བྲབས་ཏེ
གདོང་ལ་གཉེར་རྨ4ཕབ་པ་མཐོང
ཕར་གོམ་པ་འགའ་སྤོས་ཚེ
དངུལ་རྭའི་སྡེ་རྒྱུས་ཀྱི་ནང་དུ་མེས་པོ་འགའ
ལུས་ཀྱི་གོས་ཕུད། གྲིའི་ཤུབས་བཅག
ཞོན་རྟ་རི་ལ་ཕུད། ཞེ་རྒོད་གཏིང་ནས་འཁྲིགས་ཏེ
འཇག་རྩྭའི་གསེབ་ཏུ་ཡིབ་ཡོད་པའང་ཤེས་ངེས5

གལ་ཏེ ར་བའི་ནང་ནས་མོ་ཊའི་དུང་བརྡ་ཐེངས་འགར་གྲགས་ཚེ
དེ་ནི་སང་ཉིན་ཕྱི་དྲོ་ཁྲིན་ཏུའུ་ལ་འགྲོ་བའི་ཁྱོད་ཀྱིས
6
ད་ལྟའི་ཁྱོད་འབོད་ཀྱིན་པ་ཡིན་ཨང

                 2015 1 27མཛོད་དགེ་ཉིན་མའི་རང་ཁྱིམ་ནས།

 མཆན།
1 ༢༠༡༢ལོར་ཨ་རིའི་ཕིག་སར་ཁར་ཐོན་ཀུང་ཟིས་བཟོས་པའི་ཁར་ཐོན་གློག་བརྙན་ཞིག་སྟེ། མི་སྣ་གཙོ་བོ་མེ་རི་ཊ་ནི་ལག་ཏུ་མདའ་གཞུ་ཐོགས་པ་དང་། རང་དབང་ལ་རེ་ཞིང་ཁྱིམ་གྱི་འཆིང་རྒྱར་ཚུད་མི་འདོད་པའི་བུ་མོ་ཞིག་ཡིན།
2 ཨིན་ཡིག་ཏུ་Train for illཞེས་པའི་སྙན་ངག་ཅིག་སྟེ། ཨ་རིའི་སྙན་ངག་པ་R.S.Gwynnགྱིས་བརྩམས།
3 སྙན་ངག་འདི་མ་བྲིས་པའི་ཉིན་འགའི་སྔོན་དུ་རྩོམ་པ་པོས་ཨ་མྱེ་དངུལ་རྭ་ཞེས་པའི་གནས་བདག་གི་མདུན་ནས་བསང་ཕུད། འདིར་ཁ་སང་ཞེས་པས་འདས་པའི་དུས་སྟོན་པའོ།།
4 འདིར་གདོང་གི་གཉེར་མ་ཉིད་རྨ་ཁ་ཡིན་པ་ལྟར་བྱས་ནས་གཉེར་རྨ་ཞེས་པའི་མིང་ཞིག་གསར་དུ་བཟོས་སོ།།

5 དུས་དེར་རྩོམ་པ་པོས་དངུལ་རྭའི་སྡེ་རྒྱུས་ཞེས་པའི་ལོ་རྒྱུས་ཀྱི་དེབ་ཅིག་ཀློག་གིན་ཡོད་པས་ཐིག་ཕྲེང་དེ་དག་ཀྱང་དེབ་དེ་ལས་བཤུས་པའོ།།
6 སྙན་ངག་འདི་བྲིས་རྗེས་ཀྱི་ཕྱི་ཉིན་རྩོམ་པ་པོར་ཁྲིན་ཏུའུ་ལ་འགྲོ་བའི་འཆར་གཞི་ཡོད་པའོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།