གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདུག་སྟེགས་མེད་པའི་རྣམ་ཤེས།

2015-09-02 17:08:33 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

IMG_6567.JPG

མེ་ཏོག་ཅིག་ཚེར་མས་འབྲལ
ཁྲག་ལྕི་མོ་དེ་ཅལ་སྒྲ་དང་བཅས་ས་ལ་ལྷུང

ཆར་གདུགས་དམར་པོ་རེའི་འོག་ན་ཁྱོ་ཤུག་ཟུང་རེ
ཆར་གདུགས་ནག་པོ་དེའི་འོག་ན་རྐང་ཡས་ཅན་ཞིག

ཁང་པ་འདི་དག་མེ་འཁོར་བཞིན
འཆི་བའི་ཕྱོགས་ལ་གཏོང

གནའ་གཏམ་ཞིག་ཤོད་ཅེས་སུན་པོར་མ་བཟོ
མཇུག་གི་རླུང་འཚུབ་དེས་ཁྱོད་ཀྱང་འཁྱེར་སྲིད

བརྩེ་དུང་གི་ལུག་ལྤགས་འདི་ཅི་ཡིས་བཙེམ
སེམས་ནི་ཇི་ལྟར་ཡང་རྒྱ་ཁབ་ཅིག་ཏུ་མི་འགྱུར

ངའི་མདའ་ཤུབས་ནང་གི
ཚིག་དང་ཐ་སྙད་ཀྱི་མདའ་སྙི་མོ་འདི་དག

ངའི་སོ་བར་གྱི་ཞེ་སྡང་དང་འཁོན་སེམས
ཞག་འགར་རྨི་ལམ་འཁྲུག་ཤུལ་གྱི་ཁ་རླངས

ང་བདེ་བར་སྡོད་བྱེད་ཀྱི མཁྲིས་ནད
ངའི་ཀླད་པའི་ནང་གི་གཙག་འབུ

དོགས་པའི་རིལ་བུ་དེ་འདམ་ནང་ནས་ཚུར་རིལ་ཡོང
ཇེ་ཆེ་ནས་ཇེ་ཆེར་འགྱུར

ང་དེ་ལ་འབྲོའམ
ཡང་ན་ངས་དེ་དེད་ནས་ཁྱོད་བདའ

ཁང་བརྩེགས་ཀྱི་བར་དུ་མཆེད་པའི་ཆོ་ངེ་དང་བྱི་ལའི་གྲིབ་ནག
ཆར་བ་དང་མཉམ་པོར་འབབ་པའི་མུན་པ

མགོ་རྨོངས་ཏེ་ཁྱོད་མགོ་སྐོར་བའི་མཛའ་མོ
དུས་ཚོད་ཁོ་རང་གི་མཚན་མོའི་ཟློས་གར

                  2015 8 16 Chengdu

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།