ངས་མུན་པའི་ནང་ནས་གསོལ་བ་འདེབས།


14-15062Z9493E34.jpg

ཁྱོད་ལུས་ཨུཏྤལ་དམར་པོ་དེ
ལས་རླུང་རྩུབ་མོས་དར་ལྕེ་བཞིན་སྐྱོད་དུས
ཁ་དོག་ཡལ་ཀྱང་འདབ་མ་མི་འཐོར་བར
ངས་མུན་པའི་ནང་ནས་གསོལ་བ་འདེབས

ཁྱོད་ངག་མཚོ་བྱུང་རྒྱུད་མངས་དེ
གདུང་ཤུགས་དྲག་པོས་གཞུ་རྒྱུད་བཞིན་འཐེན་དུས
རྒྱུད་སྐུད་ཆད་ཀྱང་རྫིང་ཁོག་མི་འཇིག་པར
ངས་མུན་པའི་ནང་ནས་གསོལ་བ་འདེབས

ཁྱོད་སེམས་སྒྱུ་མའི་མེ་ལོང་དེ
འཁྲུལ་བའི་གཟའ་ཡིས་ཟླ་བ་བཞིན་འཛིན་དུས
ར་རིས་གོས་ཀྱང་རང་བཞིན་མི་འགྱུར་བར
ངས་མུན་པའི་ནང་ནས་གསོལ་བ་འདེབས

                   31/10/2016 ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་མུན་པའི་ནང་ནས་གསོལ་བ་འདེབས།


14-15062Z9493E34.jpg

ཁྱོད་ལུས་ཨུཏྤལ་དམར་པོ་དེ
ལས་རླུང་རྩུབ་མོས་དར་ལྕེ་བཞིན་སྐྱོད་དུས
ཁ་དོག་ཡལ་ཀྱང་འདབ་མ་མི་འཐོར་བར
ངས་མུན་པའི་ནང་ནས་གསོལ་བ་འདེབས

ཁྱོད་ངག་མཚོ་བྱུང་རྒྱུད་མངས་དེ
གདུང་ཤུགས་དྲག་པོས་གཞུ་རྒྱུད་བཞིན་འཐེན་དུས
རྒྱུད་སྐུད་ཆད་ཀྱང་རྫིང་ཁོག་མི་འཇིག་པར
ངས་མུན་པའི་ནང་ནས་གསོལ་བ་འདེབས

ཁྱོད་སེམས་སྒྱུ་མའི་མེ་ལོང་དེ
འཁྲུལ་བའི་གཟའ་ཡིས་ཟླ་བ་བཞིན་འཛིན་དུས
ར་རིས་གོས་ཀྱང་རང་བཞིན་མི་འགྱུར་བར
ངས་མུན་པའི་ནང་ནས་གསོལ་བ་འདེབས

                   31/10/2016 ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།