གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་ཅིག་མ།

2018-11-08 22:28:44 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།
      
གཟེབ་ལ་ལག་པ་མེད
ཁྱོད་རང་ཉིད་ནང་དུ་སོང་བ་ཉིད

གྱང་འདི་དེ་ཙམ་མཐོན་པོ་མིན
ཁྱོད་ལས་ཅུང་ཙམ་མཐོ་བའོ

མི་དེ་ཚོར་སྐྲག་མི་དགོས
ཁོ་ཚོ་གར་ལ་ཞུགས་ཡོད

གནས་ལུགས་དེ་ཟབ་མོ་རང་མེད
མི་དགོས་པའི་མདུད་པ་མང་པོ་བརྒྱབ་པའོ

བཞུགས་ཁྲི་མཐོན་པོ་དེའི
ཕྱེད་ཀ་ཁོག་སྟོང་ཡིན

སྐད་ཅིག་མ་གཅིག་གི་ནང་དུ
བསྐལ་ཆེན་ཞིག་ཆགས་ཤིང་འཇིག

ང་ཁྱོད་དང་འཕྲད་ནས་བྲལ་བ་ནི
བསྐལ་བ་དེའི་ནང་གི་སྐད་ཅིག་མ་གཅིག

གངྒའི་ཀླུང་གི་བྱེ་མའི་རྡུལ་གཅིག
སྟོང་གསུམ་ནང་གི་སའི་གོ་ལ

སེ་གོལ་གཏོག་ཡུན་ནང་བཟོས་ཤིང་བཤིགས་པའི
བརྩེ་དུང་གི་དཀྱིལ་འཁོར

བསུབ་ཕྱིར་བྲིས་པའི་རི་མོ་དང
སོས་ཕྱིར་བཟོས་པའི་རྨ་ཁ

                              9/27/2018
 

རྩོམ་སྒྲིག་པ། ལྷ་སྐྱིད།

                                               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)                              


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།