སྐྱེ་རབས་གསུམ་གྱི་རྨི་ལམ།

                                       གཅིག
 “ལོ་ངོ་སྟོང་གཅིག་གི་ལོ་རྒྱུས་མཇུག་བསྡུས་ནས་མི་སྣ་བགྲང་ལས་འདས་པ་ཞིག་གི་ལག་རྗེས་དང་གཟི་བརྗིད་ལ་ང་ཚོས་ཕྱིར་དྲན་བྱེད་རིན་ལྡན་པ་ཞིག་ཡོད་ཀྱང་དེ་དག་ལའང་གཙོ་ཕལ་གྱི་དབྱེ་བ་ལོས་ཡོད། དེ་བས་གོ་ལ་ཧྲིལ་བོའི་སྨྱན་བྱེད་གསར་ལམ་ཁག་གིས་འདེམས་བསྡུར་བྱས་པ་བརྒྱུད་ལོ་ངོ་སྟོང་གཅིག་གི་གྲགས་ཅན་མི་སྣར་བསམ་བློ་བ་ཆེན་མོ་མར་ཁེ་སི་ཉིད་བདམས་ཐོན་བྱུང་། ”
 བུད་མེད་མདོ་འཛིན་པ་ཞིག་གིས་མཛེས་ཉམས་དོད་པའི་ངང་རྒྱ་སྐད་ཀྱི་ལམ་ནས་སྐད་ཆ་དེ་བསྐྱར་ཟློས་ཤིག་བྱས་རྗེས། “གསར་འགྱུར་བཤད་ཚར་སོང་། སང་ཉིན་སླར་ཡང་མཇལ”ཞེས་བཤད། 
 སྐབས་འདིར་འབོབ་གདན་སྟེང་ན་གན་སྐྱལ་དུ་ཉལ་ཡོད་པའི་ཨ་མ་ཚེ་སྒྲོན་གྱིས་ཁ་མེར་བཞིན། “ཉིན་བཅུ་གྲངས་ཤིག་ལ་བསྒྲགས་པས། གསར་འགྱུར་ཞིག་ག་ལ་ཡིན”ཞེས་པར།
 བུ་མོ་གངས་ལྷ་སྒྲོལ་མས“ཨ་མ། གསར་འགྱུར་ནི་དུས་ཚོད་ལ་རག་ལས་པ་ཞིག་མ་རེད”ཅེས་བཤད།
“ཨོ། དུས་ཚོད་མ་ཡོད་པའི་ཚད་ཅིག་ཁྱོད་རང་གིས་འདེམས་ཤིག”
“ཨ་མ། ཁ་བའི་ཁྲོད་དུ་ལྷུང་བའི་འབུ་ཞིག་ལ་མཚོན་ན་ཁོའི་ཞབས་རྗེས་གང་སར་འཐེན་པའི་རིང་ཚད་དེ་ཁོ་རང་གི་ཚེ་ཚད་རེད། ”
“གསར་འགྱུར་དེ་ཁ་བ་ཞིག་ལ་དཔེ་བཞག་ཆོག་གམ”
“ཁ་བའི་ངོས་ལའང་འབྱུང་བཞིས་སྐྱེད་པའི་ངོ་མཚར་གྱི་གསར་འགྱུར་མང་པོ་ཞིག་མཐོང་དུ་ཡོད”
“ཨ་ལེ། དེས་ན་ཁྱོད་རང་ཁ་བའི་ངོས་སུ་གསར་འགྱུར་ཀློག་ཏུ་ཆས་ན་མི་འགྲིག་གམ། སའི་གོ་ལའི་དྲོད་ཚད་འཕར་བ་དང་བསྟུན། ཡུལ་ཚོ་འདིའི་མི་རྣམས་ཀྱིས་ཁ་བ་མ་མཐོང་བར་ལོ་མང་པོ་ཞིག་འགོར་སོང་། ད་བལྟས་ཡོང་ན་ཁ་བ་དེ་ཏག་ཏག་ལ་ཇོ་མོ་བླ་རིའི་རྩེ་ན་མ་གཏོགས་མེད་པར་སྣང་། ”
“ཨ་མ། ཁ་བ་ནི་དུས་བཞིའི་མངོན་ཚུལ་གྱི་སྣང་ཚུལ་རིགས་ཤིག་ཡིན་པས་དེ་འཇིག་རྟེན་ལས་མེད་པར་གྱུར་བ་ཡིན་ན་ངེད་གཉིས་སུ་ཞིག་ལ་ལག་པ་གཅིག་མེད་པའམ་ཡང་ན་ཀླད་པའི་གྲུབ་རྐྱེན་ཞིག་ཡོད་མི་སྲིད། རྒྱུ་མཚན་ནི་རྟེན་ཅིང་འབྲེལ་བའི་གནས་ལུགས་ཀྱི་ཆོས་ཟབ་མོ་དེས་ད་གཟོད་ང་ཚོ་འགྲོ་བ་རིགས་དྲུག་འཆམ་མཐུན་གྱི་ངོ་བོར་བཀོད་ནས་ཡོད་ལ། མཐའ་མེད་པའི་རང་བྱུང་གི་འགྱུ་བའང་དེ་དང་གཞི་གཅིག་ཏུ་འབྲེལ་ནས་ཡོད། ”
“ གཉིད་བཤད་ཅིག་དང་ཀུན་ནས་མཚུངས་པའི་སྐད་ཆ་དེ་དག་ངས་ཧ་གོ་མི་སྲིད། ད་ནི་མཚན་མོའི་ཆུ་ཚོད་བཅུ་གཅིག་པ་ཡོལ་ལ་ཉེ་བས་ཁྱེད་རང་ངལ་གསོ་རུ་སོང་ཤིག ངས་ད་དུང་བཪྙན་འཕྲིན་ཟློས་གར་འདིའི་ལེའུ་རྗེས་མར་བལྟ་དགོས།”
གངས་ལྷ་སྒྲོལ་མ་འཐད་ལ་མི་འཐད་ངང་རང་གི་ཁང་མིག་ཏུ་འཛུལ་ཞིང་། མལ་ཁྲིའི་སྒང་ལ་སྦྱར་བའི་པོ་ཏ་ལའི་རི་མོ་དེར་བལྟ་ཀིན་གཉིད་ཉལ།
                                         གཉིས།
“ཀི། ཀི། ”དམག་རྟ་བགྲང་ལས་འདས་པ་ཞིག་ཕན་ཚུན་གཡུལ་བསྲེས་པ་ན་བཟོད་པར་དཀའ་བའི་མི་ཤི་རྟ་འགྱེལ་གྱི་སྐྱོ་གར་ཞིག་གདོད་མའི་རྩྭ་ཐང་ཞིག་གི་ཕང་བར་དངོས་སུ་འཁྲབ་འགོ་བརྩམས།
“ཨ་ཨ། དངོས་ཐད་སྒྱུ་མ་མ་ཡིན་པའི་འཁྲབ་ཚན་ཞིག་ཏུ་བལྟས་ཆོག འདི་ལ་འཛམ་གླིང་ཨོ་སི་ཁའི་གློག་བཪྙན་བྱ་དགའ་འཐོབ་ན་ཐང་།”
ཁོ་མོའི་མཐའ་སྐོར་དུ་མོ་རྟགས་ཙམ་ལས་སྒྲིབ་གཡོག་མེད་པའི་བུད་མེད་སྐོར་ཞིག་ངུ་མ་དགོད་དུ་འདུག་ཅིང་རེ་རེ་གཅིག་གིས་ཀྱང་ཁོ་མོར་ཨ་ལན་མ་བྱིན། གསལ་བོར་བལྟས་དུས་མོ་རང་ལའང་མོ་རྟགས་ཙམ་ལས་སྒྲིབ་གཡོག་མེད་པས་ན་སྨིན་མ་ཚུགས་པའི་མྱོས་བུམ་དེ་ཉིད་ཉི་འོད་ཀྱིས་མདོག་ནག་པོར་བརྫུས་ཤིང་ནུ་ལྡོག་རང་སྨྲེ་བ་ནག་པོ་ཞིག་དང་འདྲ་བར་བྲང་ངོས་ན་འབུར་དུ་འགྲེང་།
“ཨ། འདི་ཅི་ཡིན་ནམ”ཞེས་ཁོ་མོའི་ཉེ་ལོགས་ཀྱི་བུ་མོ་ཞིག་ལ“སྲས་མོ་ལགས། ང་ཚོས་ཡང་སྙིང་ཅི་ཞིག་བྱེད་ཀྱིན་ཡོད”ཅེས་དྲིས་པར། བུ་མོ་དེ་ཕྱིར་གོམ་པ་འགའ་ནུར་རྗེས“ཁོ་མོ་བཟུང་ཞིག ཁོ་མོ་གདོན་གྱིས་བཟུང་འདུག དམན་པའི་བུ་མོ་ཞིག་ལའང་སྲས་མོར་འབོད་ཀྱིན་འདུག”ཅེས་སྐད་བརྒྱབ་པས་མཐའ་འཁོར་གྱི་སྐྱེས་པ་འགའ་རྒྱུགས་ཡོང་སྟེ་ཁོ་མོའི་ཡན་ལག་བཞི་གནམ་ལ་ཀེར་བཞིན་བཀྱགས་ཏེ་འཁྱེར་སོང་། སྦྲ་ནག་བགྲང་ལས་འདས་པ་ཞིག་གི་དཀྱིལ་དབུས་སུ་ཐོན་པ་ན་སྐྱེས་པ་དེ་དག་གིས་ཁོ་མོ་ཐང་ལ་ཕབ་ཅིང་སྦྲ་ཆེན་ཞིག་གི་ནང་དུ་བརྫངས། ཉིན་དེའི་དགོང་མོར་ངོ་གདོང་ཚོས་ཀྱིས་བརྒྱན་པའི་དཔའ་རྒོད་ཅིག་སྦྲ་ནང་དུ་ལྷགས་ཤིང་ཁོ་མོར་འགྲམ་ལྕག་ཚ་བེར་བ་ཞིག་གཞུས་རྗེས།
“གདོན་མོ། ཁྱོད་ཀྱིས་ངས་བླངས་པའི་གཟེངས་སྐྱེས་དག་ནོག་པར་བཟོས་ཟིན། མཚན་མོར་བུ་མོ་ཞིག་དང་ལྷན་དུ་འདུག་པ་འདི་དཔའ་རྒོད་ཅིག་ལ་མཚོན་ན་དགྲ་ལྷ་ཉམས་པའི་ལྟོས་ངན་པ་ཞིག་ལས་མཚོན་དོན་གཞན་ཅི་ཞིག་ཡོད། འོན་ཀྱང་ངའི་ཚེ་ཐོག་འདིའི་རེ་བ་མི་ནུབ་པའི་ཆེད་དུ་རང་ཉིད་ལ་རིགས་རྒྱུད་ཅིག་བསྐྲུན་རྒྱུ་ཡིན།”
ཁོ་མོས་འཕག་འཚག་ཇི་ལྟར་བྱས་ཀྱང་དམུ་རྒོད་དང་འདྲ་བའི་མི་ཆེན་དེས་ཁོ་མོར་བཙན་གཡེམ་བྱས།
“དངོས་ནས་རྩུབ་སྤྱོད་ཀྱི་འབྲས་བུར་བདེ་བ་འདི་ལྟ་བུ་ཞིག་ཡོད་པ་ངའི་རྟོགས་མེད། དགའ་ས།”
སྦྲ་ནང་དུ་ཁོ་གཉིས་ཀྱི་ཐལ་དྲགས་པའི་དབུགས་ཀྱི་རྒྱུ་བ་ལས་ཅི་ཡང་མི་སྣང་བར་རེ་ཞིག་དལ་ཅག་གེར་ལུས་ཤིང་། ཐབ་རྡོ་གསུམ་གྱི་གཤོང་བར་ན་འབར་གྱིན་པའི་ཤིང་ཐུར་དེ་དག་ལས་“ཚག”སྒྲ་དང་བཅས་མེ་སྟག་འགའ་ཕྱོགས་ཕྱོགས་སུ་འཐོར་ཞིང་མཐའ་མར་ནམ་མཁའ་ཧྲིལ་བོ་ཞིག་གི་སྐར་རྒྱན་གྱི་ཚུལ་དུ་འདར་ལྷབ་ལྷུབ་ངང་མོག་མོག་གིས་འཚེར་འོང་།
བཪྙན་འཕྲིན་གྱི་ལྡེབས་ངོས་སུ་རྒྱལ་བོ་དང་བཙུན་མོ་འཁྲབ་པའི་འཁྲབ་སྟོན་པ་སྐོར་ཞིག་གིས་རང་རང་གི་འཁྲབ་རྩལ་དེ་མངོན་ཅི་ཐུབ་བྱེད་ཀྱིན་ཡོད་ནའང་། ཨ་མ་ཚེ་སྒྲོན་འབོལ་ཁྲིའི་སྒང་ན་གཉིད་ལོག་ཚར་ཞིང་ཁོ་མོའི་སྔུར་དབྱངས་བཙོག་པོ་དེས་མི་གཞན་ཞིག་གི་རྨི་ལམ་མམ་ཡང་ན་འཚོ་བ་ལ་ཕོག་ཐུག་གཏོང་གིན་འདུག  
                                            གསུམ།
“ཐག ཐག ཐག ”ཁོ་མོས་གསལ་བོར་བལྟས་དུས་མདུན་ངོས་ཀྱི་གློག་ཀླད་དེ་ལས་མི་ཞིག་གི་གཟུགས་བཪྙན་འཆར་ཡོང་སྟེ།
“ལགས། མགར་སྲས་ཨ་སྒྲོན་ཡིན་ནམ། སྐུ་ཉིད་ནས་ཉིན་གུང་གི་གསར་འགྱུར་ལ་མ་བལྟ། ཤིན་ཏུ་མ་རུང་བའི་དོན་ཞིག་སྟེ་ཡ་ང་བ་ལ།”ཟེར།
“སྐུ་ཞབས་ཁོང་སུ་རེད། ”མཐའ་འཁོར་དུ་གློག་ཀླད་བཀོལ་བཞིན་པའི་བུ་མོ་ཞིག་གིས་དེ་ལྟར་དྲིས།
“ངས་ཤེས་མ་སོང་། མགར་སྲས་ཨ་སྒྲོན་ཟེར་བ་སུ་ཡིན་ནམ།”
ཉེ་འཁོར་གྱི་བུད་མེད་དེ་ཚོ་དགོད་སྒྲ་ཆིལ་ལེར་གྱུར་ཅིང་“ཨོ། ཁ་སང་ཁྱེད་རང་གིས་མཚམས་སྦྱོར་རྒྱལ་སྤྱིར་བསྒྲགས་ཡོད་པ་མ་ཡིན་ནམ། མགར་སྲས་ཨ་སྒྲོན་ལགས། ད་ནི་སྐྱེས་པ་ཚོར་མཚོན་ན་ཁྱོད་ལ་འབྲེལ་བ་གནང་རྒྱུ་དེ་རྒྱུན་ལྡན་ཞིག་རེད་པས། དེ་ལས་ཁྱེད་རང་གིས་གཉེན་སྒྲིག་དཔང་ཡིག་སྟེང་ལ་ཉིན་གཅིག་གི་འཐད་ཡིག་མ་གཏོགས་འབྲི་མི་རུང་བ་དེ་རེད།”ཟེར།
“ཝེ། ངའི་མིང་ལ་གངས་ལྷ་སྒྲོལ་མ་ཟེར།”
བུད་མེད་དེ་ཚོར་སྔར་བས་དགོད་སྒྲ་ཇེ་མཐོར་གྱུར་ཅིང་མཐའ་མར“གངས་རིའི་རྒྱལ་མོ་ལགས། དེས་ན་ཁྱེད་རང་གིས་བསམ་གཟས་ཏེ་ཉིན་གུང་གི་གསར་འགྱུར་ལ་གཟིགས་དང་། ངེད་ཅག་གིས་ཁྱེད་ལ་ལམ་སློང་གི་ཚུལ་དུ་བལྟ་རོགས་བྱས་ཆོག”ཅེས་རང་རང་སར་བུད་སོང་།
“དེ་རིང་ནི་སྤྱི་ལོ་སུམ་སྟོང་ལོའི་ལོ་སར་ཚེས་མགོ་ཡིན་ཞིང་རང་བཞིན་གྱི་གསར་འགྱུར་རྩ་བ་ནས་ཚར་བས་ན་ང་ཚོས་ལོ་ངོ་སྟོང་གཅིག་གི་བྱ་བར་སྤྱི་སྡོམ་བྱ་རན་པའི་དུས་ལ་བབས་སོང་། སྤྱིར་ན་ལོ་ངོ་སྟོང་གཅིག་གི་རྒྱུ་མཚན་ཡོངས་སུ་མཇུག་བསྡུས་པས་ན་མིའི་རིགས་ལ་མཚོན་ན་ཤིན་ཏུ་སྡུག་བསྔལ་ཅན་ཞིག་དང་ཐོབ་འབྲས་མི་སྣང་བ་ཞིག་དུ་ཚར། ཡིན་ནའང་མི་ལ་ལ་ཞིག་ལ་མཚོན་ན་དེ་ནི་དོན་སྙིང་ཡོད་པ་ཞིག་ལས་དཔེར་ན་མདོ་ཁམས་ཀྱི་བུ་མོ་ཆུང་ཆུང་ཞིག་མིང་ལ་མགར་སྟོང་བཙན་ཟེར་བའི་དཔའ་རྒོད་ཅིག་དང་ཉལ་བོ་བྱུང་བ་ལས་གཉིད་ཐེངས་གཅིག་གི་རྗེས་སུ་དཔའ་རྒོད་ཁོང་སྐུ་གཤེགས་མོད་ཁོང་གི་རིགས་རྒྱུད་བུ་མོ་དེའི་མངལ་དུ་ཞུགས་པའི་ཐོབ་འབྲས་ལ་རྒྱུ་མཚན་ཡོད་པ་ཞིག་རེད་བསམ་ལ། ཐེ་ཚོམ་བྱ་དགོས་པ་ནི་བུ་དེ་ཇི་ལྟར་སྐྱེ་བའི་སྐོར་ལ་བསམ་གཞིག་བྱ་རྒྱུ་དེ་རེད། ལན་གདབ་མཁན་གྱིས་དུས་ལྟར་ཡར་ཞུ་བྱོས་དང་བྱ་དགར་གསེར་སྒོར་ཁྲི་གཅིག་སྟེར་ངེས་ཤིང་། དངུལ་བུན་འདི་དུས་རབས་འདིའི་ཆེས་མཐོའི་བྱ་དགའ་ཨང་དང་པོའི་རིགས་སུ་བཙུད་ནས་ཡོད། གསར་འགྱུར་བཤད་ཚར་སོང་།”
“ཅི་འདྲའི་ཡ་ང་བ་ལ། མི་ཞིག་གི་མངལ་དུ་བུ་འཁུར་ན་རང་ཉིད་ངེས་པར་འགོ་ནད་གང་རུང་ཞིག་གིས་འཆི་ལམ་དུ་འདེད་པར་སྒུག་སྡོད་རྒྱུ་དེ་རེད། ” བུ་མོ་ཞིག་ཡ་མཚར་བཞིན་ཁོ་མོར་དེ་སྐད་བརྗོད།
“དེ་ལ་ཡ་མཚན་དགོས་པའི་རྒྱུ་མཚན་ཅི་ཡང་མེད་དེ། གཙོ་བོ་བུ་མོ་དེར་ལང་ཚོ་སྨིན་ཡོད་མེད་ལ་རག་ལས་ཤིང་། སྨིན་པའི་དབང་དུ་བཏང་ན་དེ་ནི་དགའ་འོས་པའི་དོན་ཞིག་སྟེ་ང་ཚོའི་མེས་པོ་ཞིག་གི་རིགས་རྒྱུད་སྐྱོང་ཐུབ་སོང་བ་མ་ཡིན་ནམ།”
མཐའ་འཁོར་གྱི་བུ་མོ་དེ་ཚོ་ངོ་མཚར་ཆེན་པོའི་ངང་ཁོ་མོའི་མཐའ་རུབ་ནས་འོངས་ཤིང་དེ་ལས་གཅིག་གིས་“གནའ་རབས་ཀྱི་གཏམ་རྒྱུད་ཁ་ཤས་སུ་མི་ནི་མི་དང་མིའི་ལུས་འབྲེལ་ལས་མངལ་རྒྱུད་དེ་སྐྱེ་བ་ཞིག་ཡིན་ཟེར་མོད། ང་ཚོའི་དུས་སུ་ཚོད་ལྟ་ཐེངས་གཅིག་ཀྱང་མ་བརྒྱུད་པས་ཁྱོད་ཀྱི་གསུང་སྒྲོས་དེ་ངེས་པར་བདེན་པ་རུ་གོ་བའི་རྒྱུ་མཚན་མི་འདུག”ཟེར།
“ཨོ་ན་གཉེན་སྒྲིག་ཅེས་པའི་ཐ་སྙད་འདིས་ཅི་ཞིག་མཚོན་ནམ”
“ཁྱོད་ཀྱིས་ཅི་ཟེར། དེང་རབས་པའི་དཔེ་གཞུང་གང་དུའང་“གཉེན་སྒྲིག”ཅེས་པའི་ཐ་སྙད་འདིས་གདོད་མའི་ཚན་རིག་ཅིག་གི་དྲན་གསོ་མཚོན་ཡོད་ཅིང་ཕོ་མོའི་དངོས་གཞི་སྟེ་ཕྱོགས་གཅིག་ཏུ་དོན་མཚུངས་མ་ཡིན་པའི་གནས་ལུགས་བསྟན་ཡོད་པས་ན་ངེས་པར་དུ་གཉེན་སྒྲིག་ཅེས་པའི་བརྡ་འཕྲིན་འདི་བེད་སྤྱད་དེ་ཕན་ཚུན་སེམས་ཁུར་དང་ཐུགས་རྗེས་གཟིགས་པའི་ཁྱད་ཆོས་བསྐྲུན་དགོས་ཤིང་ཕོ་མོ་གཉིས་སོ་སོར་དབྱེ་ཐུབ་པའི་གོ་རིམ་ཁྲོད་དུ་ཐུན་མོང་གི་སྐད་ཆ་དག་ལ་སྦྱོང་བརྡར་བྱེད་དགོས་ཟེར་བ་མ་ཡིན་ནམ།”
“ ་་་ ་་་ ་་་ ་་་ ་་་ ་་་ ”
“གསར་འགྱུར་གནད་འཕྲིན། ཁ་སང་གི་བསམ་གཞིགས་དྲི་བའི་དྲིས་ལན་རང་བུ་མོ་དེ་ལང་ཚོ་སྨིན་ཡོད་མེད་ལ་རག་ལས་ཤིང་སྨིན་པའི་རྐྱེན་གྱིས་བུ་མོ་སྙིང་རྗེ་བ་ཞིག་སྐྱེ་ཞིང་ཡོངས་གྲགས་སུ་“མགར་སྟོང་བཙན་གྱི་རིགས་རུས”སུ་གྲགས། ལན་བཏབ་པ་འགྲིག་ཡོད་མཁན་གནས་ན་བྱ་དགའི་དངུལ་བུན་ལེན་དུ་ཤོག”
“དྲིས་ལན་རང་གིས་བཏབ་ན་དེ་ལ་དྲི་བ་ཟེར་རམ།”
“ཨོ། ཁྱོད་ལ་ཀུན་སྤྱོད་ཀྱི་སློབ་གསོ་སྦྱོར་དགོས་འདུག དེ་ལས་མྱུར་དུ་བྱ་དགའ་ལེན་དུ་སོང་ཞིག སྙིང་ཉེ་བའི་མགར་སྲས་ཨ་སྒྲོན་ལགས།”
“ཨ། དོན་ངོ་མར་ང་གང་ནས་ཡོང་ངམ། སུ་ཞིག་ཡིན་ནམ། གང་ཞིག་ཏུ་འགྲོ་བཞིན་ཡོད་དམ”
དྲ་མིག་གི་སྲིབ་ཀ་ལས་མཆེད་པའི་མ་སྨད་གཉིས་ཀྱི་སྔུར་དབྱངས་དེ་རླུང་བུ་འཇམ་པོ་ཞིག་གི་ཚུལ་གྱིས་སའི་གོ་ལའི་ཡང་སྟེང་དུ་ལྡིང་བར། རྨི་ལམ་གྱི་གྲོང་མཐའ་མྱུལ་བའི་སྐྱེས་པོ་ཡོད་ཅོག་གི་སེམས་ཁར་འདས་མ་ད་གསུམ་གྱི་མཚོན་བྱེད་དུ་མངོན་པའི་ལྡོག་བཞུར་གྱི་གཙང་བོ་སྔོན་པོ་ཞིག་བཞུར་དེ་འོངས་ཤིང་གྲང་བསིལ་གྱི་སྣང་བ་ཞིག་གིས་ཕན་ཚུན་གྱི་རྨི་ལམ་ནང་ལ་ལག་པ་བསྐྱངས་རེ་བྱས་སོང་། །
 
རྩོམ་ཁུངས། དགེ་ཆོས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱེ་རབས་གསུམ་གྱི་རྨི་ལམ།

2011-03-01 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།