བརྩེ་དུངས་བོར་ཚུལ།

སྡུག་བསྔལ་དེ་སུ་ལའང་ཡོད་ངེས་ཏེ།
ཨམ་ཕྲག་གི་ཞབས་བརྡོལ་ནས་བོར་སོང་བའི།
དངོས་པོ་དེ་དང་འདྲ་བར།
ཁྱོད་ལ་མི་བདེ་བའི་ཚོར་བ་ཞིག་བྱིན་ཡོང༌།

མིག་ཟུང་འདི་གློག་སྒྲོན་ཞིག་ཡིན་པའི་དབང་དུ་བཏང་ན།
ད་ནི་བལྟས་ནས་ཚ་བ་རྒྱས་ཏེ་སྲེག་ལ་ཁད་ཀྱི་ཚད་དུ་བསླེབས་ཡོད་ལ།
སེམས་པ་འདི་འཁོར་ལོ་ཞིག་ཡིན་པའི་དབང་དུ་བཏང་ན།
ད་ནི་འཁོར་ནས་ཟད་པའི་སྐབས་ལ་ཐོན་ཡོད།

ཁྱོད་ཀྱི་སེམས་སུ།
ཕྲན་གྱིས་འཆད་བཞིན་པ་དེ་ཁྱོད་ཡིན་སྙམ་ནའང༌།
དེ་ནི་མིན་པར།
ང་ཡིས་ནི་ང་ཡི་སེམས་པ་གླེང་གིན་ཡོད།

རྒྱབ་གཟུགས་དེ་སྔ་མོ་ནས་ཁྱོད་ཀྱི་སེམས་སུ་གཤགས་ཡོད་ནའང༌།
ཁོ་མོས་ཁྱོད་ངོ་མི་ཤེས་པས།
ཁྱོད་ཀྱི་ཡོད་ཚད་ཁེར་རྐྱང་གིས་འཚེ་བཞིན་ཡོད།
རྨི་ལམ་ལྟ་བུའི་མཛེས་སྡུག་དེ།
ཁྱོད་ཀྱིས་ལོ་ངོ་ལྔ་ཙམ་ལ་ཁུར་རྗེས།
ཁྱོད་ནི་ནར་སོན་བྱུང༌།

སྐད་ཅིག་མིའེ་ཚོར་བ་དེས།
ཁྱོད་ཀྱི་ཁ་གཏད་དུ་གྱུར་པའི་དངོས་པོ་ཡོད་ཚད་ལ་འགྱུར་ལྡོག་བྱུང་ཞིང༌།
ཁོ་མོ་དང་བཅས་པའི་རྨི་ལམ་དེ་ཡང་སྟོང་བར་གྱུར་སོང༌།
མཛེས་སྡུག་གི་བསླུ་བྲིད་དེས།
ཁྱོད་ནི་ཡོད་ཚད་ཅིག་ལ་ཞེ་མེར་བའི་སྣང་བ་བྱིན་ཅིང༌།
ཁོ་མོ་དང་འབྲེལ་ཡོད་ཀྱི་རང་ཉིད་ཅིག་ཀྱང༌།
སྟོང་བཞིན་པའི་ཉམས་སྣང་བྱིན་སོང༌།

དེ་ནི་གཞན་ཞིག་གི་དེ་དང་འདྲ་བར།
ཁྱོད་ལའང་ཅི་ཞིག་བོར་སོང་བའི་སྡུག་བསྔལ་སྐྱེས་ཤིང༌།
རྒས་ཟིན་པའི་བུད་མེད་ཅིག་གི་ངོ་གདོང་ལྟར།
འཚོ་བའི་མེ་ལོང་དེ་ལ།
བལྟ་ཐུབ་པའི་བློ་སྤོབས་ནི་ཡོངས་སུ་བྲལ།

དངོས་གནས་བཤད་ན།
བརྩེ་བ་མཐའ་དག་གི་ཐོབ་འབྲས་ནི།
སྡུག་བསྔལ་ལས་གྲུབ་པའི།
ཕྱིར་དྲན་གྱི་རྨ་ཁ་ཞིག་ལས།
ཁྱོད་ལ་དགོས་རྒྱུའི།
ནང་དོན་གང་ཡང་མི་འདུག 

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུངས་བོར་ཚུལ།

2010-06-08 རེ་རྐང་གླིང༌། ཀློག་གྲངས། མཆན ཡོད།

སྡུག་བསྔལ་དེ་སུ་ལའང་ཡོད་ངེས་ཏེ།
ཨམ་ཕྲག་གི་ཞབས་བརྡོལ་ནས་བོར་སོང་བའི།
དངོས་པོ་དེ་དང་འདྲ་བར།
ཁྱོད་ལ་མི་བདེ་བའི་ཚོར་བ་ཞིག་བྱིན་ཡོང༌།

མིག་ཟུང་འདི་གློག་སྒྲོན་ཞིག་ཡིན་པའི་དབང་དུ་བཏང་ན།
ད་ནི་བལྟས་ནས་ཚ་བ་རྒྱས་ཏེ་སྲེག་ལ་ཁད་ཀྱི་ཚད་དུ་བསླེབས་ཡོད་ལ།
སེམས་པ་འདི་འཁོར་ལོ་ཞིག་ཡིན་པའི་དབང་དུ་བཏང་ན།
ད་ནི་འཁོར་ནས་ཟད་པའི་སྐབས་ལ་ཐོན་ཡོད།

ཁྱོད་ཀྱི་སེམས་སུ།
ཕྲན་གྱིས་འཆད་བཞིན་པ་དེ་ཁྱོད་ཡིན་སྙམ་ནའང༌།
དེ་ནི་མིན་པར།
ང་ཡིས་ནི་ང་ཡི་སེམས་པ་གླེང་གིན་ཡོད།

རྒྱབ་གཟུགས་དེ་སྔ་མོ་ནས་ཁྱོད་ཀྱི་སེམས་སུ་གཤགས་ཡོད་ནའང༌།
ཁོ་མོས་ཁྱོད་ངོ་མི་ཤེས་པས།
ཁྱོད་ཀྱི་ཡོད་ཚད་ཁེར་རྐྱང་གིས་འཚེ་བཞིན་ཡོད།
རྨི་ལམ་ལྟ་བུའི་མཛེས་སྡུག་དེ།
ཁྱོད་ཀྱིས་ལོ་ངོ་ལྔ་ཙམ་ལ་ཁུར་རྗེས།
ཁྱོད་ནི་ནར་སོན་བྱུང༌།

སྐད་ཅིག་མིའེ་ཚོར་བ་དེས།
ཁྱོད་ཀྱི་ཁ་གཏད་དུ་གྱུར་པའི་དངོས་པོ་ཡོད་ཚད་ལ་འགྱུར་ལྡོག་བྱུང་ཞིང༌།
ཁོ་མོ་དང་བཅས་པའི་རྨི་ལམ་དེ་ཡང་སྟོང་བར་གྱུར་སོང༌།
མཛེས་སྡུག་གི་བསླུ་བྲིད་དེས།
ཁྱོད་ནི་ཡོད་ཚད་ཅིག་ལ་ཞེ་མེར་བའི་སྣང་བ་བྱིན་ཅིང༌།
ཁོ་མོ་དང་འབྲེལ་ཡོད་ཀྱི་རང་ཉིད་ཅིག་ཀྱང༌།
སྟོང་བཞིན་པའི་ཉམས་སྣང་བྱིན་སོང༌།

དེ་ནི་གཞན་ཞིག་གི་དེ་དང་འདྲ་བར།
ཁྱོད་ལའང་ཅི་ཞིག་བོར་སོང་བའི་སྡུག་བསྔལ་སྐྱེས་ཤིང༌།
རྒས་ཟིན་པའི་བུད་མེད་ཅིག་གི་ངོ་གདོང་ལྟར།
འཚོ་བའི་མེ་ལོང་དེ་ལ།
བལྟ་ཐུབ་པའི་བློ་སྤོབས་ནི་ཡོངས་སུ་བྲལ།

དངོས་གནས་བཤད་ན།
བརྩེ་བ་མཐའ་དག་གི་ཐོབ་འབྲས་ནི།
སྡུག་བསྔལ་ལས་གྲུབ་པའི།
ཕྱིར་དྲན་གྱི་རྨ་ཁ་ཞིག་ལས།
ཁྱོད་ལ་དགོས་རྒྱུའི།
ནང་དོན་གང་ཡང་མི་འདུག 

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།