དུས་ཚོད་སྐར་མ་བཅུའི་ཡུན་ལ་བྲིས་པའི་སྙན་ངག་ཚན་པ་བཅོ་བརྒྱད།

       འདག་རྒྱག་པ། 
བུ་ཕོ་ཞིག་དེ་ལྟར་ཡིད་ཚིམ་རྗེས
གན་རྐྱལ་དུ་ལོག་སོང
སྙིང་བོ་མེད་པའི་མིག་གིས 
མ་ཡུམ་གྱི་ཨོང་ཏོ་ལ་ཅེར་འདུག   
 
    ཚེ་རིང་སྒྲོལ་དཀར། 
བརྩེ་དུངས་དཀར་ཡོལ་གང་བཟུང་ནས 
ཁོ་མོར་ཕུལ་དུས 
ཚེ་རིང་སྒྲོལ་དཀར་གྱིས  
འཕྲུལ་ཆས་ཀྱིས་བཟོས་པའི་འདོམས་ཀྱི་མཚན་མ་དེ 
ང་ལ་སྟོན་གྱིན  ངའི་མོ་མཚན་རྫུན་མ་ཡིན་ཞེས 
ང་ལ་སྨྲེ་སྔགས་བཏོན་བྱུང 
 
       སྨྱོན་པ།  
སྲང་ནས་གཅེར་བུར་སོང་བས 
མི་རྣམས་ངོ་ཚ་མེད་པར་ཁྱིམ་དུ་བྲོས 
གྲང་འཁྱག་གིས་ཞུད་པའི་མཇེ་རྒན་དེ 
ད་ལྟ་རས་ཁུག་སྟོང་བ་ཞིག་དང་འདྲ  
 
       སྨན་ཁང༌།  
ནད་གཡོག་མ་དེ་དངོས་ནས་མཛེས་དྲགས་པས 
ཤིན་ཏུ་སྦོམ་པའི་སྨན་ཁབ་དེ་ཡང 
མཇེ་ངན་ཞིག་ཇི་བཞིན 
བདག་གི་བརླ་གསེབ་ལ་འཛེར་བས 
བདག་ལ་རླབས་ཆེ་བའི་བདེ་བ་དེ་ཐོབ་ཅིང 
བུ་ཕྲུག་ཅིག་ཁོག་ལ་བརྫངས་པའི་སྣང་བ་སྐྱེས་སུ་བཅུག 
 
        བླ་བྲང༌།  
བླ་བྲང་ལ་འབྱོར་དུས 
ཆུང་མས་ཁ་པར་ཐོན་བྱུང
ངས་སྤྱོད་ཁང་དེའི་བདག་པོར
སྒོར་བརྒྱ་བྱིན་རྗེས
དེ་ནི་ངས་སྐྱག་པ་བཏང་བའི་རིན་དོད་ཡིན་ཅེས་བསྙད
 
        སྒྲུང་ཐུང་ཞིག་གི་གྲུབ་ཚུལ།
དུར་ཁྲོད་དུ   ཀེང་རུས་གཉིས་ཀྱིས
བེམ་རོ་དག་ལ་ཆགས་པ་སྤྱོད་ཀྱིན་འདུག
ལྷ་སྒྲུང་ལྟ་བུའི་སྣང་བརྙན་འདི
ངས་སྒྲུང་གཏམ་དུ་བཀོད་རྗེས
ཀློག་པ་པོ་ཞིག་ཤིན་ཏུ་ཁྲོས་བཞིན
ཀེང་རུས་དེ་གཉིས་ལྷའི་ཕོ་ཉ་ཡིན་ན་ཅི་བྱ་ཟེར
ལན་ཞིག་བཏབ་ན
རྗེ་བཙུན་སྒྲོལ་མ་ལའང་མོ་མཚན་མེད་པས
བུད་མེད་ཅིག་ཏུ་བརྩི་རུང་ངམ
 
          བཙན་གཡེམ། 
མེ་ལྟར་འབར་བའི་འདོད་ཆགས་ཀྱི་དབང་གིས 
བུ་མོ་ཞིག་ལ་བཙན་གཡེམ་བྱས་པར
བུ་མོ་དེས་ང་རང་བྲང་འོག་ཏུ་མནན་རྗེས
ང་ལ་བཙན་གཡེམ་བྱས་བྱུང
 
       ལུས་འབྲེལ་བཞག་པ། 
ང་བློར་བབས་མྱོང་བའི་བུ་མོ་ཞིག་གིས
ང་དང་ཐེངས་བཅུ་གྲངས་ཤིག་ལ་ལུས་འབྲེལ་བཞག་ཅིང
རེ་རེ་བཞིན་རྒྱ་ཙོང་གི་ཤུན་པ་བཤུ་བའི་དཔེ་བཞིན 
ཧམ་སེམས་ཀྱིས་བཤུས་ཚར་བས
ད་ནི་བདག་ལ་སྐྱེས་རྒྱུད་རྩ་བ་ནས་རྫོགས་ཚར་ཡོད
 
         སེང་ལྕམ་འབྲུག་མོ། 
ངོ་གདོང་མཛེས་པོ་དེས 
རྒྱལ་ཁམས་ཤིག་དཀྲུགས་མྱོང་ནའང
དོན་སྙིང་ཡོད་པའི་བྱ་བ་ཞིག་ནི
རང་ཉིད་ལ་སྐྱེས་པ་གཉིས་ཀྱིས་འཁྲིག་པ་སྤྱད་མྱོང་བ 
རྒྱལ་ཁམས་ཀྱིས་ངོས་ཟིན་པ་དེ་རེད
 
            ཚིག་མཛོད།  
ཁྱི་སྐྱག་གི་ནང་ལ་དབྱུག་པས་བརྒྱབ་པ་བཞིན 
ཚིག་མཛོད་ཁྲོད་ཀྱི་ཐ་སྙད་དག་གཏོར་རྗེས
ངའི་དྭངས་གཙང་གི་མིང་ཚིག་ཅིག་རྙེད་བྱུང
དེ་ནི་རྒྱ་ནག་གི་སྐད་དུ་བསྒྱུར་ན 同性恋ཞེས་པ་དེ་རེད
 
           བདག་གི་བུ་མོ།  
མཇེ་དང་དབྱེར་མེད་པར 
རླིག་འབྲས་དང་ཡང་འདྲ་བར
ང་རྒྱལ་གྱིས 
འཇིག་རྟེན་འདི་ལ་གོམ་ཁ་སྤོས
 
        གདོང་འབག  
སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་ནས
ཧ་ཅང་སྐྱོ་བ་སངས་མདོག་གིས
ངས་མི་ལོ་ཉེར་ལྔའི་རིང་ལ  གྱོན་མྱོང་བའི
གདོང་འབོག་དེ་བཤུ་བར 
མར་ཁུ་རྒྱལ་མཚན་གྱིས་ང་ལ་འོ་ཞིག་བྱས་བྱུང
དེ་ནི་མི་གཞན་ཞིག་གི་མཆུ་སྒྲོས་དང་ཡང་བསྡུར་ཐབས་མི་འདུག
 
            རྒྱུན།  
ཁུ་བ་བཞུར་ནས་མོ་མཚན་ལ་བླུགས 
གཅིན་པ་བཞུར་ནས་གཙང་བོར་བླུགས  
གཙང་བོ་བཞུར་ནས་རྒྱ་མཚོར་བླུགས 
རྒྱ་མཚོ་བཞུར་ནས་གང་ལ་བླུགས་འོས
 
           ནུ་མ། 
སོ་བཏབ་རྗེས
ཁྲག་བཞུར་བྱུང
ཨག་བཏབ་པས
ཁམས་དཀར་དབང་མེད་དུ་བཞུར་ཚར
 
        ཁ་པར།  
མངལ་ཁྲག་གི་བྲོ་བ་འཐིབས་པའི་སྐད་ངག་ཅིག 
གློ་བུར་དུ་གྲགས་པས 
ངས་དོན་ལྔ་སྣོད་དྲུག་དང་བཅས་པ
བཤང་སྒོ་ནས་ཕྱིར་བཏོན
 
       གྲལ་མཚེས།  
བུ་མོ་དེ་འབྱུང་གཞི་མི་བདེ་བའི་ཚུལ་གྱིས
རྐུབ་སྟེགས་སྟེང་ན་འགུལ་གྱིན་འདུག 
ང་ཧ་ལས་སོང
ངའི་ཕོ་མཚན་དེ་མཁྲེགས་པོར་གྱུར་ནས
རལ་གྲི་ཞིག་དང་འདྲ 
བཟའ་ཚང་མིན་པའི་བཟའ་ཚང་ཞིག་གི་འཚོ་བ་བཤད་ན
འདི་འདྲ་རེད
 
       བརྙན་འཕྲིན་ནང་གི་ཁུ་ལེའོ་ཕ་ཐི་ལ། 
 བརྗོད་འདས་ཀྱི་བསླུ་བྲིད་དེས
ང་རྨས་ཟིན་པར་བརྟགས་ན
ས་སྟེང་དུ་ཀེར་རེར་འགྲེང་བའི་ཟུར་གསུམ་མཆོད་རྟེན་ནི 
ཁོ་མོའི་སྟོབས་ཀྱིས་རྒྱག་པའི་ནུ་འབུར་ཡིན་སྲིད་ལ
དཔའ་རྟུལ་མང་བོ་ཞིག 
ནུ་འབུར་དེས་སྐྱེས་སྟོབས་ཀྱིས་བསད་ཡོད་ན 
ང་ཡང
གནའ་བོའི་ལོ་མ་རྒྱལ་ཁབ་ཀྱི་རྒྱལ་བོ་ཞིག་མིན་པའི་ངེས་པ་ག་ཡོད
 
             ལྐོག་ལྟ།  
སྲུབས་ཀ་ནས 
ཕོ་མོ་གཉིས་ཀྱིས་འཁྲིག་པ་སྤྱོད་པར་བལྟས་མོད
ཡོད་ཚད་སྦྲུམ་འགོག་ཤུབ་ཅིག་གིས་དབང་བསྒྱུར་བྱས་ཡོད་པར
ཞེ་གཏིང་ནས་སྙིང་ནད་སྐྱེས་དགོས་བྱུང  
                       ༢༠༠༦ལོའི་ཟླ་༡༠བའི་ཚེས་༢༡ཉིན་རྨ་ལྷོ་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཚོད་སྐར་མ་བཅུའི་ཡུན་ལ་བྲིས་པའི་སྙན་ངག་ཚན་པ་བཅོ་བརྒྱད།

2008-12-17 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

       འདག་རྒྱག་པ། 
བུ་ཕོ་ཞིག་དེ་ལྟར་ཡིད་ཚིམ་རྗེས
གན་རྐྱལ་དུ་ལོག་སོང
སྙིང་བོ་མེད་པའི་མིག་གིས 
མ་ཡུམ་གྱི་ཨོང་ཏོ་ལ་ཅེར་འདུག   
 
    ཚེ་རིང་སྒྲོལ་དཀར། 
བརྩེ་དུངས་དཀར་ཡོལ་གང་བཟུང་ནས 
ཁོ་མོར་ཕུལ་དུས 
ཚེ་རིང་སྒྲོལ་དཀར་གྱིས  
འཕྲུལ་ཆས་ཀྱིས་བཟོས་པའི་འདོམས་ཀྱི་མཚན་མ་དེ 
ང་ལ་སྟོན་གྱིན  ངའི་མོ་མཚན་རྫུན་མ་ཡིན་ཞེས 
ང་ལ་སྨྲེ་སྔགས་བཏོན་བྱུང 
 
       སྨྱོན་པ།  
སྲང་ནས་གཅེར་བུར་སོང་བས 
མི་རྣམས་ངོ་ཚ་མེད་པར་ཁྱིམ་དུ་བྲོས 
གྲང་འཁྱག་གིས་ཞུད་པའི་མཇེ་རྒན་དེ 
ད་ལྟ་རས་ཁུག་སྟོང་བ་ཞིག་དང་འདྲ  
 
       སྨན་ཁང༌།  
ནད་གཡོག་མ་དེ་དངོས་ནས་མཛེས་དྲགས་པས 
ཤིན་ཏུ་སྦོམ་པའི་སྨན་ཁབ་དེ་ཡང 
མཇེ་ངན་ཞིག་ཇི་བཞིན 
བདག་གི་བརླ་གསེབ་ལ་འཛེར་བས 
བདག་ལ་རླབས་ཆེ་བའི་བདེ་བ་དེ་ཐོབ་ཅིང 
བུ་ཕྲུག་ཅིག་ཁོག་ལ་བརྫངས་པའི་སྣང་བ་སྐྱེས་སུ་བཅུག 
 
        བླ་བྲང༌།  
བླ་བྲང་ལ་འབྱོར་དུས 
ཆུང་མས་ཁ་པར་ཐོན་བྱུང
ངས་སྤྱོད་ཁང་དེའི་བདག་པོར
སྒོར་བརྒྱ་བྱིན་རྗེས
དེ་ནི་ངས་སྐྱག་པ་བཏང་བའི་རིན་དོད་ཡིན་ཅེས་བསྙད
 
        སྒྲུང་ཐུང་ཞིག་གི་གྲུབ་ཚུལ།
དུར་ཁྲོད་དུ   ཀེང་རུས་གཉིས་ཀྱིས
བེམ་རོ་དག་ལ་ཆགས་པ་སྤྱོད་ཀྱིན་འདུག
ལྷ་སྒྲུང་ལྟ་བུའི་སྣང་བརྙན་འདི
ངས་སྒྲུང་གཏམ་དུ་བཀོད་རྗེས
ཀློག་པ་པོ་ཞིག་ཤིན་ཏུ་ཁྲོས་བཞིན
ཀེང་རུས་དེ་གཉིས་ལྷའི་ཕོ་ཉ་ཡིན་ན་ཅི་བྱ་ཟེར
ལན་ཞིག་བཏབ་ན
རྗེ་བཙུན་སྒྲོལ་མ་ལའང་མོ་མཚན་མེད་པས
བུད་མེད་ཅིག་ཏུ་བརྩི་རུང་ངམ
 
          བཙན་གཡེམ། 
མེ་ལྟར་འབར་བའི་འདོད་ཆགས་ཀྱི་དབང་གིས 
བུ་མོ་ཞིག་ལ་བཙན་གཡེམ་བྱས་པར
བུ་མོ་དེས་ང་རང་བྲང་འོག་ཏུ་མནན་རྗེས
ང་ལ་བཙན་གཡེམ་བྱས་བྱུང
 
       ལུས་འབྲེལ་བཞག་པ། 
ང་བློར་བབས་མྱོང་བའི་བུ་མོ་ཞིག་གིས
ང་དང་ཐེངས་བཅུ་གྲངས་ཤིག་ལ་ལུས་འབྲེལ་བཞག་ཅིང
རེ་རེ་བཞིན་རྒྱ་ཙོང་གི་ཤུན་པ་བཤུ་བའི་དཔེ་བཞིན 
ཧམ་སེམས་ཀྱིས་བཤུས་ཚར་བས
ད་ནི་བདག་ལ་སྐྱེས་རྒྱུད་རྩ་བ་ནས་རྫོགས་ཚར་ཡོད
 
         སེང་ལྕམ་འབྲུག་མོ། 
ངོ་གདོང་མཛེས་པོ་དེས 
རྒྱལ་ཁམས་ཤིག་དཀྲུགས་མྱོང་ནའང
དོན་སྙིང་ཡོད་པའི་བྱ་བ་ཞིག་ནི
རང་ཉིད་ལ་སྐྱེས་པ་གཉིས་ཀྱིས་འཁྲིག་པ་སྤྱད་མྱོང་བ 
རྒྱལ་ཁམས་ཀྱིས་ངོས་ཟིན་པ་དེ་རེད
 
            ཚིག་མཛོད།  
ཁྱི་སྐྱག་གི་ནང་ལ་དབྱུག་པས་བརྒྱབ་པ་བཞིན 
ཚིག་མཛོད་ཁྲོད་ཀྱི་ཐ་སྙད་དག་གཏོར་རྗེས
ངའི་དྭངས་གཙང་གི་མིང་ཚིག་ཅིག་རྙེད་བྱུང
དེ་ནི་རྒྱ་ནག་གི་སྐད་དུ་བསྒྱུར་ན 同性恋ཞེས་པ་དེ་རེད
 
           བདག་གི་བུ་མོ།  
མཇེ་དང་དབྱེར་མེད་པར 
རླིག་འབྲས་དང་ཡང་འདྲ་བར
ང་རྒྱལ་གྱིས 
འཇིག་རྟེན་འདི་ལ་གོམ་ཁ་སྤོས
 
        གདོང་འབག  
སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་ནས
ཧ་ཅང་སྐྱོ་བ་སངས་མདོག་གིས
ངས་མི་ལོ་ཉེར་ལྔའི་རིང་ལ  གྱོན་མྱོང་བའི
གདོང་འབོག་དེ་བཤུ་བར 
མར་ཁུ་རྒྱལ་མཚན་གྱིས་ང་ལ་འོ་ཞིག་བྱས་བྱུང
དེ་ནི་མི་གཞན་ཞིག་གི་མཆུ་སྒྲོས་དང་ཡང་བསྡུར་ཐབས་མི་འདུག
 
            རྒྱུན།  
ཁུ་བ་བཞུར་ནས་མོ་མཚན་ལ་བླུགས 
གཅིན་པ་བཞུར་ནས་གཙང་བོར་བླུགས  
གཙང་བོ་བཞུར་ནས་རྒྱ་མཚོར་བླུགས 
རྒྱ་མཚོ་བཞུར་ནས་གང་ལ་བླུགས་འོས
 
           ནུ་མ། 
སོ་བཏབ་རྗེས
ཁྲག་བཞུར་བྱུང
ཨག་བཏབ་པས
ཁམས་དཀར་དབང་མེད་དུ་བཞུར་ཚར
 
        ཁ་པར།  
མངལ་ཁྲག་གི་བྲོ་བ་འཐིབས་པའི་སྐད་ངག་ཅིག 
གློ་བུར་དུ་གྲགས་པས 
ངས་དོན་ལྔ་སྣོད་དྲུག་དང་བཅས་པ
བཤང་སྒོ་ནས་ཕྱིར་བཏོན
 
       གྲལ་མཚེས།  
བུ་མོ་དེ་འབྱུང་གཞི་མི་བདེ་བའི་ཚུལ་གྱིས
རྐུབ་སྟེགས་སྟེང་ན་འགུལ་གྱིན་འདུག 
ང་ཧ་ལས་སོང
ངའི་ཕོ་མཚན་དེ་མཁྲེགས་པོར་གྱུར་ནས
རལ་གྲི་ཞིག་དང་འདྲ 
བཟའ་ཚང་མིན་པའི་བཟའ་ཚང་ཞིག་གི་འཚོ་བ་བཤད་ན
འདི་འདྲ་རེད
 
       བརྙན་འཕྲིན་ནང་གི་ཁུ་ལེའོ་ཕ་ཐི་ལ། 
 བརྗོད་འདས་ཀྱི་བསླུ་བྲིད་དེས
ང་རྨས་ཟིན་པར་བརྟགས་ན
ས་སྟེང་དུ་ཀེར་རེར་འགྲེང་བའི་ཟུར་གསུམ་མཆོད་རྟེན་ནི 
ཁོ་མོའི་སྟོབས་ཀྱིས་རྒྱག་པའི་ནུ་འབུར་ཡིན་སྲིད་ལ
དཔའ་རྟུལ་མང་བོ་ཞིག 
ནུ་འབུར་དེས་སྐྱེས་སྟོབས་ཀྱིས་བསད་ཡོད་ན 
ང་ཡང
གནའ་བོའི་ལོ་མ་རྒྱལ་ཁབ་ཀྱི་རྒྱལ་བོ་ཞིག་མིན་པའི་ངེས་པ་ག་ཡོད
 
             ལྐོག་ལྟ།  
སྲུབས་ཀ་ནས 
ཕོ་མོ་གཉིས་ཀྱིས་འཁྲིག་པ་སྤྱོད་པར་བལྟས་མོད
ཡོད་ཚད་སྦྲུམ་འགོག་ཤུབ་ཅིག་གིས་དབང་བསྒྱུར་བྱས་ཡོད་པར
ཞེ་གཏིང་ནས་སྙིང་ནད་སྐྱེས་དགོས་བྱུང  
                       ༢༠༠༦ལོའི་ཟླ་༡༠བའི་ཚེས་༢༡ཉིན་རྨ་ལྷོ་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།