རེབ་གོང་།

རེབ་གོང
རྒན་མོའི་གནའ་གཏམ་ལ་འགྲམ་པ་གླན་དྲགས་པས 
ཁྱོད་ཀྱི་ངོ་གདོང་རུལ་ནས་སྔོ་མདོག་ཏུ་གྱུར་ཞིང 
ཟུག་རྔུའི་དོད་དུ་ལུས་པའི་མིག་ཆུ་དེ་ཡང
མིག་སྐྱག་ལྗིད་པོ་དེའི་སྟེང་ཤོད་ནས་ཕྱིར་འཕྱུར་མ་ཐུབ

བུ་ཕྲུག་དག་ནར་སོན་རྗེས
ཕྱིར་བལྟས་ཙམ་ཡང་མེད་པར་དགུ་ཆུའི་ཕ་རོལ་དུ་སོང་བ་ནི
ཁྱོད་ཀྱི་སྐམ་ཟིན་པའི་ནུ་མ་དེ་ལ་འོ་ཞོ་མེད་པའི་རྒྱུ་མཚན་གྱིས་རེད་ལ
བུ་མོ་དེས་སྐད་ངག་འགག་ནས་གནས་ཡུལ་ཆས་པའི་མངོན་ཚུལ་དེ་ཡང 
ཁྱོད་ཀྱི་མཚན་མ་ཧྲིལ་བོར་ཁྱིམ་ཚང་གཞན་གྱི་དུར་ཁྲོད་ཀྱིས་བཟུང་བས་སོ   

རེབ་གོང
ཁྱོད་ཀྱི་སྐོམ་ཆུ་དག་ཚོང་རར་བྲིན་པ་ནི 
རྔམ་ཟིལ་གྱིས་འཕྱོ་བའི་དགུ་འདུས་གཙང་བོ་དེ 
གཤག་བཅོས་ཁང་གི་རྣག་ཁྲག་གིས་བརྫིས་པས་རེད་ལ
ཁྱོད་ཀྱི་མངལ་ཁུག་ན་ལྷ་བཟོ་མང་བ་དེ་ཡང
མདོག་ལོག་པའི་ནམ་མཁའ་ཧྲིལ་བོ
སོ་ཕག་བཟོ་གྲྭའི་དུ་སྨུག་གིས་བཏུམ་པས་ན
དྭངས་གསལ་གྱི་བྲང་ས་ལ་རྨི་ལམ་མང་བས་རེད

རེབ་གོང་གི་རྡོ་བ
ཁང་བརྩེགས་ཀྱི་སྒལ་བར་འབྱར་བའི་དེ་རིང
ས་གང་དུ་སོང་ཡང་རེབ་གོང་མཐོང་ལ
ཕྱོགས་གང་དུ་བལྟས་ཀྱང་རེབ་གོང་རིག་ཀི

རེབ་གོང་གི་རྨི་ལམ
སྨད་འཚོང་མའི་ཕུགས་བསམ་དུ་བབས་པའི་དེ་རིང
རེབ་གོང་ནི་མི་རྐྱང་དག་གི་རྨི་ལམ་གྱི་ཞིང་ས་རེད་ལ
རེབ་གོང་ནི་བུད་མེད་དག་གི་རང་དབང་དངོམ་སའི
ཉལ་ཁྲི་འཁྱག་པོ་ཞིག་དང་འདྲ

རེབ་གོང་ལ་སྙན་ངག་ཅིག་འབྲི་རྒྱུ་ནི
ཕ་བོང་ཆེན་པོ་ཞིག་བརྐོས་ནས་སྲན་རྡོག་ཏུ་བསྒྱུར་བ་དང་འདྲ་བར
རྔུལ་ཆུ་དང་སྙིང་ཁྲག་མ་ཕུད་པས
ཁྱོད་རང་སྐྱག་ལུད་ཅིག་བཞིན
བཙུན་པ་དག་གི་ལྷམ་ངོས་ལ་འབྱར་སྲིད་ལ
མཁས་པ་དག་གི་སྨྱུག་མདུན་དུ་གསུབ་སྲིད

རེབ་གོང་ནི
མེས་པོ་དག་གིས་ང་ཚོ་ལ་བཞག་པའི་སྐྱུར་ཆང་དེ་ཡིན་ནམ
ཡང་ན་གླེན་པ་དག་གི་རྣ་བ་འགེབས་བྱེད་ཀྱི་ལྷན་པ་ནག་པོ་དེ་ཡིན

                             ༢༠༠༨ལོའི་ཟླ༡པོའི་ཚེས་༡༠ཉིན་རེབ་གོང་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེབ་གོང་།

2009-08-14 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།