ཁྲི་ལོ་ནས་ཁྲི་ལོར་ཤོག

ལོ་ངོ་སྟོང་ཕྲག་ཁ་ཤས་ལ་ཁྱོད་ཀྱི་ནུ་མ་ལས
སྙི་འཇམ་འཇམ་གྱི་འོ་མ་ཞིག་ལས་མ་ཐོན་པས
ངའི་སྙིང་ཁར་བཞད་པའི་མཆེ་བ་དེའི་སྐོམ་གདུང་ག་ལ་སོད
ང་ལ་ཤ་ཚིལ་གྱི་བར་བསྲིབ་ཅན་གྱི་མི་ཁྲག་གི་སྣུམ་ཞག་དེ་མཁོ་བས
རླབས་ཆེ་བའི་མ་ཡུམ་ལགས
ད་ནི་ཁྱོད་ཟ་བའི་དུས་ལ་བསླེབས་སོང

དུད་འགྲོའི་རིགས་ཀྱི་ལྟོ་བ་ལས་བྲུས་པའི་རྩྭ་ལྡུམ་གྱི་གཞུང་རྟ་དེས
ཤོག་བུ་བཟོ་གྲྭ་དག་ཆེས་ཆེར་བྲིན་པའི་ཁ་སང་ཉི་མ་རྙིང་བ་དེ
སོས་དལ་བའི་མི་རུལ་བ་དག་གི་སྒྲིག་གཞི་ཡོད་པའི་མགོ་འཁོར་ཕོ་བྲང་དེ་ཡིན་ན
ངས་རང་གི་ཁོང་ཁྲོ་ལས་སྦར་བའི་མེ་ལྕེ་དེ་མཐོན་པོར་བསྒྲེང་གིན
རྫིག་རྫིག་འགྱིང་འགྱིང་གི་དཔེ་མཛོད་ཁང་མཐའ་དག་མེ་ལ་སྒྲོན་རྒྱུ་ཡིན
ཆུ་ལ་འདེབས་ཀྱིན་ཡིན

རང་བྱུང་གི་མཛེས་པར་ནག་ནོག་གི་ལྷན་པ་སྦྱར་བའི་རྡོ་བཟོའི་སྐུ་བརྙན་དང
མཐོན་པོར་ནས་མཐོན་པོར་བརྩེགས་པའི་མཆོད་རྟེན་གྱི་བང་རིམ་མཐའ་དག་ནི
རྗེས་རབས་པ་སུ་ཞིག་གི་མགོ་བོ་རྨོངས་པར་བྱེད་པའི་ལག་རྩལ་ཙམ་ཞིག་ཡིན་ན
ངས་གཅེར་བུར་འགྱིང་བའི་རང་བྱུང་གི་རྡོ་བ་མཁྲེགས་པོ་དག་གི་གབ་སྦས་དང
ལྷུན་གྱིས་གྲུབ་པའི་གངས་རི་དག་གི་ང་རྒྱལ་གྱི་དབུ་འཕངས་བེད་སྤྱད་དེ
དགོས་མེད་ཀྱི་གསར་གཏོད་དང   བེད་མེད་ཀྱི་དངོས་པོ་མཐའ་དག
འགད་རྫས་ཀྱིས་བཀད་རྒྱུ་ཡིན   མེ་བསྲེག་གིས་གཞོམ་རྒྱུ་ཡིན

ཀ་ཡེ  མི་ཨང
ཁྱོད་ཀྱིས་ང་ཡི་མིང་གིས་མ་འབོད 
རྒས་འཁོག་གི་མེས་པོ་གང་ཞིག་གིས་གོ་སྐབས་སྙེག་བཞིན་བསྩལ་བའི་བཏགས་མིང་དེ
མདོར་དྲིལ་ན་སྐྱག་ལུད་ཅིག་དང་མཚུངས་ཀིན
མདོག་ཁ་བའི་དྲི་མ་དེས  ངའི་མི་ཚེ་ཕྱེད་ཀ་བརླག་ཟིན་པས
སྐྱེད་ཀ་ཅན་གྱི་ཁོང་ཁྲོ་དེས་ཕྱིར་ན
ངས་ངོ་ལོག་བྱ་དགོས  ངས་འཕྲོག་རྩོད་བྱ་དགོས

ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག
སྨྲ་རའི་ཁ་དོག་དཀར་བོར་འགྱུར་བའི་མི་ཡི་གསང་མཚན་ལ
ཚ་བེར་བེར་གྱི་འགྲམ་ལྕག་ཅིག་གཞུས་ནས
ངས་ཡང་དང་བསྐྱར་དུ་བཀྲུས་མྱོང་བའི་རང་གི་ངོ་ལྤགས་འདི་དམར་བཤུ་བྱ་རྒྱུ་ཡིན
ངས་ཁྲག་དམར་ཆིལ་ཆིལ་གྱི་རང་གི་ཤུན་མེད་པའི་ངོ་གདོང་དེ་ལ
འདག་རྫས་ཀྱི་བྲོ་བ་འཐིབ་ཏུ་བཅུག་ནས
ཡང་སྙིང  རང་བྱུང་དང་ཚན་རིག་གི་དགེ་སྡུག་དེ་སུན་འབྱིན་གྱིན་ཡིན

ཡར་ལ་ལོངས་ཤིག  ལོངས་ཤིག
བདག་གི་སྤུན་ཟླ
དཀོན་མཆོག་གི་ཐུགས་རྒྱུད་ལས་བསྐྲུན་པའི་རང་གི་མཛུབ་གུ་དེ་དག་ལ
ཁྲེ་ཙེ་ཞིག་རྒྱོབ་དང   ཧོའོ་མུས་སམ་ལིས་མུས་ཅི་འདྲ་ཞིག་ཡོད་ཁུ
སྡོམ་སྐམ་གྱི་ཡལ་ག་ཞིག་ཡིན་ན་བུས་དང་ཆོག་ག
སྡེར་མའི་དཀྱིལ་ལ་བཞག་པའི་ཟ་རྒྱུ་ཞིག་ཡིན་ན་ཟོས་དང་ཆོག་ག
འོན་ཀྱང་ཁ་དང་མཚན་མ་གཉིས་ལས་གང་ལའང་མི་མཁོ་བ་ཞིག་ཡིན་ན
ཁེ་གྲི་རྣོན་པོ་ཞིག་གིས་ཆོད་ལ་ཐོངས
སོག་ལེ་གན་མོ་ཞིག་གིས་གཏུབ་ལ་ཐོངས

སྨྱོན་པ་ལྟ་བུའི་བློ་སྟོབས་ཤིག་ཆོངས་ལ
ཞར་བ་ལྟ་བུའི་དམིགས་འདུན་ཞིག་ཆོངས་ལ
མདུན་ནས་མདུན་དུ་རྒྱུགས་ཤིག

ཕོ་བྲང་དང  རྡོ་རིང  གནའ་རྫས
ཡོད་ཚད་ཀྱི་ཡོད་ཚད་ཨར་འདམ་ཐག་སའི་འཕྲུལ་འཁོར་གྱི་ནང་ལ་བླུགས་ནས
ཕྱེ་མར་ཐག་ཅིག  ཡོད་ཚད་དུས་ད་ལྟ་ནས་མགོ་རྩོམ་རོགས

བག་ཚ་བ་ཅི་ཡང་མེད་པར  བརླ་རྐང་གཉིས་ཁ་ཕྱེ་ཏེ
རང་གི་ལུས་པོ་འདི་བཙོང་ནས  དངུལ་ལོའི་མལ་ཁྲི་ཞིག་བཟོ་རོགས
བཙོང་ཚར་བའི་རྣམ་ཤེས་དེས ད་དུང་ཡང་ཁྱོད་ཀྱི་མི་གཞི་ལ་ཚོད་འཛིན་བྱ་སྲིད་ན
དབྱུག་པ་དང་ལྕགས་ཚན་ཁོ་ནས་རྣམ་ཤེས་དེ་ཐལ་ཚལ་སྦར་ཚར་དུ་ཐོངས་ཤིག

སུ་གང་ཞིག་ལའང་འབྲེལ་བ་མེད་པའི་ནངས་ཁའི་དུས་སུ
ད་གཟོད་རང་གིས་རང་ལ་རྒྱལ་ཁབ་ཅིག་བཙུགས་ནས
ཁྲི་ལོ་ནས་ཁྲི་ལོར་ཤོག་ཅེས་ཤུགས་ཀྱིས་འབོད་ཡ  འབོད་ཡ
                                   2009.6.21

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲི་ལོ་ནས་ཁྲི་ལོར་ཤོག

2009-07-07 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།