ཁྱི་ཁ་ཚུམས།

འགད་ལ་ཉེ་བའི་ཁྱོད་ཀྱི་ཞེ་སྡང་དེ
ངེས་པར་གཞན་ཞིག་གིས་དོ་ཁུར་བྱ་དགོས་ན
ཁྱེད་ཀྱིས་རང་ཁྱིམ་དུ་བསྡུས་པའི་སྟ་རེ་དེ་བརྗེད་སོང་བ་ཡིན་ནམ
ཁ་གཏད་ཀྱི་མི་དག་ཨང  ཁྱི་ཁ་ཚུམས་ལ་སྡོད

བཟོ་བ་དག་གིས་ཨུ་ཐུག་ཐབས་ཟད་ཀྱིས་ཁྱེད་ཀྱི་རྣ་སྒོར་སྦྱར་བའི་ཁ་པར་དེ
གཤེ་གཤེ་གཏོང་བྱེད་ཀྱི་འཕྲུལ་ཆས་ཤིག་ཡིན་ན
ཁྱོས་ད་དུང་ཡང་བཙའ་ཡིས་ཟིན་པའི་གཏམ་རྒྱུད་རྙིང་བ་དག་ལ་རྣ་བ་སྦྱོར་རམ
རིང་བོ་ནས་རིང་བོར་སྤྱུག་སྟེ
གནས་ལུགས་བརྗོད་ཡོང་མཁན་དག་ལ་ཁྱི་ཁ་ཚུམས་སུ་ཆུགས་ཤིག

དེ་ནི་སྟག་ཅིག་རེད  མིག་ཡ་གཅིག་བཙུམ་ནས་བལྟས་ན་ཁྱི་ཞིག་ཏུ་གྱུར་འགྲོ
སེམས་ལ་གཙག་ཁབ་ཀྱིས་ཁོང་བུ་བཏོལ་བའི་དུས་སུ
ང་ཚོས་ཁྱི་ཤ་ཟ་བཞིན་སྟག་མོ་བསད་པའི་གཏམ་རྒྱུད་བཤད་དང་ཅི་ལ་མི་ཆོག
རྒྱ་མཚོའི་རྦ་རླབས་རྒྱ་མཚོ་ཁོ་ནར་དབང་བ་ཡིན་པས
དེ་ཉིད་དཔེ་སྒྲོམ་དུ་འཇུག་པའི་ངལ་བ་སུ་ཡིས་སྐྱུངས
རིགས་སུ་མ་འདུས་པ་མཐའ་དག་ལ་ཁྱི་ཁ་ཚུམས་ཞེས་བརྗོད་རོགས

རྡོ་བའི་གསོན་སྙིང་དྲུས་ནས
མེ་ཏོག་ལ་དྲོད་སྣང་སྦྱིན་པའི་འཚོ་བ་ནི
ཁྱོད་ཀྱི་དེ  ཁྱོད་ཁོ་ནར་དབང་བའི་ལྕགས་ཀྱི་ཐག་པ་དེ་རེད

སོ་སོ་རང་རང་གི་གནས་སུ་སོང་ལ
མེ་ལྕེ་ལ་སྐད་སྒྲ་བཟོ་བའི་དུས་དེ་འདྲ་ཞིག་གི་བར་དུ་སྒོར་མ་འབུད
ཁྱི་ཁ་ཚུམས   ཁྱི་ཁ་ཚུམས་ལ་སྡོད་ཅིག

ས་ལ་ཁུང་བུ་རེ་རྐོས་ནས    རང་གི་དུར་ས་གསོག་པའི་དེ་རིང་གི་དུས་སུ
ཁྱོས་མེ་ཁུ་ཧྥིན་གྱི་སྒྲ་སྒོ་ཇེ་ཆེར་མ་གཏོང
འཇིག་རྟེན་གྱི་འདོད་པ་མཐའ་དག་ནི་ཀུ་དོག་པའི་བུད་མེད་ཅིག་གི་སེམས་ཁམས་ཡིན་འདུག
ཉི་ཟླ་སྐར་གསུམ་ལུས་ཀྱི་རྒྱན་ཆར་འདོག་འོས་པའི་ཉིན་མོར་དེར
ད་གཟོད་བུད་མེད་དག་གི་རུས་ཀོག་ས་འོག་ལ་འཐིམ་ངེས་ཤིང
སྐྱེས་པ་དག་གི་ཁ་ཕོ་རླུང་གིས་བཅོམ་ངེས

ཁྱི་ཁ་ཚུམས་ལ་སྡོད་ཅིག  ཀ་ཡེ་བུད་མེད   ཝ་ཡེ་སྐྱེས་པ
ཁྱི་ཁ་ཚུམས  ཁྱི་ཁ་ཚུམས

                                              2009.6.3

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱི་ཁ་ཚུམས།

2009-12-03 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།