སྨད་འཚོང་མ་སངས་རྒྱས་སྒྲོལ་མར་ཕུལ་བ།

དམར་མདོག་གི་ཟ་ཟིའི་འོད་ལ
འཇམ་གོས་ཀྱི་ལྡོག་འོད་སྔོན་པོ་ཞིག་བསྲེས་པས
མལ་ཁྲི་དཀར་བོའི་ཡོལ་རྒྱབ་ཏུ
ཆགས་པའི་བརྩེ་ཉམས་ཀྱི་འདོད་བརྩེ་བཞུར་ཡོང
ཁོ་མོ་སྟེ  གཅན་གཟན་གྱི་ངུ་ཟུག་ལྟ་བུའི་ཆགས་གླུ་འདོན་བཞིན
རྔོན་པས་བཀྲོངས་པའི་ཤ་བ་དེའི་མིག་ཟུང་ཇི་བཞིན
ཙམ་ཙུམ་གྱི་ཆགས་པའི་མིག་ཟུང་རབ་ཏུ་འདར་བས་ན
མེ་ཏོག་གླིང་གི་དྲང་སྲོང་ཚེ་རིང་བོ་དེ་ཡང
ལོ་བརྒྱའི་གོ་འཕངས་བཪྙེས་པའི་སྒོམ་ཆེན་གྱི་ཆོས་ཚུགས་དོར་ཏེ
འདོད་སྲེད་ཤེ་སྦྱོར་གྱི་རྨི་ལམ་ལ
བརྟན་གཡོ་སྣོད་བཅུད་ཀྱི་ང་རོ་རྫོགས་པའི་གསོན་ཤུགས་རྒྱས
ལྕེ་དམར་གྱི་མྱོས་པའི་གློག་ཞགས་ཀྱི་བཀོད་པར
མཚོ་ཆེན་གྱི་མདངས་འོད་བསླུས་པའི་ཟེགས་ཆུ་ཞིག
ཆུ་རྡུལ་གྱི་བར་སྣང་བརྒྱན་པའི་བདུད་རྩི་རུ་བབས་ན
ལྷ་མིན་གྱི་འབྱུང་བོ་འཁྲུག་པའི་གཏམ་རྒྱུད་ལས
ཟླ་བ་ཞེས་པའི་དཔའ་རྒོད་ཅིག་ཀྱང
རྔུལ་ཆུའི་བརྫུས་པའི་ནམ་མཁའ་ཡི་གཟི་བརྗིད་དུ་འགྲེང་ཞིང
མགོ་བོ་སྟོད་ལ་འགྱོ ག་པའི་ཕོ་མོ་རེ་གཉིས་ཀྱང
ཆགས་སྲེད་ཀྱི་མིག་འབྲས་བརྟོལ་བའི་མདངས་འོད་དེས་བསླུས་སོང
དཀར་ཞིང་ཕྲ་བའི་མགྲིན་པ་དང་དེ་ཡི་ཡོད་ཚད་ནི
མེ་ཏོག་མ་ཪྙིང་མ་ཞིག་ཆགས་རྩེད་ལ་རོལ་དུས་སུ
འཇིགས་ཉམས་ཀྱིས་བརླ་ཤ་འདར་འདར་བྱེད་པའི་ངང་ཚུལ་ལས
བདུད་ཀྱི་རྒྱལ་བོ་དགའ་རབ་དབང་ཕྱུག་གི
མདའ་ལྔ་ཡོངས་སུ་འཕྲོག་པའི་ལྟད་མོ་ལས་ཀྱང
སྐྱེས་བོ་གང་ཞིག་གི་ཚེ་སྲོག་གི་འབབ་རྒྱུན་ལ
སྐྱོ་གདུང་ཁུར་བའི་ཉེས་འགེབས་ཀྱི་མནར་གཅོད་ཁུར་བར་བཟོས
མགྲིན་པའི་ཧམ་སེམས་ཀྱི་འགུལ་སྟངས་རེ་རེ་ནི
ཞེ་སྡང་གིས་རྦུར་བའི་དུག་སྦྲུལ་གྱི་འཁྱུག་བྲོ་བཞིན
སྡུག་བསྔལ་གྱི་ཉེས་ཆད་འབེབས་པའི་གདམ་གསེས་ལས
སྐྱེས་ཆེན་གྱི་གདུང་བའི་སྙིང་ཁ་ལ་སྨུག་པ་ལྟ་བུའི་ན་ཟུག་ཅིག་བསྐྱིལ་ཡོང
ཡོལ་བ་དཀར་པོའི་ཕྱི་ངོས་སུ་འབུར་བའི་མྱོས་བུམ་དེ
ལོག་གཡེམ་དུ་ཚུད་པའི་དམན་ཆུང་ཞིག
གཅེར་བུར་ཕམ་ཉེས་ཀྱི་དབུགས་ཁ་གསོ་བའི་ངལ་བ་ལས
ལྟེ་འདབས་ཀྱི་མཚན་མ་དང་འབྲེལ་བའི་ཕོ་བ་དེ
དབུགས་རྒྱུའི་གཡོ་ལྷེམ་བྱེད་པའི་འཁོར་ཚུལ་ལྟར
ལྡོག་འོད་ཀྱི་ཟ་ཟའི་སྣང་འཛིན་དང
ཆགས་དྲོད་ཀྱི་ནུས་བ་ཤོར་བའི་མིག་ཟུང་གི་མཐའ་ན
འཇམ་རླུང་གི་གཡོ་བའི་ཚུལ་བཞིན
སྐབས་རེར་མངོན་ལ་སྐབས་རེར་སྦ་བས
སྟོན་པའི་བསླབ་ཁྲིམས་ལ་རྦུངས་བའི་དགྲ་བཅོམ་པའི་ཚོགས་ཀྱང
རྫུ་འཕྲུལ་གྱི་འཁོར་ལོ་འབྱམས་ཀླས་སུ་འགོད་བཞིན
གཟུངས་སྔགས་ཀྱི་ཐེམ་པ་ལས་བརྒལ་ཏེ
ཁྱོད་ཀྱི་རྒུན་འབྲུམ་ལྟ་བུའི་ནུ་རྡོག་གི་མཐའ་ན
གསེར་སྦྲང་གི་རྣམ་ཤེས་ཐིམ་པའི་རྨི་ལམ་དུ་འཁྲུངས་འདུག
གདམ་གསེས་ཀྱི་བུང་བ་འགུག་པའི་རང་དབང་དེ་ཡི་ཕྱིར་དུ
མྱོས་བུམ་གྱི་འདབས་རོལ་དུ་ལྷུང་བའི་སྐེད་པ་ནི
ལྟེ་བའི་སྙེམས་པའི་ནག་ཐིག་ཅིག་གི་བླ་སྲོག་ལས
ཆགས་རྩེད་ཀྱི་གླུ་དབྱངས་བཞུར་མྱོང་བའི་ཆུ་མིག་ཅིག
ག་ལེར་དྭངས་གཙང་གི་མཛེས་སྡུག་ངོམ་པའི་རྗེས་ཤུལ་དེའི་
མདངས་སུ་ལོག་པས
ཀླུ་ཡི་རྒྱལ་པོ་གཙུག་ན་རིན་ཆེན་ཀྱང
བྱུ་རུའི་གླིང་ཕྲན་གཏོར་བའི་ཞེ་སྡང་གིས
ས་སྟེང་དུ་ཐེངས་འགར་ལོག་པའི་མོད་ལ
སྦལ་བ་ཞིག་གི་ཉོན་སྒྲིབ་ཀྱི་རྣམ་རྟོག་གིས
སླར་ཡང་ཐེངས་གཅིག་ལོག་འདོད་ཀྱི་ཐོད་གཉེར་དད་པས་བསྡུས
ཡོལ་བ་དང་སེར་སྣའི་མ་ཚུགས་པའི་གཡེར་བག་གི་མཚན་མ་དེ
མལ་གོས་ཀྱི་གདན་ལ་རོལ་བའི་བུད་མེད་གཅེར་བུ་ཞིག
ཆགས་པའི་ཨ་ལོང་གི་དཀྱིལ་འཁོར་ལ
འདོད་པའི་ན་ཟུག་གི་ཡང་ལོང་བསྐོན་པའི་རེ་བ་ལྟར
སྟོབས་ལྡན་གྱི་སྐྱེས་བུ་ཞིག་ལ་རེ་བ་བྱེད་པ་དེ་དང་འདྲ་ན་ཡང
ཆེས་ཆེར་ཕྱིར་བུད་པའི་མཚན་མའི་ལོག་གཉིས་ཀྱི་ཤ་ལེབ་གཉིས་པོ
སུས་ཀྱང་མི་གཏུབ་པའི་ཕག་རྒོད་གཉིས་དང་འདྲ་བར
སྤུ་ཡི་འདབ་ལོ་སྟུག་པོའི་ནགས་ཚལ་གྱི་མངའ་ཁོངས་སུ
འདོད་པས་གདུང་བས་གཟིར་བའི་བུ་མོ་དེའི་ངོ་གདོང་ལྟར
ཚ་ལ་དམར་པོའི་ཁ་དོག་བྱུང་འདུག་པ་ནི
ཆགས་ལྡན་གྱི་བརྒྱ་བྱིན་རིན་པོ་ཆེ་དེ
སྤྱན་མིག་སྟོང་གི་སྡུག་བསྔལ་ལས་ཀྱང
རྒྱུ་མཚན་གཞན་ཞིག་གི་རྒོལ་བའི་རང་མདངས་ལས
སྣ་ཚོགས་ཤིག་གི་གཏམ་རྒྱུད་དང་གཏན་བྲལ་བྱས་ཤིང
མི་ཐུབ་པའི་བྱས་ཉེས་ལ་འཇིགས་པ་མེད་པའི་སྙིང་སྟོབས་བསྐྲུན་ཡོད
འདི་ལྟར  ཀུན་གྱི་སྤྱན་མིག་ཏུ་བཀུར་བའི་ཉི་མ་ཁོང་ཡང
སེར་པོའི་འོད་ཀྱི་ཆ་བྱད་ལ་སྤྲོ་བཞིན
ལོངས་སྤྱོད་ལྟ་བུའི་ཆགས་སྲེད་དེ
ཐེངས་མང་པོར་ཕྱོགས་གཅིག་ཏུ་བསྡུ་འདོད་པའི་ཀུན་སློང་གིས
མི་ནུབ་པའི་དམ་བཅའ་སྙིང་ལ་བཅངས་པས
འཇིག་རྟེན་འདི་སེར་བོའི་ཁ་དོག་གིས་རྒྱན་ཞིང
ཆགས་སྲེད་མ་གཏུབ་པའི་སྐྱེ་དངོས་སྐོར་དེ་ཡང
མི་འགུལ་བའི་རང་བཞིན་ཅན་གྱི་སྲོག་ལས
ཚ་བའམ་འདོད་སྲེད་ཀྱི་དབང་གིས་བསྲེག་སོང
སྡུག་བསྔལ་གྱི་ངོ་བོ་ཞི་བའི་དྲོད་སྣང་རེ་ཞིག་ངོམ་པས
མི་སེམས་གཡོ་བའི་རྒྱུ་སྐར་གྱི་འོད་སྣང་ཡོད་ཚད་ཀྱང
ཆགས་པ་འཛར་བའི་བུད་མེད་ཀྱི་ངོ་གདོང་ནང་བཞིན
འདར་ལྷབ་ལྷུབ  འདར་ལྷབ་ལྷུབ་ཀྱིས
བཞུར་རྒྱུན་ཆད་པའི་དགུ་ཚིགས་ཀྱི་འབབ་རྒྱུད་དུ་ལྷུང་ཡོང
ཁོ་མོའི་མཛེས་པ་དེའི་དོན་དུ
ལྷ་ཡི་དབང་བོ་དག་ཀྱང་དམྱལ་བ་ལ་ཡིད་བརྩེ་ཞིང
ཀླུ་ཡི་རྒྱལ་བོ་ཡིས་ཀྱང་ནོར་རྣམས་ཕངས་མེད་དུ་བཏང་ཚར་བས
མི་ཡི་རིགས་ལ་རྟེན་འབྲེལ་གྱིས་དབང་བའི་རེ་བ་ཙམ་དུ
བུད་མེད་ཀྱི་སྲོག་དང་ལང་ཚོས་བཀྲུས་པའི་ཉལ་ཁྲི་ཡི་མཐའ་ལ
ལྷ་སྒྲུང་གི་བྱུང་བའི་འཕྲུལ་སྣང་ཙམ་དུ
ནམ་ཡང་གཤེགས་པའི་གནས་མལ་གྱི་ལུང་བསྟན་དེ་མ་ཐོབ
སྐབས་འདི་དག་ཏུ
ཚོར་ཤེས་ཐུབ་པའི་དངོས་བོའི་འཇིག་རྟེན་འདི་ལ
ཡེ་ཤེས་ཀྱི་སྤྱན་ཟུང་བབས་པའི་དཀོན་མཆོག་དེའི་
ས་གསུམ་གྱི་མཐུ་སྟོབས་ལས་རྒྱལ་བའི་མཛེས་སྡུག་དེ་ལ
ཕྲག་དོག་པར་བྱས་རྐྱེན
མི་གཤིས་ཀྱི་གཡང་གཟར་སྟུག་པོའི་ནགས་ཚལ་དུ
གྱ་ནོམ་པའི་བཙན་རྫོང་མང་པོ་ཞིག་སྐོར་ཞིང
བསླུ་བྲིད་ཀྱི་གཞུང་ལུགས་ལས་བཏོན་པའི་ཕོ་བྲང་གི་སྐོར་ཡང
མི་རྣམས་ཀྱི་བྱུར་བུར་གཏམས་པའི་རྣ་དབང་གི་ལོག་སྤྱོད་དུ་འཕོས་བཞིན
ཁོ་མོ་མལ་ཁྲི་ཆུང་ཆུང་དེ་དང་གཏན་བྲལ་མི་ཐུབ་པའི་རྫས་སྔགས་ཞུགས
ཡིན་ན་ཡང  ཁོ་མོར་དུས་ཀྱི་འཚེ་བ་མེད་པར
རྣམ་ཀུན་མཛེས་པའི་མཐུ་སྟོབས་ལ་ངོམས་པར་རོལ་རྐྱེན
མཛེས་བའི་ཚད་དེ་འཇིག་རྟེན་གྱི་མཐའ་ལ་རྫོགས་ནས
མཛེས་རྒྱན་ལ་མོས་པའི་ལྷ་མོ་སྐོར་ཞིག་ཀྱང
ངོ་ལོག་གི་ཟིང་ཆ་སློང་བར་བློ་སྟོབས་བསྐྱེད་ཅིང
ཆུ་གནས་ཀྱི་ལྷ་མོ་ན་ཞིས་སི*ཡང
རང་ཉིད་ཀྱི་མཛེས་པ་ལ་ཞེན་པ་ལོག་བཞིན
གསང་བའི་མཛེས་རྒྱན་གྱི་སྙིང་བོ་བརྟོལ་སླད
ཁོ་མོའི་སྔས་གོང་དུ་བབས་ཤིང
མོ་དང་ཉལ་བོ་བྱེད་འདོད་ཀྱི་འདོད་གཏམ་གླེང
དེ་ལྟར  སྐུ་ལུས་གཅིག་ལ་མཛེས་སྡུག་གི་རྣམ་ཤེས་གཉིས་ཙམ་ཞུགས་པས
རྟོག་བཅས་ཁྲོད་ཀྱི་མཛེས་པ་དེ
ངོམས་མེད་བདག་གིར་བཞེས་ཤིང
ཕྱི་དོན་དངོས་ཡོད་ཀྱི་རང་དབང་ཚང་མའང
མཛེས་བའི་མཐར་ཐུག་གི་འབྱུང་རྩར་འཐིམས་སོང

ཁེར་རྐྱང་གི་སྣང་བ་རེ་ཞིག་གྱར་རྗེས
ཁོ་མོ་སླར་ཡང་ཉལ་ཁྲིར་ཞུགས་ཤིང
རྒྱུན་ལྡན་གྱི་བྱ་དངོས་དག་ལ་ཞེན་པ་ལོག་བཞིན
ཆགས་པའི་རོལ་རྩེད་ཀྱི་དགའ་བ་ལ་བརྟེན་ནས
རྟོག་བཅས་ཁྲོད་ཀྱི་མཛེས་པ་ངོ་མ་ཞིག་ཟ་ཐུབ་པའི་རེ་ངན་བཅངས
ཁོ་མོས་ལྷ་མོ་ཞིག་གི་རྣམ་ཤེས་ཀྱིས་བསླངས་པའི
རང་ཉིད་ཀྱི་ལག་ཟུང་གཉོམ་པོ
མཚན་མའི་སྒོ་ཁུང་དུ་བཙུགས་ནས
མ་བཟོད་པའི་འཁུན་སྒྲ་དང
ནང་སེམས་ཀྱིས་བསྐྱེད་པའི་ཚ་བ་དག་ལས
བརླ་གསེང་ལ་རྔུལ་ཆུ་འབབ་ཏུ་བཅུག
མགྲིན་པ་ཀེར་རེར་འགྱོ ག་བཞིན
མཚལ་ལྟར་དམར་བའི་མཆུ་སྒྲོས་ཀྱི་འདབ་ཁར
ཆགས་པའི་ཡ་རྐན་གྱི་སོ་ཕྲེང་བཙུགས་ནས
མ་བཟོད་པའི་མིག་ཟུང་ཟམ་ཟུམ
མ་ཐུབ་པའི་མིག་ཆུ་ཤམ་ཤམ
ཁོ་མོའི་བ་སོ་ལྟ་བུའི་རྐང་བ་གཉིས་པོ
འདོད་པའི་འགུག་ཤུགས་ཀྱི་གཞན་དབང་འོག་ན
འབུ་སྲིན་འགུལ་བའི་ངལ་དུབ་ཀྱི་གཡོ་འཕྲུལ་ལས་ཀྱང
ནག་ཉེས་ཀྱི་ཁ་དོག་བསླེས་བའི་ལམ་རྒྱགས་ཡོད་ཚད
མི་ལུས་ཀྱི་ཚ་དྲོད་འབར་བའི་ས་རྒོད་ཀྱི་གནས་སར་བཏབ་པས
འབར་བའི་རང་བཞིན་ཅན་གྱི་རོ་དང་རེག་བྱ་ལ
རྣམ་པ་གཅིག་རྐྱང་གི་བྲོ་བ་འཛོམས་པའི་ཡིད་ཆེས་དེ་ཪྙེད་མ་ཐུབ
ངོ་མ་གནམ་གྱིས་གཟིགས་ན་ཐང
ཁོ་མོའི་སྐབས་འདི་ཡི་ཡིད་ཆེས་ནི
མ་བཟོད་པའི་བརླ་གསེབ་ཀྱི་མྱོང་ཚོར་དེ
ལུས་སྨད་ཀྱི་མྱོང་བས་མ་ཐུབ་པར
ན་ཟུག་གི་བདེ་བའི་མྱོང་བ་གཞན་ཞིག་ཀྱང
ལུས་སྟོད་ཀྱི་ཁམས་ལ་ཁྱབ་འདོད་པའི་འདོད་སྲེད་ངོམ་འདུག

སྐབས་དེ་དག་ཏུ
ཁོ་མོས་མ་བཟོད་པའི་སྡུག་བསྔལ་དེ་ལས
ཆུང་ངུའི་དུས་སུ
རང་གི་ལང་ཆོའི་མེ་ཏོག་ལ་སེར་བ་ཕབ་མཁན་གྱི
ལོག་གཡེམ་མཁན་དེའི་མིང་ནས་འབོད་ཅིང
རྩུབ་སྤྱོད་ཀྱི་ལས་ཀ་ཡོད་ཚད
ཇི་འདྲའི་མིག་ལ་མཛེས་ཤིང
རང་གི་བློ་དང་མཐུན་པའི་དྲན་ཤེས་སུ་ངོས་འཛིན་གྱིན་ཡོད
སྐབས་སྐབས་སུ
སློབ་གྲྭ་ནས་བྲོས་ཏེ་ལྷ་ཁང་དུ་སོང་རྗེས
སྒྲིག་ཁྲིམས་ཀྱི་སྡུག་བསྔལ་ལས་བགྲོད་མ་ནུས་པའི
ཉམ་ཆུང་གི་བཙུན་མ་དེ་དང་ཉལ་བོ་བྱུང་བའི་རྣམ་པ་ལས
བུ་མོ་དེའི་ཤ་གཟུགས་དང  མཛུབ་མོ
མྱོས་བུམ  མཚན་མའི་སྒོ་ཁུང་དུ་ལྐོག་འཛུལ་བྱས་མྱོང་བའི
བུ་མོ་དེའི་ཆགས་པས་རྒྱགས་པའི་སྨྲ་ལྕེ་དག
མིག་ཟུང་ལ་ལན་གཅིག་འཁོར་ཡོང
ཡང་སྐབས་སྐབས་སུ
རང་གི་ཁྲག་རྒྱུད་འདྲེས་པའི་སྐྱེས་པ་ཞིག་གི
ཁོ་བོར་སེམས་ཤོར་མྱོང་བའི་དྲིན་གཟོ་ཡི་ཕྱིར་དུ
རྟོག་སྣང་གི་བདེ་བའི་རྨི་ལམ་ཞིག་གིས
ཁོ་མོའི་སྡུག་བསྔལ་གྱི་ངོ་བོ་ཞི་བའི་བར
མོ་དང་ལྷན་དུ་དགའ་མགུར་སྤྱོད་པའི་བདེ་བ་དེ་ལས
མི་ཉན་པ་ཉན་པར་བྱས་པའི་རང་དབང་དང
མི་ཐོབ་པ་ཐོབ་པར་བྱས་པའི་བདེ་བ་དེ་བསྐྲུན་ཅིང
དུས་མཚུངས་སུ  མེ་སོན་བརྐུས་པའི་ལུས་ཁམས་ཀྱི་ཚ་བ
མནར་གཅོད་ཀྱི་བབས་སུ་ལྷགས་ཤིང
རླུང་རིམ་པ་དགུའི་སྟེང་འོག་བཅད་པའི་ཞིང་ཁམས་ཤིག་ནས
ཁོ་མོའི་དབུགས་ཀྱི་རྒྱུ་བའང་འགག་པར་སྣང་བའི་འཇིགས་སྐྲག་ཅིག་གིས
ཟེགས་ཆུ་ལྟ་བུའི་བརླན་གཤེར་དེའི
ཁོ་མོའི་ལུས་པོ་བརླན་གྱིས་བཟུང་བ་དེ་བཞིན
འཁྱག་སིབ་སིབ  འཁྱག་སིབ་སིབ་ཀྱིས
སྒྱུ་འཕྲུལ་གྱི་སྡུག་བསྔལ་ཙམ་ལས
བདེ་བ་རྟོགས་སྲིད་པའི་ཞིང་ཁམས་དེ་ཡང
ཁོ་མོ་དང་ཐ་དད་པར་བཟོས
སྡོད་ཁང་དང་ཉལ་ཁྲི  ལུས་པོ
མཚན་མ  ཡོད་ཚད་ཀྱི་ཡོད་ཚད
གྲང་བའི་སྣང་བ་སྟེར་ཞིང
ཡོད་ཚད་ཅིག་ཉམ་རྒུད་དུ་གྱུར་བའི་སྡུག་བསྔལ་དེས
མིག་ཆུ་འཁྱག་པོ་ཞིག་བཞུར་བ་དེ་ཙམ་ལས
ཁོ་མོ་གཞི་ནས་གཉིད་ཀྱི་ཞིང་ཁམས་སུ་ལོག་སོང
ཁོ་མོའི་སྔས་གོང་ནས་བཞུར་བའི་སྔུར་དབྱངས་མཛེས་པོ་དེ
གཙང་བོ་འཇམ་པོ་ཞིག་དང་འདྲ་བར་དལ་གྱིས་བཞུར་བས་ན
ཞིང་ཁ་ནས་ཡུར་མ་ཡུར་བའི་བུ་མོ་སྐོར་ཞིག
སྙེ་མའི་རླབས་འཕྲེང་གི་གསང་བའི་ཤུགས་བསྟན་ཙམ་དུ
སྐེ་དྲིལ་དཀྲོལ་བའི་དྲེལ་བ་ཞིག་གི་ཚོང་སྒམ་ལ་ཅེར་ཞིང
ཟོར་བ་དང་བྲོ་ཁ་དོར་ཏེ་ལམ་ཕྲན་དེའི་ཉག་ཀར་གཤར་སོང
རྩྭ་ཐང་ན་འོ་མ་བཞོ་བའི་དྭངས་གཙང་གི་འབྲོག་མོ་སྐོར་ཞིག་ཀྱང
ཟླ་བའི་ཐུ་འོག་ནས་འཇབ་ཀྱིན
ལྷིང་འཇགས་ཀྱི་མཚན་མོ་གོས་སུ་བཀླུབས་ཏེ
སྐྱེས་པ་ཚོའི་འཐུང་འདོད་པའི་ཆུ་མིག་དེའི་གཞུང་ལ་འཛུལ
ཨེ་མ  མཐའ་ཡས་པའི་ནམ་མཁའ་ཡ
ཁྱོད་ཀྱི་མིག་ཟུང་འོད་ཀོར་གྱིས་བཀླམས་ཡོད་ན
གངས་རིའི་མདངས་འོད་བསླུས་པའི
འབྲོག་མོ་ཚོའི་སྒྲེན་གཟུགས་ལ་ལྟོས་དང
ཁྱོད་ཀྱི་རང་བཞིན་དྭངས་གཙང་གི་མེ་ལོང་འདྲ་ན
མཛེས་པ་མཐའ་ལ་རྫོགས་པའི་བུད་མེད་ཀྱི་ལུས་པོ་ཟུངས་ཤིག
སྨྱུག་གུ་འདར་འདར  མིག་ཟུང་འདར་འདར
ལན་ཕྲུག་ནག་ཐར་སེ་ནུ་མའི་འདབས་རོལ་ཏུ་དཔྱངས་པའི
རང་དབང་གི་ལྷ་མོ་མ
རོལ་དབྱངས་ཤིག་དང་གཉིས་སུ་མེད་པའི་བོད་རིགས་བུ་མོ
དྲི་བསུང་ཞིག་དང་དབྱེར་ཏུ་མེད་པའི་སངས་རྒྱས་སྒྲོལ་མ
སྐྱེ་བ་འདིའི་དོན་དུ
ནམ་ཡང་མི་ནུབ་པའི་ཁ་ཆད་བཞག་ཆོག
མཛེས་པ་ཁྱོད་ཀྱི་ཕྱིར་ན
བསྐལ་བརྒྱར་ཁྲི་ལོ་བརྟན་གྱུར་ཅིག
བསྐལ་བརྒྱར་ཁྲི་ལོ་བརྟན་གྱུར་ཅིག

*ན་ཞིས་སི་ནི་ཀེ་རི་སེའི་ལྷ་སྒྲུང་ནང་གི་ཆུར་གནས་ཀྱི་ལྷ་མོཞིག་སྟེ།  རང་ཉིད་ཀྱི་མཛེས་གདོང་ལ་ཞེ་ཆགས་ནས་མཐའ་མ་ཆུར་ལྕེབས་ཤིང་ཆུ་ལྷའི་འཁོར་དུ་སྐྱེས་པའི་ལྷ་མོ་ཞིག་ཡིན།
                       2001ལོའིདགུན་ཁར།
ཟུར་མཆན།སྙིང་ཉེ་བའི་གྲོགས་པོ་ལགས།གལ་སྲིད་ཁྱོད་ལའང་སྡུག་བསྔལ་གྱི་ཕྲ་ཚོམ་བཀོད་པའི་སྙིང་ནད་པ་ཞིག་ཡོད་ཚེ།གུས་པོའི་སྙན་ངག་གི་ལྷ་མོ་སངས་རྒྱས་སྒྲོལ་མ་འདི་ཉིད་གངས་དཀར་ལྷ་མོ་དང་གཅེན་གཅུང་ཚུལ་གྱིས་བོད་ཆེན་པོའི་ཕྱི་ནང་གཉིས་ཀྱི་སྲིད་འབྱོར་གང་ཞིག་གི་མཚོན་དོན་ལ་བཞག་མི་རུང་བའི་ངེས་པ་མེད་སྙམ། ཡིན་ནའང་ཁྱོད་ཀྱི་མིག་འབྲས་ཁྱོད་ཀྱི་གདོང་ངོས་སུ་བཀལ་འདུག་པས་ན་མ་ཕྱི་འདི་མེ་ལ་སྲེགས་མི་ཆོག་པའི་རྒྱུ་མཚན་ཞིག་ཀྱང་གང་ན་ཡོད། ཁ་དྲོ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨད་འཚོང་མ་སངས་རྒྱས་སྒྲོལ་མར་ཕུལ་བ།

2010-07-22 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།