གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོད་ཚོད་ལ་འདི་འདྲ་ཞིག་དྲན་བྱུང་།

2011-04-13 11:14:00 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

 

དཀར་ཡོལ་ཞིག་ཆག་རྗེས་རང་གི་བུ་མོ་དྲན་ཞིང
ཉེ་མི་ཞིག་ཤི་རྗེས་གྱང་ངོས་སུ་སྦྱར་བའི་འོང་བ་དག་དྲན་ཡོང
 
སྙིམ་པ་སྦྱར་ནས་ལྷ་ལ་གསོལ་བ་འདེབས་དུས་སུ
ཤོག་བྱ་བཙོང་བའི་རྒྱ་ནག་པ་བགྲེས་པོ་དེས་འཛུམ་མདངས་དྲན་ཞིང
འཛུམ་གྱི་རླབས་གཉེར་ལས་མཆེད་པའི་ངལ་དུབ་ཀྱི་སྣང་བ་དེས
སླར་ཡང་དྲ་སྒོའི་ངོས་ལ་འཛེར་བའི་པར་མཛེར་དག་དྲན་ཡོང
 
སྙན་ངག་ཅིག་འབྲི་བསམ་བཞིན་ཚོར་བ་ལ་སྤར་འདྲེད་བྱས་ན
ཟིན་ས་དེ་ཆུང་ངུའི་དུས་སུ་མལ་སར་འོག་གཅིག་གཏོང་བའི་རློན་ཅང་ཅང་གི་དངངས་སྐྲག་དེ་རེད
སྒྱུ་འཕྲུལ་ལ་བཅར་ཉེ་ཡིས་རྨི་ལམ་གྱི་སྒོ་མོ་ཕྱེས་དུས་སུ
བརྗོད་བྱ་མཐའ་དག་རྒྱུགས་ཤོག་ཅིག་བྲིས་ནས་མ་འཁྱོངས་པའི་བྲེལ་སྣང་དེ་རེད་པས
དེ་ལའང་སྙིང་བོ་ཅི་ཡང་མེད་ཁུ 
ཡང་སྙིང་བོ་མེད་བསམ་གྱིས་ཁུ་སིམ་མེར་གཉིད་འདོད་ན
མིག་སྐྱིའི་གཡས་གཡོན་གཉིས་སུ་དབྱར་རྩྭ་དགུན་འབུ་དང
མ་ཅང་གི་རི་མོ་དག་ཤར་འོང་བས
ངས་ཡང་སྙིང་བསམ་ས་དེ་ཅི་ཞིག་ཡིན་པ་ཧ་གོ་མ་སོང
ཚོད་ཚོད་ལ་འདི་འདྲ་ཞིག་དྲན་ནས
ཚོད་ཚོད་ལ་འདི་འདྲ་ཞིག་བྲིས་ན
ཁྱེད་ཀྱིས་འདི་ཉིད་སྙན་ངག་ཅིག་ཏུ་བརྩི་སྲིད་དམ
                                      2010.07.20
 
 

རྩོམ་ཁུངས། རྐང་གླིང་གི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།