གཅན་མེ་སྟག་གི་སྙན་ངག་ཅིག་གི་ཕྲན་དཔྱད།

     གླིང་བུ་ཁེར་འབུད།
                      གཅན་མེ་སྟག
 
འདི་ནི་ཚོར་སྣང་ཞིག་དང་།    ཡང་ན་ཉན་སྟངས་ཤིག་རེད།
མཚན་དགོང་གི་ཟླ་འོད་གསལ་ཞིང་།   སྤྲིན་གྱི་ཆག་གྲུམ་བར་ནས་མངོན།
རྩྭ་ཐང་ན།   ཕ་བོང་ལྟར་འགྱིང་བའི་གྲིབ་མ།
ཐག་རིང་གི་རི་སུལ་ལས་འོངས་ཤིང་།  སྦྲ་འདབས་སུ་འཐེན།
 
ཡོད་ཚད་ཁ་ཁུ་སིམ་པའི་མཚན་མོ་ནི།
ངའི་མཚོན་དོན་གྱི་གླིང་བུ་ཡིན་ལ།   གླིང་བུ་དེ་ལས།
བསམ་གཞིག་རིགས་མང་བོ་ཞིག  བསྐྱར་དུ་གསོན་ངེས།
གླིང་བུ་དེ།  ཐག་རིང་ནས་གྲགས་འོངས།
 
སུ་ཡིན་ནམ།   མུན་ནག་དང་གླིང་བུ་འབུད་པའི།
མཚན་མོའི་མི་དེ་སུ་ཡིན་ནམ།
ཁོས་རྒྱུ་སྐར་དང་མར་མེའི་འོད་སྣང་ཡོད་ཚད་སྒྲོན་ཞིང་།
ཁོས་རྩྭ་ཐང་གི་མེ་ལྕེའི་ཕོན་པོའང་།  ཆེ་རུ་སྦར་བྱུང་།
 
ཁོ་འདི་ལྟར་ལམ་ལ་ཆས་བྱུང་།
ཁོའི་འོད་སྣང་དང་གྲིབ་བཪྙན་ཁྲོད་ནས།
ངས་རང་ཉིད་ཀྱི་རྨི་ལམ་ལ་གས་ཆག་ཤོར་བའི།
སྟོང་སྒྲ་དེ་ཐོས་ཤིང་།   ངས་རང་ཉིད་ཀྱི་འབོད་སྒྲ་མ་ཡིན་པའི།
སྨྲ་བརྗོད་གཞན་ཞིག་གི་དབྱངས་འགྲོས་ཚོར་བྱུང་།
 
སྐྱོ་གདུང་གི་སྐད་ཅིག་མ་དེར།  མཚན་མོའི་རྡོ་ཕུང་ལས།
མེ་ཏོག་སྔོན་པོ་ག་ས་ག་རུ་བཞད་ཅིང་།
སེམས་ཁོང་གི་ལབ་བརྡོལ་འབྱིན་པའི་དབྱངས་གྲངས་མེད།
མཚན་མོའི་འགྱུར་ཁུགས་དང་ལྷན་ཏུ་ཆས་བྱུང་།
 
འགོག་ཐབས་བྲལ་བའི་ལང་ཚོ་དང་འདོད་བློ་ཇི་བཞིན།
རང་ཉིད་ཀྱི་སླད་དུ་མིན་ལ།  གཞན་གང་གི་སླད་དུའང་མིན་པར།
མཚན་མོ་འདིའི་ལྐོག་གྱུར་དང་མྱ་ངན་ཁྲོད་ཀྱི།
ལྡབ་ལྡིབ་ཀྱི་ཆིག་ལབ་ཐེངས་གཅིག་དང་འདྲ་བར།
གླིང་བུ་ཁེར་འབུད་ནི།   ཚོར་སྣང་ཞིག་དང་།
ཡང་ན་ཉན་སྟངས་ཤིག་གི་གོ་རིམ་ཁོ་ན་རེད།
 
ཟླ་འོད་སྔར་ལྟར་ཆག་གྲུམ་དུ་འཚེར།
བྱ་རྒོད་གང་ཞིག   བྲག་གཡང་ཟབ་སའི་རི་རྩེ་དང་ཉེ་སར་ལྡིང་ཞིང་།
མེ་ཏོག་གང་ཞིག་ལ།  རྨི་ལམ་གྱི་སྦྲང་མས་གསང་གཏམ་ཤོད་ཀྱིན་ཡོད།
སྐབས་འདི་དག་ལ།
མཚན་མོའི་གླིང་བུ་ནི།
ངས་ནམ་ཡང་ཟིན་ཐབས་མེད་པའི་བདེ་སྐྱིད་ཅིག་རེད་ཨང་།
                           1995.8.30རྟ་བོ་རུ།
༼ཕྲན་དཔྱད། ༽ གོང་གསལ་སྙན་ངག་འདིའི་རིགས་ལ་མཚོན་བྱེད་ཀྱི་ཐབས་རྩལ་བེད་སྤྱོད་བྱས་པ་ཤིན་ཏུ་གཏིང་ཟབ་པས།  རང་ཉིད་ལ་རྩོམ་པ་པོ་གང་དེའི་ཕྱོགས་ཙམ་གྱི་སྣང་ཚོར་གྱི་མཐུན་ས་ཞིག་མེད་ན་གོ་བ་ལོག་པའི་ཉེན་ཁ་ཤིན་ཏུ་ཆེ་སྙམ།  སྤྱིར་ན་སྙན་ངག་གང་ཞིག་ཡིན་པས་ཀྱང་རང་རང་གི་འདོད་ཚུལ་ལྟར་གོ་བ་བླངས་ཆོག་ཆོག་རེད་མོད།  རང་ཉིད་ཁོ་ན་རྒྱུ་མཚན་དུ་བྱས་ཏེ་སྙན་ངག་པའི་བརྩམས་ཆོས་ཀྱི་བསྟན་དོན་ལ་བསམ་བཞིན་དུ་ཁ་ཡ་མི་བྱེད་པ་ནི་སྙན་ངག་མ་ཤེས་པའི་སྐྱོན་དུ་འགྲོ་བས།  རང་གི་མྱོང་ཚོར་དངོས་ལ་གཞིགས་ཏེ་༼གླིང་བུ་ཁེར་འབུད༽ཅེས་པའི་སྙན་ངག་འདིའི་སྐོར་ཅུང་ཟད་བཀྲལ་ན།
   སྙན་ངག་འདིའི་ཁ་བྱང་བཀླགས་མ་ཐག་ནས་ཤེས་ཐུབ་པ་ཞིག་ནི་སྙན་ངག་པའི་ཚོར་བའི་ཟིན་ས་དེ་གཙོ་བོ་ཁེར་རྐྱང་གི་ཡིད་གཤིས་ཤིག་དང་འབྲེལ་ནས་ཡོད་པ་ཤེས་ཐུབ་ལ།  ཁེར་རྐྱང་དེའི་ངོ་བོ་ཆུ་རྒྱུན་གྱི་འབབ་ཚུལ་ལྟར་ཕྱི་ནང་གི་དབྱེ་བ་འབྱེད་དུ་མེད་པར་མུ་ནས་མུར་བཞུར་གྱིན་པ་དེ་རེད།   སྙན་ངག་འདི་གཅན་མེ་སྟག་ལགས་ཀྱི་སྙན་ངག་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་དེ་ཡང་མཚོན་བྱེད་ཀྱི་འགེབས་ཤུགས་ལ་གཞོགས་སྤྲོས་མཛེས་རྒྱན་བཀོད་པ་དཔེ་མེད་ཅིག་ཡིན་ནའང་།  སྙན་ངག་བརྩམས་ཆོས་འདིས་༼ཉི་ཟླ་རི་བོའི་སྙན་ཚིག༽ནང་བཞིན་གྱི་བསྡུས་བརྗོད་ཀྱི་འགན་ཆེན་པོ་ཞིག་ཁུར་མེད་ལ། ༼ལྷོ་བཞུད་ཀྱི་ཆུ་འཛིན༽ལྟར་ཡིད་གདུང་གིས་མནར་བའི་བླ་མེད་ཀྱི་དུངས་པ་ཞིག་ཀྱང་སྟོན་གིན་མེད་པར།  གཙོ་བོ་རང་མོས་འབྲེལ་དྲན་གྱི་ཚོར་སྣང་ཉི་ཚེ་བ་ཞིག་སྐྱ་ཐིག་ཏུ་བཞག་སྟེ་སྣང་བ་རང་ཡན་པའི་སྙན་ངག་པ་ཞིག་གི་ཁེར་རྐྱང་དངོས་མ་དེ་མངོན་པར་མཚོན་ནས་ཡོད་པ་རེད།   ཁེར་རྐྱང་དེ་ཚོར་སྣང་ཞིག་གམ་ཉན་སྟངས་ཤིག་ཏུ་བལྟས་ཆོག་ནའང་།  སྤྲིན་གྱི་ཆག་གྲུམ་ལས་མངོན་པའི་ཟླ་འོད་ཅིག་ནང་བཞིན་འཐུས་ཚང་ཞིག་མ་ཡིན་པ་དེས་ཕལ་བའི་མི་ལ་ལྗིད་ཏིག་ཏིག་གི་སེམས་ངོ་ཞིག་འཇོག་སྲིད་མོད།  སྙན་ངག་པས་ནི་སེམས་པའི་སྨྲ་ཁ་གསོ་ཆེད་དུ་མཚན་མོ་རང་མཚོན་དོན་གྱི་གླིང་བུ་ཞིག་ཏུ་བལྟས་ཡོད་ལ།   རང་ཉིད་དེ་འབུད་དཀྲོལ་བྱེད་མཁན་གྱི་གླུ་བར་བཅོས་ཐོག་རང་གི་གྲིབ་བཪྙན་ལས་རང་ཉིད་གཞན་ཞིག་གི་དམིགས་བསལ་གྱི་མི་ཚེའི་བཤུལ་ལམ་ཉིད་བྱེད་ཐབས་ཡོད་པའི་སྒོ་ནས་འགྲེལ་བརྗོད་ཐུབ་ཡོད་པ་རེད།  
དུས་སྐབས་འདིའི་མཚན་མོ་ནི་མུ་མཐའ་མི་མངོན་པའི་མྱ་ངམ་ཐང་ཆེན་པོ་ཞིག་དང་འདྲ་ལ།   རང་དབང་གི་གཤོག་པ་གང་སར་བརྐྱངས་ཆོག་པའི་སྟོང་བའི་ཁམས་ཆེན་པོ་ཞིག་དང་ཡང་མཚུངས་པས་ན།  བར་སྟོང་གི་གཞི་རྒྱ་ཆེ་བའི་རང་དབང་དེས་ད་གཟོད་སྙན་ངག་པའི་སྐྱིད་ལ་སྡུག་པའི་འཚོ་བ་དེ་སྣང་མིན་གསལ་མིན་དུ་བརྗོད་འདོད་སེམས་ཀྱིས་ཡར་བཏེགས་ནས་ཡོད་ནའང་།  སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་འཚུབ་པོ་ཞིག་གིས་བཟང་དགེ་མཛེས་གསུམ་གྱི་སྣང་བ་མཐའ་དག་གོ་འཁྲུལ་དུ་བལྟས་ཏེ་གང་ཞིག་ནི་བདེ་སྐྱིད་དང་།  གང་ཞིག་ནི་སྡུག་བསྔལ་གྱི་ངོ་བོར་ཁྲུན་ཐག་གཅོད་མ་ཐུབ་པ་དེས་དངོས་བོའི་ཆོས་ཉིད་ལས་འདས་པའི་མཐར་ཐུགས་ཀྱི་རྟོག་སྣང་ཞིག་སླང་ལ་ཕུད་ཡོད་ཅིང་།   མཚན་མོ་དང་གླིང་བུ།  རང་ཉིད་བཅས་གཞི་གཅིག་ཏུ་གྱུར་བའི་མཚོན་བྱེད་ལས་མིག་གི་ཤེས་པའི་ཚབ་ཏུ་རྣ་ཡི་ཤེས་པ་བཞག་སྟེ་ཁ་དོག་དང་སྒྲ་ཡི་སྐྱེ་མཆེད་ཀྱི་ནུས་པ་གོ་ལོག་ཏུ་བསྟན་པ་དེས་སྤྱིར་བཏང་གི་དངོས་པོའི་གཤིས་ལུགས་ལ་ཡིད་མི་ཆེས་པ་མ་ཟད་ཐ་ན་རང་བྱུང་དང་གཏན་ཚིགས་ཀྱི་ནུས་སྦྱོར་དེ་ཡང་སྤྱོད་ནུས་མེད་པ་ཞིག་ཏུ་བལྟོས་ཏེ།  རང་ཁོ་ནའི་དབང་ཤེས་ཀྱི་ཟིན་ཚད་ཅིག་གམ་སྙན་ངག་གི་སྐད་ཆ་ཁོ་ནས་བྱ་དངོས་ཡོད་ཚད་ལ་བསྐྱར་དུ་འགྲེལ་བརྗོད་བྱ་འདོད་ཀྱི་ཧམ་སེམས་དེ་བསྟན་ནས་ཡོད་འདུག  མཚོན་དོན་འདིའི་རིགས་ལ་ཧྥ་རན་སིའི་མཚོན་བྱེད་རིང་ལུགས་གྲུབ་མཐའ་ཡི་ཤན་འདྲ་ཐེབས་ཡོད་བསམ་ནའང་དེ་ཉིད་བསམ་བཞིན་དུ་བཏོན་པ་ཞིག་ནི་མ་ཡིན་པར་རང་བྱུང་དུ་ཐོན་པ་ཞིག་ཡིན་པ་དེས་བོད་ཀྱི་སྙན་ངག་གསར་བའི་འཕེལ་རྒྱས་ལ་སྔར་མེད་ཀྱི་མདུན་ལམ་ཞིག་བསྟན་ཡོད་ཅེས་ཀྱང་བརྗོད་ཆོག
མཚོན་བྱེད་ཀྱི་ཐབས་ལམ་ཁོ་ནས་སྟེང་ནས་བཀྲལ་ན་སྙན་ངག་བརྩམས་ཆོས་འདིའི་གཞུང་རྐང་དེ་ཁུ་སིམ་ལྷིང་འཇགས་ཀྱི་ཁྲོད་དུ་ཤུབ་བཤད་རྒྱག་པ་ལྟ་བུའི་ཉམས་ཆུང་གི་རང་བཞིན་ཞིག་མངོན་ནས་ཡོད་ནའང་།   འགོག་ཐབས་བྲལ་བའི་གཉུག་གཤིས་ཀྱི་འདོད་བློ་ཞིག་གིས་རྣམ་པ་ཀུན་ཏུ་སྙན་ངག་གི་འཕྱོ་ཤུགས་དེ་སྐས་རིམ་གསར་བ་ཞིག་ཏུ་འདེད་ཀྱིན་ཡོད་པ་ནི།  མེ་ལ་སྒྲོན་མཁན་གྱི་མི་ཞིག་གི་དཔའ་མཛངས་ལས་ཀློག་པ་པོ་དག་ལ་རྨི་ལམ་མཐའ་དག་མངོན་སུམ་དང་བར་ཐག་ཇེ་ཉེར་འགྲོ་བའི་དམིགས་ས་ཞིག་བསྟན་ནས་ཡོད་པ་དེ་རེད་དོ།  །
   ངོ་མ་གླིང་བུ་ཁེར་འབུད་ནི་ཚོར་སྣང་ཞིག་དང་། ཡང་ན་ཉན་སྟངས་ཤིག་གི་གོ་རིམ་ཁོ་ནར་འགྱུར་ངེས་པའི་དུས་སུ།  མི་སུས་ཀྱང་ཁེར་རྐྱང་གི་རྒྱབ་ནས་ཟིན་ཐབས་མེད་པའི་བདེ་སྐྱིད་ཀྱི་ཕུགས་རེ་ཞིག་རྟོགས་ནས་ཡོད་ནའང་།  སྣང་ཚོར་གྱི་གཞི་རྒྱ་ཆེ་ཆུང་གི་དབང་གིས་ཕྱེ་སྟེ་འགའ་ཞིག་ནི་ལྷ་ཡི་སྣང་ངོར་བདུད་རྩི་དང་ཡི་དྭགས་ཀྱི་སྣང་ངོར་རྣག་ཁྲག་གི་གཟུགས་སུ་འགྱུར་བའི་སྐབས་ཀྱང་ཡོད་པས།  མཚན་མོ་དེའི་ལྐོག་གྱུར་དང་མྱ་ངན་ཁྲོད་ཀྱི་ལྡབ་ལྡིབ་ཀྱི་ཆིག་ལབ་ཐེངས་གཅིག་སྨྲས་པ་ལྟ་བུའི་སྙན་ཚིག་འདི་ཡིས་ནི་མུན་ནག་གི་ཁྲོད་དུ་མེ་ཏོག་མཐོང་ཐུབ་མཁན་གྱི་འཕགས་མི་ཞིག་གམ་ཡང་ན་ཁེར་རྐྱང་ལ་གོམས་ཉེ་བའི་རྒྱལ་སྲས་ཤིག་གི་སེམས་སྒྲ་ངོ་མ་དེ་བཏེགས་ནས་འདུག་གོ །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅན་མེ་སྟག་གི་སྙན་ངག་ཅིག་གི་ཕྲན་དཔྱད།

2011-02-12 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།