སྒོ་ཁྱི་ལས་འཕྲོས་ཏེ་སྙན་ངག་གསར་བའི་བསམ་བཀོད་སྐོར་གླེང་བ།

          ཉེ་བའི་དུས་སུ་བོད་ཀྱི་སྙན་ངག་གསར་བའི་བློ་ཁ་དེ་མི་རིགས་རང་མཚན་པའི་བསམ་བཀོད་ཀྱི་ངོས་འཛིན་སྟངས་ཤིག་ལ་ཚོད་ལྟ་བྱེད་ཀྱིན་པའི་ཚ་རླབས་ཤིག་འཕྱུར་གྱིན་ཡོད་ལ། དངོས་ཡོད་དང་དངོས་པོ་མ་ཡིན་པའི་འདུས་བྱས་ཐམས་ཅད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྙན་ངག་གི་བརྗོད་བྱར་གཞི་བཟུང་ཆོག་པའི་ལམ་ལུགས་འདྲ་ཡང་གཞུང་ལུགས་ཤིག་གི་ཚུལ་གྱིས་སྙན་ངག་གསར་བའི་ཟུར་ཁ་གང་རུང་ནས་རིག་མཐོང་ཐུབ་འདུགའདི་ལས་གསལ་བོར་རྟོགས་ཐུབ་པ་ནི་རང་ཅག་ཁ་བ་རི་པའི་སྙན་ངག་གསར་བ་དེ་ཡང་བོད་ལྭ་གྱོན་པའི་ཕྱི་རྒྱལ་བ་དག་གིས་བཙན་བཟུང་བྱས་པའི་ལོ་རྒྱུས་མཇུག་རྫོགས་པར་སྐྱ་རེངས་གསར་བའི་གཡབ་མོ་སྦྲེན་པ་དེ་རེད་ལ། མ་སྐད་ཁོ་ནར་དབང་བའི་སྙན་ངག་གསར་བའི་གར་སྟེགས་ཆེན་པོ་ཞིག་གིས་ང་ཚོ་ལ་ཡོལ་རས་ཡོངས་སུ་ཕྱེ་ཚར་བའི་བློ་བྲེལ་གྱི་སྔོན་བརྡ་ཞིག་ཀྱང་བཏང་འདུག་པས།ང་ཚོས་ཀྱང་རང་རང་གི་ཕྲག་ཏུ་བབས་པའི་ལས་འགན་དེ་ནུས་ཚོད་ཀྱིས་བླང་དོར་ཡོད་པའི་སྒོ་ནས་བསྒྲུབ་ན་མ་གཏོགས།བསྟོད་པའི་ཁ་གཡང་ཙམ་དང་རྫུན་གྱི་ཕྱྭ་གཡང་ཙམ་ལ་ཡིད་འཁྲེང་གིན་བསྡད་ན་ཧ་ཅང་རྗེས་ལུས་ཐེབས་པའི་རུལ་སུངས་ཀྱི་རིག་གནས་མ་ལག་ཅིག་གིས་ང་ཚོའི་མི་རིགས་འདིའི་ན་གཞོན་མང་པོ་ཞིག་གི་མི་ཚེ་སྟོང་ཟད་དུ་གཏོང་བའང་ཚད་མས་གྲུབ་འདུག དེ་བཞིན་གུས་པ་བདག་གིས་ཀྱང་རང་གི་བློས་ཐུབ་ཚོད་ཀྱིས་འབྲོག་དམངས་ཀྱི་འཚོ་བ་དང་ཉེ་བར་འབྲེལ་བའི་འབྲོག་ཁྱུ་ལས་འཕྲོས་ཏེ་སྙན་ངག་གསར་བའི་བསམ་བཀོད་ཀྱི་བླང་དོར་སྐོར་ཅུང་ཙམ་གླེང་རྒྱུ་ཡིན།

               དེ་ཡང་སྙན་ངག་ནི་བྲིས་ཏེ་འཁྱོངས་པ་ཞིག་དང༌། སྒྲུང་རྩོམ་ནི་བཅོས་ཏེ་འཁྱོངས་པ་ཞིག་ཡིནཞེས་པ་ནང་བཞིན། སྙན་ངག་འབྲི་མཁན་ཞིག་ལ་མཚོན་ན་ཚོད་དཔྱོད་ཀྱི་བློ་མིག་དང་མཛེས་དཔྱོད་ཀྱི་ངོས་འཛིན་གང་ཡིན་རུང་ཆེས་ཐོག་མའི་ལས་ཀ་ནི་ཚོར་བ་གཟི་མོ་ཞིག་གིས་སྐུལ་བའི་ངོར་ད་གཟོད་སྙན་ངག་འབྲི་བ་ཞིག་ཡིན་པ་འདི་སྙན་ངག་གསར་བར་གོམས་ཉེ་བའི་སྨྱུག་ཐོག་པ་སུ་ཞིག་ཡིན་རུང་ཕལ་ཆེར་གཅིག་འདྲ་ཡིན་ངེས་མོད། འོན་ཀྱང་མི་གཅིག་ས་ཉག་ཅིག་ཡོད་པ་ནི། མི་སྒེར་གྱི་བསམ་བློའི་གོ་རྟོགས་དང་འཚོ་བ་དངོས་ཀྱིས་ལག་ལེན་ཐུབ་པའི་བློ་སྦྱོང་གི་དྲན་རྟོགས་མ་འདྲ་དེ་རེད་པས། ཞོལ་ནས་བློ་མིག་རབ་འབྲིང་མཐའ་གསུམ་གྱི་དབྱེ་བ་ལྟར་སྙན་ངག་ལ་བཟུང་བའི་རང་རང་གི་ལྟ་ཚུལ་དག་ཚོད་ལྟའི་ཚུལ་གྱིས་བཀོད་པར་བྱ། 

                            དང་པོ།  བློ་མིག་ཐ་མ་བ།

           སྙན་ངག་པ་འདི་རིགས་ཀྱིས་སྙན་ངག་གང་ཞིག་འབྲི་དུས་སུའང་ཁ་བྱང་གཙོ་བོར་འཛིན་ལ། དེ་ལ་རྐྱེན་བྱས་ཀྱིས་སྙན་ངག་གི་བརྗོད་བྱ་རྗོད་བྱེད་ཐ་དག་ཀྱང་ཆེད་དམིགས་ཀྱིས་ཁ་བྱང་གི་གཡས་གཡོན་ལས་འདའ་བར་མི་བྱེད་པར་གཙོ་བོ་ལུས་ཀྱི་ཉམས་འདོན་སྟེང་ཁོ་ན་སྙན་ངག་ཏུ་འདོད་ཡོད། འདི་དག་ལ་སྲོལ་རྒྱུན་སྙན་ངག་གི་ཤན་སྟོབས་ཆེ་བས། རོལ་དབྱངས་ཀྱི་ཉམས་དང༌། སྒྲ་རྒྱན་གྱི་ཉམས། གླུ་ཚིག་གི་ཉམས་སོགས་ལུ་གུ་རྒྱུད་དུ་བསྟར་ཡོང་བ་རང་དབང་ན་མེད་པ་ཞིག་སྟེ། དཔེར་ན།

སྒོ་ཁྱུའི་འབ་སྐད་ཀྱིས

      རི་ཚོགས་གཉིད་ལས་བསླངས་ཤིང

      སྦྲའི་ཁ་ཚུབ་ལས་མཐོང་བའི་སྐར་མ་དག་ཀྱང་འདར་བར་བྱས་པས

      རྨི་ལམ་གྱི་ཞིང་ཁམས་འགྲིམ་པའི་ངའང་གཉིད་ལས་བསླངས་བྱུང

      。。。    。。。    。。。

འདར་སིག་སིག་གི་སྒོ་ཁྱིས

      གྲང་ཅང་ཅང་གི་ལྕགས་སྒྲོགས་སིལ་སིལ་སྒུལ་བ་ནི

      བདག་པོ་གང་ཞིག་ལ

      ཁེར་རྐྱང་གི་གདུང་བ་ཤོད་པ་དེ་དང་འདྲ་བར

      。。。   。。。   。。。

       གོང་གི་སྙན་ཚིག་འདི་གཉིས་ལ་བལྟས་མ་ཐག་རྣ་བར་ཅུང་སྙན་པའི་སྣང་བ་སྟེར་ནའང༌། ལུས་གཙོར་བཟུང་ནས་སྲོག་གི་སྤམ་བཟོ་ཅི་ཡང་ཐོན་མེད་པས། གསར་ཞུགས་པ་ཞིག་གམ་ཡང་ན་བློ་སྦྱོང་ཆེན་པོ་ཐོབ་མེད་པའི་སྙན་ངག་འབྲི་མཁན་ཞིག་གིས་བྲིས་པ་ཤེས་ཐུབ་ལ། དཔེ་ཀློག་གི་གྲུབ་འབྲས་མེད་པའི་སྙན་ངག་པ་རྒན་པ་རེ་གཉིས་ལའང་ངན་ཤན་འདི་སྤོངས་ཐབས་བྲལ་བའི་ཚད་ལ་སྙེགས་ཡོད་མོད། ཀློག་འགྲེལ་གྱི་སྐབས་སུ་ཚིག་ངོས་ཙམ་གྱི་མཛེས་ཚོར་དེ་མ་གཏོགས་བརྗོད་བྱ་འདིའོ་སྙམ་པའི་ལན་ཞིག་སེམས་ལ་གདོན་དུ་མེད་པས། རབ་ཡིན་ན་སྲོག་གཙོ་བོར་བྱེད་པའི་འབྲི་ལུགས་ལ་ཚོད་ལྟ་དང་སྦྱོང་བ་མ་བྱས་པས་མདུན་ལམ་ཆེན་པོ་ཞིག་མེད་སྙམ།

      གཉིས་པ།
བློ་མིག་འབྲིང་བ།

       སྙན་ངག་པ་འདི་རིགས་ཀྱིས་སྙན་ངག་འབྲི་དུས་སུ་ཤེར་རྟོག་ཅན་དང༌། ལད་ཟློས་ཅན། ཡང་ན་སླར་མཚོན་ཅན་གྱི་བྱེད་ཐབས་གཙོ་བོར་འཛིན་ལ། སྙན་ངག་གི་མཐར་ཐུག་མཛེས་པ་དེ་ཡང་ཕ་རོལ་བོར་རྒྱུད་སྤྲོད་བྱས་པའི་ངོ་མཚར་གྱི་ཐབས་ལམ་ཞིག་གིས་སྣང་བརྙན་སློང་སྐྲུན་བྱས་པས་ད་གཟོད་མཆོག་གྱུར་གྱི་སྙན་ངག་ཅིག་ཏུ་འདོད་པ་ནས་གཙོ་བོ་ཁོར་ཡུག་དང་འཚོ་བ་སོགས་སྙན་ངག་གི་བརྗོད་བྱར་གདམས་ཀྱིན་ཡོད་དེ། སྙན་ངག་པ་འདི་དག་གིས་ཚོར་བའི་ཡོངས་ཁུངས་གཙོ་བོ་སྙན་ངག་བརྩམས་ཆོས་ལེགས་ཤོས་དག་བཀླགས་པའི་མྱོང་འཇུག་དང་དཔེ་ཀློག་གི་ཚོར་བ་སྐྱིད་པོ་དེས་བསམ་པའི་རྒྱགས་ཕྱེ་སྩོལ་གྱིན་པས་ན།གཙོ་བོ་སྙན་ངག་གི་བརྗོད་བྱ་རྗོད་བྱེད་སྒྲུང་གཏམ་གྱི་བྱུང་རིམ་ཅི་བཞིན་སྔ་ས་ནས་སློང་སྐྲུན་བྱས་ཚར་ཡོད་པས།ཁ་བྱང་འགོད་དུས་སུ་སྙན་ངག་གི་སྤྱི་ཁོག་ཧྲིལ་བོ་ཁོང་དུ་ཆུད་པ་ཅན་ཞིག་སྟེ།དཔེར་ན། 

  (མཚན་མོ་འོད་དུ་འཕྲོས་པའི་སྐར་མའི་ཚོགས་ཀྱང

      སྐྱ་རེངས་ཀྱི་ཡོལ་རས་ཕྱེ་བ་དང་མཉམ་དུ་གཉིད་དུ་ཡུར་སྲིད་མོད

      ང་རང་སྒོ་ཁྱི་ཞིག་ཡིན་པས

      མཚན་ཞག་གཅིག་གི་སོ་སྲུང་ལས་རྒྱལ་བའི་གཟེངས་སྐྱེས་ལ

      ཟས་ལྷག་ཁམ་གང་ཐོབ་རྗེས

      སླར་ཡང་ཉིན་གཅིག་གི་ལྟ་སྐྱོང་གི་འགན་བཞེས་དགོས

      。。。   。。。   。。。

ཁྱིམ་མི་ཚོ་དང་འདྲ་བར

      ངས་ཀྱང་ཤ་མར་ཐུལ་གསུམ་གྱི་ཞིམ་ཟས་ཟ་འདོད་ལ

      ཁྱི་ལྡོམ་དག་ཀྱང་འདྲ་བར

      ངས་ཀྱང་ལ་ལུང་བརྒལ་ནས་ས་མཐའ་མྱུལ་འདོད་མོད

      ལྗིད་ཏིག་ཏིག་གི་ལྕགས་སྒྲོགས་ཤིག་གིས

      ངའི་མི་ཚེ་ལ་དེ་ལྟར་མཇུག་ཤད་བཀོད

      。。。   。。。   。。。

         གོང་གི་སྙན་ཚིག་འདི་དག་ལ་ཅུང་གོ་རྒྱུ་ཡོད་པ་ཅན་ཞིག་སྟེ།  སྙན་ངག་འདིའི་བསྟན་དོན་གཙོ་བོ་སྒོ་ཁྱིའི་འཚོ་བ་དང་ཁོར་ཡུག་གཙོ་བོར་བཟུང་ཡོད་པས། མི་རིགས་མི་འདྲ་བ་གང་ཞིག་གི་མིག་ཟུང་སྤྱད་དེ་བལྟས་ནའང་འདི་ཉིད་ཁེར་ཆད་ཀྱི་ས་ཆ་ཞིག་དང་ཁེར་རྐྱང་གི་འཚོ་བ་ཞིག་གིས་བཅད་བཟུང་བྱས་ཚར་བའི་ཁྱི་ཞིག་དང་འབྲེལ་བ་ཡོད་པ་ཤེས་ཐུབ་ལ། ཚིག་ངོས་ཀྱི་སྣང་བརྙན་ལྷག་མ་དག་གིས་འདི་ཉིད་འབྲོག་པའི་འཚོ་བ་དང་དམ་དུ་འདྲེས་པའི་སྲོག་ཆགས་ཤིག་ཡིན་པའང་ཤུགས་ནས་གོ་ཡོང༌། དེ་ལས་འཚོལ་རྟོགས་ཀྱི་བཞེངས་ཤུགས་དེ་དོན་ཚན་སྔོན་མ་ལས་ཐོལ་བརྒལ་བྱས་ཡོད་པ་ནི། ང་ཚོའི་བདག་པོ་དག་གིས་ཁྱིའདི་ཅུང་རིན་ཐང་མེད་པ་ཞིག་ཏུ་བལྟས་ཡོད་པ་གོ་ཐུབ་ལ། ཁོའི་ཞུམ་ཞུམ་པའི་སེམས་ཚུལ་དེས་རང་ཉིད་ཀྱི་གནས་བབ་སྐྱོ་བོ་དེ་ལས་ཀློད་གྲོལ་ཐོབ་ན་སྙམ་པའི་འདུན་པ་དེ་བསྟན་བྱའི་ནུས་པ་ཡིན་ན། ཕལ་ཆེ་བ་ཞིག་བསྡུས་བརྗོད་ཀྱི་མྱོང་གོམས་ཁོ་ནའི་གོ་བ་བླངས་པས་ཀློག་པ་པོའི་ཐུགས་འདུན་ དང་འཚམ་པོར་གནས་ཐུབ་སྙམ།

            གསུམ་པ།
བློ་མིག་རབ།

           སྙན་ངག་འབྲི་མཁན་འདི་དག་ཅུང་བློ་རྒྱ་ཆེ་ལ། སྙན་ངག་འབྲི་བ་ནི་འཚོ་བ་རོལ་སྟངས་ཤིག་ཏུ་ལོབས་ཡོད་པའི་མི་དག་སྟེ། ནམ་བྱར་ཡང་དངོས་ཡོད་འཚོ་བའི་ནང་གི་ཕྲ་ཕུང་ཐ་དག་བློ་ཞིབ་མོས་བཙོ་སྦྱོང་བྱས་པ་ནས་དགའ་སྐྱོ་ཆགས་སྡང་གི་སེམས་ཚུལ་དེས་མིའི་རིགས་སམ་ཡང་ན་མི་རིགས་གང་ཞིག་གི་དགེ་སྡུག་ཤན་འབྱེད་ལ་ཚོར་བ་སྐྱེན་པོས་སོ་བལྟ་བྱས་ཡོད་ཅིང༌། འཇིག་རྟེན་ཉིད་དྲང་བདེན་དང་ཞི་བདེ། འདྲ་མཉམ་བཅས་ཡིན་དགོས་པའི་རྣམ་རྟོག་དེས་འཚོ་བ་ལས་འདས་པའི་ཕུགས་བསམ་གྱི་གནས་མལ་ཞིག་རང་གིས་རང་ལ་བཞེངས་སྐྲུན་བྱེད་ཀྱིན་ཡོད་ལ། རྩུབ་བརྡར་གྱི་ན་ཟུག་ཁོ་ནའི་བསྐྱེད་པའི་ཟུག་སློང་གི་ཚོར་བ་དེས་ད་གཟོད་སྨྱུ་གུ་འཆང་གིན་སྙན་ངག་འབྲི་གིན་པས་ན། གཙོ་བོ་ལྷན་སྐྱེས་ཀྱི་འདུ་ཤེས་འོག་མ་དེ་ལས་བཙོ་སྦྱངས་བྱས་ཚར་བའི་སྣང་བརྙན་དག་འབྲི་རྒྱུར་དགའ་བས། སྙན་ངག་འབྲི་བའི་དུས་ཚོད་ལ་ངེས་པ་མེད་ཅིང༌། སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་གིས་སྙན་ངག་འབྲི་དུས་སུའང་སྡུག་བསྔལ་དྲགས་པོ་རེ་སྐྱེ་འོངས་ལ། ད་དུང་ཅི་ཞིག་བྲིས་མ་ཚར་སྙམ་པའི་ཧམ་སེམས་ཞིག་གིས་ཡིད་སེམས་བདེ་ལ་འབབ་ཐུབ་པའི་སྐལ་བ་ཤིན་ཏུ་ཕྲ་སྟེ། དཔེར་ན།

 ཁྱོད་ཀྱི་ཟུག་སྐད་ཀྱིས་ཁོ་མོ་གཉིད་ལས་བསླངས་ཤིང

       རྒྱང་རིང་ལ་རྣ་བ་གླགས་པའི་ཁེར་རྐྱང་གི་སྡུག་བསྔལ་དེ་ཡང

       མདའ་རྒྱང་གང་ཙམ་གྱི་ཚུར་ལ་བསྣུར་བས

       ཁྱོད་ནི  རྫི་བག་ཆེ་བའི་གཞོན་ནུ་ཞིག་ལ་མཚོན་ན

       སྙིང་གྲོགས་ལ་ཆེད་དུ་བསྐུར་བའི་མཛའ་འཕྲིན་ཞིག་དང་འདྲ

       。。。   。。。   。。。

  (མགོ་སྦྲ་ཁྱིམ་དང་བཅས་པ་གྲོང་ཁྱེར་དུ་སྤོས་པ་བདེན་ནའང

      རང་ཉིད་ལ་འདུག་ས་ཞིག་མེད་པ་བསམ་ནས

      སྒོ་ཁྱི་དེས    ད་གཟོད

      ཁྱིམ་ཚང་ཞིག་ལ་འཛོམས་དགོས་པའི་བྲོ་བ་དག

    ད་ནི  རེ་རེ་བཞིན་ཁོ་དང་ཁ་ཐག་ཕྱེ་ཡོད་པ་རྟོགས་སོང

   。。。  。。。  。。。

    གོང་གསལ་སྙན་ངག་དག་བཀླགས་པས། ཀློག་པ་པོས་མིག་ཚོར་གྱི་བྱེད་ནུས་ལྟརའདྲེས་འཛིང་གི་བརྗོད་བྱ་མང་པོ་ཞིག་གིས་ལན་རེར་གོ་ལ་ལན་རེར་མི་གོ་བའི་བསམ་བློ་འདྲ་སྐྱེས་སྲིད་ནའང༌། བོད་མི་ཞིག་གི་ངོས་ནས་བལྟས་ན་མི་གོ་བ་ཅི་ཡང་མེད་དེ། གཙོ་བོ་མི་རིགས་ཅན་གྱི་བརྩེ་དུངས་དང༌། འཚོ་བ། སྣང་ཚོར་སོགས་ཡན་གར་བའི་མཛེས་དཔྱོད་ཀྱི་མཚོན་རྟགས་དེས་སྙན་ངག་ཧྲིལ་བོ་མི་རིགས་ཅན་གྱི་རྣམ་པ་ཞིག་ཏུ་སློང་བསྐྲུན་བྱས་ཡོད་ན།འཛམ་གླིང་གི་ཀློག་པ་པོ་གང་ཞིགགིས་བལྟས་ཀྱང་རུང༌།གཅིག་ནས་མི་རིགས་ཤིག་གི་ངོ་གདོང་དེ་མངོན་ལྐོག་གང་རུང་ནས་དངོམ་ཅི་ཐུབ་བྱེད་ཀྱིན་ཡོད་པ་དང༌། གཉིས་ནས་སྙན་ངག་པའི་དྭངས་གཙང་གི་སེམས་པ་དེས་སློང་སྐྲུན་བྱས་པའི་ཁྱད་པར་ཅན་གྱི་ཁོར་ཡུག་ཅིག་དང་ཡུལ་སྲོལ་ཞིག བརྩེ་དུངས་ཤིག་བཅས་དམིགས་བསལ་གྱིས་འོས་སྦྱོར་བྱས་ཡོད་པ་དེ་རེད། སྣེ་མང་འདྲེས་འཛིང་ཆེ་བའི་སྙན་ངག་གི་ཉམས་སྤྱོད་འདིས་ཀློག་པ་པོ་དག་ལ་རྟོགས་པ་འདྲ་ལ་མ་རྟོགས་པའང་འདྲ་བའི་སྣང་བ་བན་བུན་དེའི་སྒྱུ་རྩལ་གྱི་རོལ་མྱོང་གསར་བ་ཞིག་མྱོང་འཇུག་ཐུབ་ཀྱིན་ཡོད་པས། མཚོན་བྱ་དང་མཚོན་བྱེད་འགལ་བ་ཅན་འབྱུང་སྲིད་ལ། དུས་ཡུལ་བསྣོལ་བའི་སྒྱུ་འཕྲུལ་གྱི་བབ་དེ་ཡང་ཟུར་ངོས་གང་རུང་ན་མངོན་གྱིན་ཡོད་པས་ཐད་ཀར་སྨྱུ་གུ་འཆིང་ཏེ་ཀློག་འབྲེལ་བྱེད་པ་ནི་དགོད་བྲོའི་ལས་ཀ་ཞིག་ཏུ་སྙན་ངག་པ་དེ་དག་གིས་བརྗོད་དོ།

                                                                                      2008420

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒོ་ཁྱི་ལས་འཕྲོས་ཏེ་སྙན་ངག་གསར་བའི་བསམ་བཀོད་སྐོར་གླེང་བ།

2009-02-26 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།