ལྷ་སའི་ཟླ་བ། སྒྲུང་གཏམ།

       ན་བུན་གྱི་རྔམས་ཀ་སྟོང་འཇགས་ཀྱི་བར་སྣང་ན་འཁོར་སྐྱོད་དང་བྲལ་བའི་དུས་མཚུངས་སུ་གྲང་ངར་གྱིས་འདར་བའི་སྐར་མ་རྣམས་ཀྱིས་རང་འོད་ལ་བྱི་དོར་གང་ལེགས་ཤིག་བྱས་ཏེ་གྲང་ཅང་ཅང་གི་གནས་བབ་འདི་ནས་ལྷ་སའི་ཟླ་བའི་བྱུང་རིམ་དེའི་མཇུག་འབྲས་ལ་ལོ་རྒྱུས་ལྟ་བུའི་འཆར་གཞི་ཞིག་བཞག་འདུག
    ཁོའི་མིང་ལ་ཨུ་ལོ་ཟེར་ཞིང་ཁྱད་དུ་འཕགས་པའི་དྲག་རྩལ་མཁན་ཞིག་གམ་ཡང་ན་སེམས་དང་བྲལ་བའི་མི་གསོད་གཤེད་མ་ཞིག་ཡིན།          གཞས་པ་ཚངས་དབྱངས་རྒྱ་མཚོ་སྐུ་མྱ་ངན་ལས་འདས་རྗེས་སུ་བོད་ཆེན་པོའི་ས་སྟེང་ཀུན་ཏུ་རེ་ཞིག་གདུང་བའི་ཁུར་གྱིས་མནན་ན་ཡང་ལྷ་ས་དང་བར་ཐག་བྲལ་བའི་ཡུལ་ཚོ་ཆུང་ཆུང་འདིར་གྲགས་འགུལ་ཅི་ཡང་མེད་ཅིང་། སྔར་བཞིན་སྡེ་ཕྲན་དག་གིས་རྔམ་ཟིལ་ཆེ་བའི་གཡུལ་འཐབ་ཀྱི་འཚོ་བ་ལོངས་སུ་སྤྱོད་ཀྱིན་མཆིས།
“ལྷ་མ་ཡིན་གྱི་ཡུལ་ཁམས་ལྟ་བུའི་འཚོ་བ་འདི་དུས་ནམ་ཞིག་ལ་མཇུག་རྫོགས་སམ། དེ་བས་ཁྱོད་མྱུར་དུ་ལྷ་སའི་ཕྱོགས་སུ་ཆས་དགོས། ཁྱོད་རང་ཉིད་དང་བཅས་པའི་བརྩེ་དུང་གི་བདེན་པ་ཞིག་དེ་དུས་རྟོགས་ངེས། ད་མྱུར་དུ་སོང་ཞིག”ལན་ཕྲུག་ནག་ཐར་སེ་ནུ་མའི་འདབས་རོལ་ཏུ་ལྷུང་བའི་ལྷ་མོ་ཞིག་གཅེར་བུར་ཁོའི་མིག་ལམ་དུ་ཤར་བའི་མོད་ལ་སྐད་སྒྲ་དེ་ཡང་སིལ་སྙན་དཀྲོལ་བ་བཞིན་འཇམ་ལྷོད་ལྷོད་ཀྱིས་ཁོའི་སེམས་སུ་བབས།
“ཝེ། ལྷ་ས་ཟེར་བ་དེ་གང་ན་ཡོད། ཁོ་དཔའ་རྒོད་ཅིག་ཡིན་ནམ།”
“ཁྱོད་ཀྱི་ཁ་ཕྱོགས་དེ་ཟླ་བར་གཏོད་ལ‘ལྷ་སའི་ཟླ་བ’ཞེས་པ་དེ་བཙལ་རོགས།”
    སྐབས་འདིར་སྐད་གདངས་ཙམ་ལས་སྔར་གནས་སུ་གཤེགས་པའི་ལྷ་མོ་དེའི་གཟུགས་ཀྱི་གྲིབ་མ་ཙམ་ཡང་མི་སྣང་། འོན་ཀྱང་ཨུ་ལོ་ལ་མཚོན་ན་དོན་དག་ཅི་ཡང་བྱུང་མེད་པ་འདྲ། ཁོའི་སེམས་སུ་མི་ཡུལ་གྱི་འཐབ་འཁྲུག་ལ་ཕྱོགས་པའི་དཔའ་རྒོད་དག་ལས་གཞན་ཚང་མ་གཅེར་བུར་བར་སྣང་གི་འཚོ་བ་སྐྱེལ་མཁན་དེ་ཚོ་རེད་སྙམ།
    ལྷ་མོའི་ལུང་བསྟན་དེ་ཨུ་ལོས་ཅི་ལ་ཡང་སྣང་གིན་མེད་མོད། དེའི་ནང་གི་“བརྩེ་དུང་གི་བདེན་པ”ཞེས་པའི་ཚིག་འབྲུ་དེ་ཁོས་ཧ་མ་གོ་བའི་རྐྱེན་གྱིས་རང་གི་བློ་ཚོད་ཀྱིས་དེ་ཉིད་འཐབ་འཁྲུག་གི་མཚོན་ཆ་ཞིག་ཏུ་ངོས་འཛིན་བྱས་ཡོད།
“ཚོ་དཔོན། སྐྱོ་བོ་དང་ལག་དོ་གཉིས་འཐབ་འཛིང་གི་ཁྲོད་དུ་ཁྲག་བཞུར་ནས་ཤི་སོང་།”
    སྐད་ཆ་འདིས་ཨུ་ལོའི་ཆེས་ཐོག་མའི་བསམ་གཞིག་གི་སྒོ་མོ་དལ་བུར་ཕྱེས་ལ། རང་ཉིད་ལས་གཉེན་པོ་ཞིག་ཀྱང་ཡོད་སྲིད་པའི་དྲན་རྟོགས་སྦྱར། ཡིན་ན་ཡང་ཨུ་ལོས་ཁོ་རང་ཉིད་ལ་འཆི་བ་ཞིག་ཡོད་པ་བསམ་བློར་འཁོར་མི་སྲིད་ལ། ཐ་ན་ཁོ་རློམ་ཡང་མི་ཐུབ།
    རེ་ཞིག་སོང་རྗེས་ཁོའི་བསམ་གཞིག་གི་འཁོར་སྐྱོད་ལའང་གཡོ་འགུལ་ཐེབས་བཞིན་ཡར་རྒྱས་བྱུང་བ་ནི་སླར་ཡང་ཕྱིར་དྲན་གྱི་ཀློང་ལ་འཐིམ་སོང་།
“རེད། སྐྱོ་བོ་དང་ལག་དོ་གཉིས་ལྷ་སས་བསད་པར་གདོན་མི་ཟ། ཨོ་མ་རེད། ལྷ་སའི་ཟླ་བ……”
                                                                 (1)
     གྲང་རླུང་འུར་འུར་དང་ལྷན་དུ་གྲགས་པའི་གཅོང་སྐད་རྣ་བར་གཟན། རྩྭ་རྡུལ་གྱིས་ཡོངས་སུ་སྤྲས་པའི་རླུང་འཚུབ་ནག་པོ་ཁྱུ་དང་ཁྱུ་བྱས་ཏེ་སྟོང་འཁོར་རྒྱག་ཅིང་། རླུང་གིས་བཅད་པའི་དར་ལྕོག་གི་ཚལ་པ་རྣམས་བྱ་རྒོད་དང་ལྷན་དུ་ཁྭ་ཏའི་གཟུགས་བཞིན་བར་སྣང་ན་ལྡིང་སྐོར་ལ་བྲལ་བའི་དུས་མཚུངས་སུ་རྟ་མཆོག་གི་མགུལ་ལ་བསྐོན་པའི་གཡེར་དྲིལ་གྱི་སིང་སྒྲ་ཞིག་རྣ་ལམ་དུ་ཁྱབ་ཡོང་། ཨུ་ལོ་རི་ཆུ་སྟོང་ཕྲག་བརྒལ་ནས་གྱང་ཆག་གི་གྲོང་རྡལ་ཞིག་ཏུ་བསླེབས་ཡོད།
“ཝེ། ས་འདིར་དཔའ་རྒོད་དང་འབྲོང་ཁྱུ་ཡོད་དམ།”ཨུ་ལོས་རྒོད་མའི་ནུ་མ་འཇིབ་བཞིན་པའི་ཕྲུ་གུ་ཞིག་ལ་དེ་སྐད་དྲིས།
“ཁྱོད་སུ་ཡིན། གནས་འདིར་ཡོང་ཐུབ་མཁན་སྤྱང་ཀི་དང་བྱ་རྒོད་གཉིས་ལས་སྐྱ་མི་ཞིག་གང་ན་ཡོད། ཁྱོད་རང་ཨ་མྱེས་ལྡང་ལ་མིན་ནམ།” ལུ་གུའི་པགས་པ་གཉིས་ཁ་སྦྱར་ཏེ་གྱོན་པའི་བུ་ཆུང་ཞིག་གྱང་སྲིབ་ནས་ཕྱིར་མངོན་བཞིན་དེ་སྐད་བརྗོད།
“ཨ། ཨ་མྱེས་ལྡང་ལ་ཨེ། ཁོ་དཔའ་རྒོད་ཅིག་ཡིན་ནམ། ཁོའི་མིང་ལ་ལྷ་ས་……ལྷ་སའི་ཟླ་བ་ཟེར་རམ།”
    བུ་ཆུང་དེའི་གདོང་ལ་ཡི་ཆད་ཀྱི་རྣམ་འགྱུར་ཞིག་མངོན་གྱིན་“ཧེ། དབུས་མཇལ་བ་ཞིག་ཡིན་པ་འདྲ། ཁ་ཕོ་ཆེ་བ་ལ།”ཟེར།
    ཨུ་ལོས་སླར་ཡང་“ལྟས་ཕྲུག ཁྱོད་ཀྱི་སྐད་གདངས་དེ་ཡ་མཚན་པ་ལ། ངས་ཡོད་ཚད་ཧ་གོ་མ་སོང་། ཁྱོད་རང་གཅེར་བུར་བར་སྣང་དུ་འཁོར་ཐུབ་བམ།”ཞེས་དྲིས་པ་ན།
    བུ་ཆུང་དེའང་ཅུང་ཡ་མཚར་བཞིན་ལོབས་འགྲོས་མེད་པའི་སྐད་གདངས་དེ་ལ་མཉམ་འཇོག་གིས་ཡིད་རྩེ་གཅིག་ཏུ་བསྡུས་ཏེ་“སྐུ་ཉིད་ལྷ་སར་འགྲོ་བ་ཡིན་ན་ཤར་ཕྱོགས་ཀྱི་གངས་རི་ཆེན་པོ་དེ་བརྒལ་རྗེས་ད་དུང་……། ག་པར་བསླེབ་སྲིད་པ་ང་ལའང་འཆད་རྒྱུ་མེད”ཅེས་གོང་མཛུབ་ནུབ་ཕྱོགས་སུ་སྐོར་བཞིན་དེ་སྐད་བརྗོད།
“བུ་ཆུང་། རྒོད་མའི་ནུ་མ་འཇིབ་བཞིན་པའི་ཕྲུ་གུ་དེ་སུ་རེད་དམ།”ཞེས་ཨུ་ལོ་ཐང་ཆད་པའི་སྣང་བ་ཞིག་བྱུང་སྟེ་རྟ་ལས་བབས་རྗེས་གོང་གི་གཏམ་དང་འབྲེལ་བ་ཡེ་ནས་མེད་པའི་སྐད་ཆ་འདི་བཤད།
“ཁོ་ངའི་གཅུང་པོ་རེད། མིང་ལ་ཟླ་བ་ཟེར།”
“ཨ། ཟླ་བ། ལྷ་སའི་ཟླ་བ་མི་ཟེར་རམ།”
“ཨོ། ཁྱོད་ཀྱིས་ལྷ་སའི་ཟླ་བ་ཟེར་རམ། ད་དུང་ས་རུབ་མེད་པས་ཟླ་བ་འཆར་མི་སྲིད། ས་རུབ་རྗེས་ངས་ཁྱོད་ལ་བསྟན་ཆོག”
“ལྷ་སའི་ཟླ་བ་མཚན་མོ་འཇབ་རྒོལ་བྱ་རྒྱུར་དགའ་ན་ཁོ་སྡར་མ་རེད། ངོ་ཚ་མེད་པ་རེད། དེ་བས་ཁོ་མ་ཤི་བའི་སྔོན་ལ་ངས་ཐག་པས་བཀྱིགས་ཏེ་ཉིན་དཀར་ད་གཟོད་གསོད་རྒྱུ་ཡིན།”
“ལྷ་སའི་ཟླ་བ་གསོད་མི་རུང་། ཟླ་བ་དང་ང་གཉིས་མ་གཏོགས་ཡུལ་ཁམས་འདིའི་མི་ཚང་མ་སོག་དམག་གིས་ལྷ་སར་གཟན་ཆས་བསྐྱལ་བར་བཙན་འཁྲིད་བྱས་པས་ངེད་གཉིས་ཀྱིས་ཡུལ་མི་ཚོ་ཕྱིར་མ་ལོག་པའི་བར་དུ་ཟླ་བར་བལྟ་དགོས།”
    བུ་ཆུང་དེས་ཨུ་ལོས་ཟླ་བ་གསོད་མི་ཐུབ་པ་ཤེས་ན་ཡང་སྐད་ཆ་དེ་ཞེ་སྡང་དྲགས་པས་དེ་ལྟར་ལན་བཏབ།
    ཟླ་བ་ངུས་པ་དང་མཉམ་དུ་ནམ་མཁའ་ཧྲིལ་པོའི་ཁ་དོག་ཀྱང་ནག་པོར་གྱུར་བས་གཞི་ནས་ཟླ་བ་ཤར་བྱུང་།
“སྐུ་ཉིད་ཀྱིས་གཟིགས་དང་། དེ་ལྷ་སའི་ཟླ་བ་རེད། ཡུལ་མི་ཚོའི་མཁའ་དབྱིངས་ན་འཕྲོ་བཞིན་པའི་ལྷ་སའི་ཟླ་བ་རེད། ཁོ་ཚོས་ཀྱང་འདི་ཕྱོགས་ཀྱི་ཟླ་བར་ལྟ་གིན་ཡོད་པ་གཏན་འཁེལ་རེད། ངའི་ཕ་མ། གཉེན་ཉེ། བརྩེ་གྲོགས་བཅས་ཡོད་ཚད་ཀྱིས་ཟླ་བའི་ནང་གི་ང་དང་ཟླ་བ་གཉིས་ཀྱི་ངོ་གདོང་མཐོང་འདོད་བྱེད་ཀྱིན་ཡོད། དེ་བཞིན་ངེད་གཉིས་ཀྱིས་ཀྱང་ཁོང་ཚོའི་ཞལ་རས་ལན་གཅིག་མཐོང་འདོད་ཡོད།……”
    བུ་ཆུང་དེ་ངུས་བྱུང་། ཟླ་བའང་ངུས་བྱུང་། འོན་ཀྱང་ཨུ་ལོར་མཚོན་ན་དོན་དག་གང་ཡང་བྱུང་མེད་པ་འདྲ། ཁོས་ད་དུང་ཡང་དོགས་ཟོན་ཆེན་པོའི་ངང་ལྷ་སའི་ཟླ་བ་ཞེས་པའི་རྐུན་པོ་ཞིག་གིས་འཇབ་རྒོལ་བྱེད་པར་ཡིད་ཆེས་བྱེད་ཀྱིན་ཡོད་འདུག
                                                                    (2)
       ཨུ་ལོས་རྟ་ལ་ཡོབ་རྡུང་འགའ་བྱས་རྗེས་སླར་ཡང་ལམ་དུ་ཞུགས་ཤིང་། ཉེ་སྔོན་གྱི་བྱ་བ་དེ་དག་ཡིད་ལ་འཁོར་བས་གདོང་ཡོངས་ཚ་བེར་བེར་དུ་གྱུར། ཁོའི་སེམས་སུ་རང་ཉིད་ཀྱིས་མཚན་མོ་ཧྲིལ་པོར་དོགས་ཟོན་ཆེན་པོས་ལྷ་སའི་ཟླ་བར་བསྒུགས་བསྡད་པའི་རྣམ་པ་དེ་སྡར་མའི་གཟུགས་ཤ་སྟག་ཏུ་མཆེད་ཡོད་ལ། དེ་ནི་དཔའ་རྒོད་ཚོ་དང་འབྲེལ་བ་མེད་པའི་བར་སྣང་གི་མི་གཅེར་བུ་དེ་ཚོས་མཐོང་ཡོད་སྙམ་པས་རེད།
    སྐབས་འདིར་ཨུ་ལོར་ཤིན་ཏུ་གཉིད་འདོད་ཅིག་སྐྱེས་པས་རྟ་ལས་བབས་ཏེ་མེ་ཏོག་གི་དྲི་བསུང་རྣམ་པར་ཐུལ་བའི་སྤང་ལྗོངས་ཤིག་གི་རྩྭ་ལྗང་ལ་མགོ་བོ་བསྙེས་ཏེ་གཉིད་དུ་ཡུར། གཟབ་མཆོར་ཕུན་སུམ་ཚོགས་པར་སྤྲས་པའི་བུ་མོ་ཞིག་རྟ་ཁ་ན་ངུ་གིན་བྲལ་བར་མི་བཟོད་པའི་མིག་ཟུང་མཆི་མས་གང་བཞིན“པ་ལགས།”ཞེས་ལག་པ་ཕྱིར་བསྲིངས་ན་ཡང་། དྲག་རྩལ་ལ་མངའ་བརྙེས་པའི་ཇག་པ་དེ་ཚོ་བྱ་འཕུར་བ་བཞིན་རྟ་མཆོག་གི་གོང་ནས་ཕན་ཚུན་བརྗེ་སྤོར་གྱི་རྩལ་སྣ་འདོན་གྱིན་རྒྱང་རིང་དུ་ཡལ་སོང་།
     ཀི་རིང་ཞིག་དང་མཉམ་དུ་ཉག་ཁ་ནས་སྐྱ་མི་ཞིག་མངོན་བྱུང་། ཚང་མས་མགྲིན་གཅིག་ཏུ“དཔའ་རྒོད་ལགས། ལྷ་སའི་ཟླ་བ་ཇག་དཔོན་དེའི་གཉེན་དུ་བཙན་འཕྲོག་བྱས་པས་མྱུར་དུ་སྐྱོབས་ཤིག ཁོ་མོའི་ཕྱུགས་ཆུང་གི་ལང་ཚོ་དེ་རྒྱུད་གཤིས་མི་གཙང་བའི་ཇག་པ་ཞིག་ལ་དབང་མི་རུང་། འདི་ནི་བོད་མི་ཆེས་སྤྱིར་བཏང་ཞིག་གིས་ཀྱང་བསྒྲུབ་པར་འོས་པའི་ལས་འགན་རང་ཡིན། ཁྱེད་ཉིད་མྱུར་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུ།”ཟེར།
    སྐབས་འདིའི་སྐྱ་མི་དཔའ་རྒོད་དེ་ཨུ་ལོ་རང་ཉིད་ཡིན་མོད། འོན་ཀྱང་ཡ་མཚན་པ་ཞིག་ལ་ཁོའི་བསམ་པའི་དྲན་རྟོགས་སུ་ལྡབ་བརྒྱའི་འགྱུར་ལྡོག་བྱུང་ཡོད་ཅིང་། ཁོས་ཅི་ནས་འགྲེལ་ཐབས་མེད་པའི་ཚིག་འབྲུ་“བརྩེ་དུང་གི་བདེན་པ”ཞེས་པ་དེའི་ནང་དོན་ཡང་རྩ་བ་ནས་རྟོགས་ཡོད་ཁར། ཁོ་ཚོས་རང་ཉིད་ལ་སྐྱེས་སུ་ཕུལ་བའི་“དཔའ་རྒོད”ཀྱི་མིང་རྟགས་དེ་ཡང་“རྒྱལ་སྲས”ཡིན་ན་ཅི་མ་རུང་སྙམ།
     ཨུ་ལོ་ཁོ་ཚོ་དང་བྲལ་ཏེ་ལམ་དུ་ཞུགས་དུས་ཁོ་ལ་སྨྲ་མི་ཤེས་པའི་ངེས་འབྱུང་ཞིག་སྐྱེས་པ་ནི་རང་གི་གྲིབ་མ་དང་བཅས་པའི་འཇིག་རྟེན་གྱི་ཡོད་ཚད་རྨེག་མེད་དུ་གྱུར་པའི་སེམས་བྱུང་དེ་ཡིན་ལ། ལྷ་སའི་ཟླ་བའང་གནས་གང་རུང་ཞིག་ན་བྱ་རྒོད་ཀྱིས་ཟ་བཞིན་པའི་འཕྲུལ་སྣང་དེ་རེད། ངེས་འབྱུང་ཁྱད་པར་བ་འདིས་ཁོའི་དྲག་རྩལ་དང་བཅས་པའི་རང་ཉམས་དེ་ཆམ་ལ་ཕབ་མོད། སྦྲུམ་མ་ཞིག་གི་ངོ་གདོང་དང་འདྲ་བའི་ཟླ་གཟུགས་ཤིག་གི་འོད་ཟེར་དེ་ཁོའི་ཀླད་གཙུག་ནས་འཕྲོས་ཏེ་ལུས་ཁམས་ཀྱི་ཟབ་སར་ཟུག་པས་ཁོའི་སྔར་བྱུང་གི་ངེས་འབྱུང་དེ་གར་སོང་ཆ་མེད་དུ་གྱུར་ལ། སྟག་རྒོད་ཅིག་དང་འདྲ་བར་ཇག་པ་དེ་ཚོའི་རྗེས་སུ་བསྙེགས། ལམ་ཐག་རིང་པོ་ཞིག་བརྒྱུད་རྗེས་ཁོས་གཞི་ནས་ཇག་པ་དེ་ཚོའི་རྗེས་ཆོད་སོང་། ཉིན་ཧྲིལ་པོ་བདུན་ལ་གཡུལ་འཐབ་བྱས་རྗེས་ཁོས་ད་གཟོད་ལྷ་སའི་ཟླ་བ་ཕྱིར་འཕྲོག་ཐུབ་མོད། འོན་ཀྱང་ཁ་ཕྱིར་འཁོར་ནས་ལོག་པར་རྩོམ་དུས་བྱིས་པ་ཆུང་ཆུང་ཞིག་གིས་ཁོའི་ལམ་བུ་བཀག་བྱུང་།
    བྱིས་པ་དེས“ཁྱོད་ཀྱིས་ངའི་ཨ་མ་འཕྲོག་མི་རུང་། མོའི་རླབས་ཆེ་བའི་དྲིན་ལན་དེ་ངས་ཇི་ལྟར་ཡང་འཇལ་ཐབས་མི་འདུག འཇིག་རྟེན་འདིར་ང་རང་ལ་དབང་བ་ཨ་མ་གཅིག་པུ་མ་གཏོགས་མེད། འདི་ནི་བོད་མི་ཆེས་སྤྱིར་བཏང་ཞིག་གིས་ཀྱང་བསྒྲུབ་པར་འོས་པའི་ལས་འགན་རང་ཡིན།”ཟེར།
“བུ་ཆུང་། ཁྱོད་ཀྱི་ཨ་མ་གཡང་གཟར་ལྟ་བུའི་འཚོ་བ་འདིར་གོམས་མེད་པས་ངས་མེ་ཏོག་གི་འཇིག་རྟེན་ཞིག་ཏུ་འཁྲིད་རྒྱུ་ཡིན། གནས་དེ་ན་ཁ་བཏགས་བཞིན་རིང་པོར་འཐེན་པའི་གངས་དཀར་གྱི་ལྷུན་པོ་ཡོད་ལ། སྐར་ཚོགས་བཞིན་ལྷམ་མེར་འཛུམ་པའི་གཉེན་ཉེ་དག་གི་ངོ་གདོང་དང་། འབར་བཞིན་པའི་ཁོ་ཚོའི་མཆོད་མེ་རེ་རེའི་བྱིན་རླབས་ཀྱང་ཡོད།”
“མིན། ང་ཡང་གངས་དཀར་གྱི་ཀློང་ནས་ལྟེ་ཕྲག་འཕོས་པའི་རྣམ་ཤེས་ཤིག་ཡིན། འོན་ཀྱང་འདི་ཚང་མ་བསྐྲུན་ཐུབ་མཁན་གངས་རི་ཡིན་ན་བསྒྱུར་ཐུབ་མཁན་ཡང་གངས་རི་རང་ཉིད་ཡིན་དགོས། དཔའ་རྒོད་ལགས། ངའི་ཨ་མ་གཏོང་རོགས་ཞུ།”
    བྱིས་པ་དེས་མུ་ཏིག་ལྟ་བུའི་མཆི་མ་རྡོག་པོ་འགའ་སར་ལྷུང་དུ་བཅུག་པས་ཨུ་ལོ་ཡང་ཕྱིར་གོམ་པ་འགའ་བཤོལ་དགོས་པར་བཟོས།
    སྤྱིར་ཡིན་ན་ཁོའི་མདུན་དུ་མིག་ཆུ་འདོན་མཁན་ཚོ་ནི་ཚེ་སྲོག་ལ་གཡོལ་བའི་འཐབ་མོ་བ་སྡར་མ་དེ་ཚོ་ཡིན་པས་ཁོས་སྐད་ཅིག་ཉིད་ལ་གྲི་གཡུག་ཐེངས་གཅིག་གིས་དུམ་བུ་ཁ་ཤས་སུ་གཏོང་མོད། འོན་ཀྱང་ད་ལྟ་ཁོའི་ཀླད་པའི་གཏིང་སར་བརྩེ་དུང་གི་རྨང་གཞི་བརྟན་པོ་ཞིག་ཚུགས་ཡོད་པས་ན་དེ་ལྟར་མི་བྱེད་ཀ་མེད་བྱུང་།
    འདི་ལྟར་ཁོའི་མདུན་དུ་གངས་རི་བཞིན་བརྟན་པའི་གདམ་གསེས་ཀྱི་དྲི་བ་ཞིག་ཡུན་རིང་ལུས་མཐར་ལྷ་སའི་ཟླ་བ་དེ་གར་བསྐྱུར་རྒྱུའི་བློ་ཐག་བཅད། ཡིན་ན་ཡང་དེ་གར་བསྐྱུར་ཆོག་པའི་གནས་ལུགས་ཤིག་ཁོ་ལ་བཤད་རྒྱུ་མི་འདུག་ལ། གདམ་གསེས་འདིའི་ཤུགས་བསྟན་ཙམ་ཡང་ཁོ་ལ་བཤད་རྒྱུ་མེད་པར་གྱུར།
                                                                   (3)
       ཨུ་ལོ་གཉིད་སད་དུས་སྔར་གནས་སུ་བཞད་པའི་མེ་ཏོག་རྣམས་རྩ་བ་ནས་རྙིད་ཅིང་། མཐའ་ཡས་པའི་སྤང་ལྗོངས་ཆེན་མོ་དེ་ཡང་བྱེ་རླུང་གིས་ནམ་མཁའ་སྒྲིབ་པའི་མྱ་ངམ་ཐང་ཆེན་པོ་ཞིག་ཏུ་གྱུར་ཡོད།
     མི་ཞིག་གིས་ཨུ་ལོའི་མདུན་བཀག་སྟེ་“གྲོགས་པོ་ཆང་ཡོད་དམ། ངས་ཚེ་སྲོག་དང་བརྗེ་རྒྱུ་ཡིན།”ཟེར།
“ཁྱོད་རང་ལ་བརྩེ་དུང་མེད་བཞིན་དུ་ཆང་འཐུང་འདོད་ཡོད་དམ།”ཨུ་ལོ་ཅུང་ཡ་མཚར་བཞིན་དེ་སྐད་དྲིས།
སྐབས་དེར་སྐྱེ་བ་གཞན་ཞིག་ཀྱང་བྲེལ་སྟབས་ཀྱིས་འོངས་ཤིང་། ཁོས“བརྩེ་དུང་ཟེར་བ་དེ་ཅི་འདྲ་ཞིག་རེད”ཟེར།
“བརྩེ་དུང་ཞེས་པ་དེ་སེམས་ཀྱི་མྱོང་བ་ཞིག་རེད། མི་དང་མིའི་དབར་གྱི་འབྲེལ་ཟམ་ཞིག་རེད། དེ་ཡང་གསལ་པོར་བཤད་ན་མི་ཡུལ་གྱི་ཆེས་མཛེས་སྡུག་ལྡན་པའི་མེ་ཏོག་ཅིག་རེད”ཨུ་ལོས་རང་གི་བློ་ཚོད་ཀྱིས་མཚན་ཉིད་འགའ་བསྟུད་མར་བཞག་རྗེས་སླར་ཡང་ཁ་གསལ་པོ་ཡོང་ཆེད།
“མྱ་ངམ་ཐང་གི་རྣམ་པ་བསྒྱུར་ཐུབ་པའི་ལག་ཆ་ཞིག་རེད།”ཅེས་ཚིག་ཐག་བཅད།
    མཚམས་དེར་གསང་གནས་ཀྱི་སྒྲིབ་གཡོག་ཙམ་ལས་གྱོན་མེད་པའི་རྒན་མོ་ཞིག་ཧབ་ཐོབ་ཀྱིས་རྒྱུག་ཡོང་སྟེ་“བྱས་ན་བརྩེ་དུང་གིས་ལྔ་ལམ་དུ་གྱུར་བའི་མི་ཚོ་འདས་ལོག་ཡོང་དུ་འཇུག་ཐུབ་བམ།”ཟེར།
    ཨུ་ལོ་རེ་ཞིག་དྲི་བ་དེར་ལན་འདེབས་པའི་བྱ་ཐབས་ཟད་ནའང་གློ་བུར་དུ་ཁོས་“འདས་ལོག་གི་ནུས་པ་མེད་ནའང་ཁོ་ཚོ་དང་ལྷན་དུ་སྡོད་སྲིད་པའི་ཐབས་ཤེས་རྙེད་ཐུབ།”ཅེས་ལན་བཏབ།
རྒན་མོ་དེས་སླར་ཡང་“འོ་ན། ང་རང་ཉིད་གཞོན་ནུ་མ་ཞིག་ཏུ་འཕོ་ཐུབ་བམ།”ཞེས་དྲིས་པས་ཨུ་ལོ་ཡང་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་བཞིན།
“རྒན་མོ་ལགས། དྲི་བ་འདི་དག་ལ་ངས་ལན་ཇི་ལྟར་འདེབས་དགོས་པ་མི་ཤེས།           འོན་ཀྱང་དུས་སྐབས་གང་རུང་ཞིག་ལ་ངས་ངའི་ལྷ་སའི་ཟླ་བ་རྙེད་པའི་རྗེས་སུ་ཁྱོད་ལ་འགྲེལ་བཤད་གསལ་པོ་བྱེད་ངེས་ཡིན།”ཞེས་ལན་འོས་འཚམས་ཤིག་བཏབ་རྗེས་མྱ་ངམ་ཐང་དེ་དང་སྐད་ཅིག་ཉིད་དུ་ཁ་གྱེས་ན་སྙམ་པའི་སེམས་བྱུང་གིས་གོམ་པ་རིང་པོར་སྤོ་བཞིན་མདུན་དུ་སོང་།      སྐབས་ཤིག་ལ་ཨུ་ལོའི་སྣ་ལམ་དུ་མདུན་ཕྱོགས་ནས་ལྡང་ཡོང་བའི་རླུང་བུ་ཞིག་གི་སྐྱེལ་མའི་ཁྲོད་ནས་མེ་ཏོག་གི་དྲི་ངད་ཅིག་བསྣམ་རྒྱུ་བྱུང་བས་ཁོའི་སེམས་སུ་རང་ཉིད་རླུང་འཚུབ་ཆེན་མོ་ཞིག་གིས་གནས་འདིར་བརྫངས་པ་ཙམ་གྱིས་མཐའ་ཡས་པའི་སྤང་ལྗོངས་དང་། མེ་ཏོག་གི་ཡུལ་ལྗོངས། རང་གི་ཞོན་རྟ་དང་བཅས་པའི་དངོས་པོ་ཛ་ཛོར།     ད་དུང་འཚོལ་དགོས་པའི་ལྷ་སའི་ཟླ་བ་བཅས་ཚང་མ་མྱ་ངམ་ཐང་འདིའི་ཕ་མཐའ་ན་གནས་ཡོད་པར་ཡིད་ཆེས་རྐྱེན་གོམ་པ་རིང་ལེན་གྱིས་རླུང་བུའི་ཕྱོགས་སུ་ཁ་ཕྱོགས་བསྒྱུར།
      ཉིན་དེ་ནས་བཟུང་ཁོའི་རྗེས་སུ་དཔར་བའི་རྐང་རྗེས་ཚང་མ་ཆུ་མིག་ཆུང་ཆུང་དག་ཏུ་གྱུར་བས་མུ་མཐའ་མེད་པའི་མྱ་ངམ་ཐང་ཆེན་མོ་དེ་ཡང་སྐད་ཅིག་ཉིད་ལ་ལྷ་ཡི་སྐྱེད་ཚལ་དང་ཀུན་ནས་མཚུངས་པའི་མཛེས་སྡུག་གི་ཞིང་ཁམས་ཤིག་ཏུ་གྱུར་སོང་། ཡིན་ན་ཡང་ཨུ་ལོས་ཕྱི་མིག་ཙམ་ཡང་མི་བལྟ་བར་མདུན་ཕྱོགས་སུ་འགྲོ་བཞིན་འདུག དེ་ཡང་ཁོས་སྔར་བཤད་པའི་སྐད་ཆ་རྣམས་ལུང་བསྟན་དུ་གྱུར་པའི་མཇུག་འབྲས་ལ་རག་ལས་ཤིང་། སྔར་གྱི་རྒན་མོ་དེ་གཞོན་ནུ་མ་ཞིག་ཏུ་གྱུར་ནས་ཁོ་ལ་བར་ཆད་བཟོ་བར་དོགས་པས་རེད།
“ང་སུ་ཡིན་ནམ། འོ་ན་ཁོ་མོ་སུ་ཡིན་ནམ། མོས་ང་ལ་བརྩེ་དུང་གི་བདེན་པ་དེ་དངོས་ནས་སྦྱིན་སྲིད་དམ།”
ཁོ་རང་རིག་པ་ཀློང་དུ་བརྡོལ་བའི་མཁས་པ་ཆེན་པོ་ཞིག་དང་འདྲ་བར་རྟོགས་པ་སད་ཅིང་། “ལྷ་སའི་ཟླ་བ”ཞེས་པ་རང་ལ་བརྩེ་དུང་གི་བདེན་པ་སྤྲོད་ཐུབ་པའི་བུ་མོ་ཞིག་ཏུ་ཁྲུན་ཐག་བཅད།
                                                                        (4)
                 དམར་ལ་སེར་བའི་མཚམས་སྤྲིན་གྱི་འོག་ཏུ་ཉི་འོད་ཀྱིས་གསལ་བའི་གསེར་གྱི་རྒྱལ་མཚན་ནམ་དངུལ་གྱི་ཅོད་པན་དག་གིས་གྲོང་ཁྱེར་ཧྲིལ་པོའི་ཁ་དོག་ཡོད་དགུ་གསེར་གྱི་རང་བཞིན་ཁོ་ནར་བསྒྱུར་པའི་དུས་མཚུངས་སུ་སྤོས་ཕོར་དུ་བླུགས་པའི་བདུག་སྤོས་ཀྱི་དྲི་ངད་ཕྱོགས་ཡོངས་ནས་ལྡང་ཡོང་བས་ན་འདི་ནི་མེས་པོ་ཚོས་འཆད་བཞིན་པའི་ལྷ་ཡི་གྲོང་ཁྱེར་རམ་ཡང་ན་ཤམ་བྷ་ལའི་ཕོ་བྲང་ཞིག་ཏུ་ངེས་བཟུང་ཆོག་མོད། ཡིད་ཕངས་པ་ཞིག་ལ་ཨུ་ལོའི་བློ་ངོས་སུ་བཀོད་སྒྲིག་བྱས་པའི་བརྩེ་དུང་གི་ཞིང་ཁམས་དེ་མེ་ཏོག་ཁོ་ནས་ཁེངས་པའི་འཇིག་རྟེན་ཞིག་དང་། གཞོན་ནུ་མའི་གླུ་ངག་གིས་ཡོངས་སུ་མཚོན་ཐུབ་པའི་གནས་བབ་ཅིག ཁོའི་མིག་ལམ་དུ་མངོན་ཐུབ་པའི་རེ་བ་དེ་མངོན་དུ་གྱུར་མ་ཐུབ།
      ཡུད་ཙམ་ཞིག་ལ་ཨུ་ལོའི་མཐོང་ལམ་སྐད་ཅིག་ཏུ་མོག་པོར་གྱུར་པའི་དུས་མཚུངས་སུ་ངོ་གདོང་ཧྲིལ་པོ་ཚོས་ཀྱིས་བརྒྱན་པའི་དཔའ་རྒོད་ཅིག་རྟ་མཆོག་ཅིག་ལ་བཅིབས་ཏེ་ཨུ་ལོའི་མདུན་དུ་བསླེབས་བྱུང་།
“ཝེ། ཁྱོད་ཀྱིས་གཞས་གཏོང་ཤེས་སམ། གནད་དོན་གྱི་སྙིང་པོར་བསམ་གཞིག་འཁོར་བའི་ཆེས་ཡང་དག་གི་གླུ་ཚིག་སྟེ། མེ་ཏོག་དང་རྩི་ཤིང་གིས་ཀྱང་མྱོང་ཐུབ་པའི་གཞས་གཏོང་ཤེས་སམ། དཔེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་གདངས་ལྟ་བུ།”
     དཔའ་རྒོད་དེར་གཏུམ་སྤྱོད་ཀྱི་དྲག་ཤུལ་ལྡན་པའི་ཁར་སྤྱང་ཞིང་གྲུང་པའི་མིག་ཟུང་ཞིག་ཀྱང་ལྡན་པས་ན། གློ་བུར་བའི་དྲི་བ་འདིས་ཨུ་ལོ་ཧ་ལས་སུ་བཅུག
“དཔའ་རྒོད་ལགས། རང་ཅག་གི་སྐྱོང་འོས་པའི་ཡུལ་ཚོ་དང་དམག་རྟ་ཁྲི་ཕྲག་གི་གཟི་རྔམ་དེ་དུས་ནམ་ཞིག་ལ་མཇུག་རྫོགས་སོང་། མེ་ཏོག་གི་ས་གཞི་དང་བཅས་པའི་མཁའ་དབྱིངས་འདིའི་གླུ་སྐད་ཀྱང་གཞས་སུ་མི་རྟོགས་སམ།”
    ཨུ་ལོ་ཤིན་ཏུ་ཞེ་སྨྲེང་ནས་རང་ཉིད་ཀྱི་སྨྲ་བ་མེད་པའི་བརྩེ་དུང་དེ་ལྷང་ངེར་ཕུད་བྱུང་།
“གྲོགས་པོ། རང་ཅག་གི་ལག་ཏུ་ཐོགས་པའི་མཚོན་ཆ་འདི་དག་ནི་རང་ཉིད་འཆི་བར་འགྱུར་བའི་དཔང་རྟགས་ཙམ་ལས་འཇིག་རྟེན་འདིའི་ལག་ཆ་ངོ་མ་མ་རེད། དེ་བཞིན་ཉན་འདོད་པའི་གླུ་སྐད་ཀྱང་གཞན་དབང་ཁོ་ན་རེད། འདིས་ཀྱང་ཁྱོད་ལ་ཕན་མི་ཐོགས། དེ་བས་ཁྱོད་ཀྱིས་མཚོན་ཆ་ཐང་དུ་ཕོབ་ལ་རང་དབང་གི་གཞས་ཤིག་ལེན་རོགས། རང་ཉིད་དང་བཅས་པའི་བརྩེ་དུང་གི་བདེན་པ་ཞིག་དེ་དུས་རྟོགས་སྲིད།”
     དཔའ་རྒོད་དེས་རྟ་ལ་ལྕག་གིས་འགའ་གཞུས་པ་ན་རྟ་མཆོག་དེ་ཡང་འཚེར་སྐད་ལྷང་ལྷང་གིས་དབེན་པའི་ནགས་ཁྲོད་ཅིག་ཏུ་འཐིམ་སོང་།
     ཕ་མཐའ་ན་འཇའ་འོད་ཀྱིས་གཡོགས་པའི་ཕོ་བྲང་པོ་ཏ་ལ་ཉིད་ངོ་གདོང་ཚོས་ཀྱིས་བརྒྱན་པའི་དཔའ་རྒོད་ཅིག་དང་འདྲ་བར་སྒམ་བརླིང་གིས་འགྱིང་། ཨུ་ལོས་མཚོན་ཆ་རྣམས་ཐང་ལ་ཕབ་རྗེས་རལ་པ་བཤིག་སྟེ་ཕྱག་འཚལ་འགོ་བརྩམས།
“ཨ། མཛེས་སྡུག་དཔལ་གྱིས་སྙེམས་པའི་བརྩེ་དུང་གི་ཞིང་ཁམས། བརྩེ་མཚར་གྱི་སྒེག་ཉམས་ལས་ཡོངས་སུ་རྒྱལ་བའི་གཞོན་ནུ་མའི་ཞལ་རས། འགྲོ་བ་ཀུན་གྱི་གཙུག་ཏུ་བརྗིད་པའི་སྒམ་བརླིང་གི་རྒྱས་སྲས་དམ་པ། ང་དང་ངའི་བརྩེ་དུང་གི་བདེན་པ།”
     ཨུ་ལོས་འཇིག་རྟེན་འདིར་འཚལ་མ་མྱོང་བའི་གུས་ཕྱག་འཚལ་བ་དང་། བཏོན་མ་མྱོང་བའི་མིག་ཆུ་ཤར་མར་གློད་པས་ན་འཇའ་གུར་གྱིས་གཡོགས་པའི་ཕོ་བྲང་པོ་ཏ་ལའང་འཛུམ་ཙམ་འཛུམ་ཙམ་བྱས་པའི་མོད་ལ་ཟླ་གཟུགས་ཀྱི་རང་བཞིན་གསལ་བའི་ངང་གསེར་འོད་ཀྱི་རླབས་སུ་འཐིམ་སོང་།
                                                                    (5)
       མཛེས་སྡུག་གིས་སྙེམས་པའི་ལྷ་མོ་ཞིག་གཅེར་བུར་ཁ་དབྱིངས་ནས་ཐེངས་གཅིག་མངོན་པ་དང་འབྲེལ།
“སྙིང་གི་རྒྱས་སྲས་དམ་པ་ལགས། ད་ནི་ཁྱོད་ཀྱིས་མངའ་སྡེ་འདིའི་བརྩེ་དུང་གི་བདེན་པ་འཁུར་བཞིན་མྱུར་དུ་ཕྱིར་རང་ཡུལ་ལ་ལོག་དགོས། ཁྱོད་ཀྱིས་ས་གཞི་འདིའི་ཆེས་མཐོ་བའི་དཔལ་འབར་གྱི་མེ་ལྕེ་དེ་ཉི་མ་བཞིན་གསལ་བོར་བསྒྲོན་ནས་རང་ཉིད་དང་བཅས་པའི་ཡུལ་མི་དེ་ཚོ་སྐྱོབ་དགོས།”ཞེས་བརྗོད་བཞིན་མི་མངོན་པའི་དབྱིངས་སུ་འཐིམ།
       ཆར་བ་ཟམ་ཟིམ་དུ་འབབ་པའི་བདེ་སྣང་ཁྲོད་གངས་རི་ཞིག་གི་དཔའ་མཛངས་དྲན་ན་ཕྱིར་རང་ཡུལ་དུ་ལོག་མི་སྲིད་པའི་སེམས་ཅན་ཞིག་གང་ན་ཡོད།
       ཨུ་ལོའི་གོམ་པ་དང་པོ་ཕྱིར་སྤོས་བྱུང་།
       གཉིས་པ་ཡང་ཕྱིར་སྤོས་བྱུང་།
       གསུམ་པ་ཡང་་་་་་་་། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སའི་ཟླ་བ། སྒྲུང་གཏམ།

2015-01-25 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།