པའེ་ཏའོ་དང་དེང་རབས་སྙན་ངག དང་པོ།

U10663P1488DT20140708101616.jpgརྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
པའེ་ཏའོ།(北岛)ཀྲུང་གོའི་ཀྲེ་ཅང་ཧུའུ་ཀྲིག་གི་མི་ཡིན་པ་དང་། 1949ལོར་པེ་ཅིན་དུ་ལྟེ་ཁྲག་འཕོས། ཨར་ལས་བཟོ་བ་སོགས་བྱས་མྱོང་ཞིང་ལོ་རབས་བརྒྱད་ཅུ་བའི་མཇུག་ཏུ་ཕྱི་རྒྱལ་དུ་ཕེབས། རྒྱལ་ཁབ་མི་འདྲ་བ་བདུན་གྱི་ནང་དུ་རང་དབང་ངམ་ཡུལ་གྱར་གྱི་འཚོ་བ་རོལ་བ་དེས། ཕྱིར་ཀྲུང་གོར་ཕེབས་པར་བཀག་འགོག་ཐེབས་ཤིང་“ཀྲུང་གོའི་ཐོབ་དབང”ལས་ཕྱིར་བུད་པའི་གསལ་བསྒྲགས་སྤེལ་མྱོང་། ད་ལྟ་ཤང་ཀང་གི་གཙུག་ལག་སློབ་གྲྭ་ཞིག་གི་སློབ་དཔོན་གྱི་འགན་བཞེས་མུས་སུ་ཡོད།
   ཁོ་ནི་རྒྱའི་དམངས་ཁྲོད་དུས་དེབ་གྲགས་ཅན《ད་ལྟ་བ》གསར་སྤེལ་བྱེད་མཁན་གྲས་ཀྱི་གཅིག་ཡིན་ལ། ད་ལམ་ཕྱི་རྒྱལ་དུ་པར་སྐྲུན་བྱེད་བཞིན་པའི་རྩོམ་རིག་དུས་དེབ《ད་ལྟ་བ》ཡི་སྒྲིག་གཙོའི་འགན་ཁུར་ཡོད།
   པའེ་ཏའོ་ལགས་ནི་ཀྲུང་གོའི་དེང་རབས་སྙན་ངག་གི་ལས་སྟེགས་སུ་མིང་གྲགས་ཅན་གྱི་སྙན་ངག་པ་ཞིག་ཡིན་པར་མ་ཟད། རྒྱའི་དེང་རབས་སྙན་ངག་གི་སྲོག་ཤིང་ལྟ་བུའི་སྙན་ངག་པ་ཨང་དང་པོའི་གྲས་ཡིན། 
   སྙན་ངག་པ་འདི་བ་ནི་རྒྱ་ཡིག་གི་ལམ་ནས་སྙན་ངག་གསར་རྩོམ་གནང་བཞིན་རྒྱལ་སྤྱི་རང་བཞིན་གྱི་བྱ་དགའ་མང་བོ་རེག་མཁན་རྩེ་གྲ་དང་ནའོ་པེལ་རྩོམ་རིག་བྱ་དགའི་འདེམས་གྲས་སུ་ཐེངས་མང་པོར་མིང་འདོགས་མཛད་མྱོང་མཁན། ཕྱི་རྒྱལ་དུ་རྒྱ་ཡིག་གི་རྩོམ་འབྲི་བྱེད་བཞིན་འཚོ་བ་ཆགས་ཐུབ་མཁན་ཏེ་རང་རིགས་པ་གཞན་གྱི་མི་སྣ་དག་གིས་མི་ཕོད་པའམ་མ་འཇོན་པའི་ལས་ལ་བྱང་ཚད་མཐོ་བ་ཞིག་ཀྱང་ཡིན།
སྙན་ངག་པ་ཁོང་གི་སྙན་ངག་གི་ལྟ་གྲུབ་དེ་དམིགས་གསལ་གྱི་རྟོག་བརྙན་དང་རབ་བཏགས་ཀྱི་ཐ་སྙད་དག་གིས་གསང་རྫིའི་གནས་སུ་འཁུམ་པའི་འཇིག་རྟེན་གྱི་ངོ་གདོང་ངམ་འཚོ་བའི་གཟུགས་བརྙན་ཧྲིལ་བོ་ཇི་མ་ཇི་བཞིན་སེམས་དང་སེམས་ཀྱི་གཏིང་ངོས་སུ་འཇོག་ཐུབ་པ་ཞིག་ཡིན་པ་དེས། ཀློག་པ་པོ་མང་པོ་ཞིག་གི་སྙན་ངག་མྱོང་རོལ་གྱི་བློ་ཁ་བསྒྱུར་ནས་ཡོད་ཅིང་། མང་ཐའེ་ཆིས་འདྲ་བརྙན་ལྟ་བུའི་འཆར་རྟོག་དང་སྨྱོན་པའི་ལབ་རྡོལ་བཞིན་གྱི་སྐད་ཆ་རྒྱག་ཚུལ་དེས་ཀྲུང་གོའི་ཀློག་པ་པོ་དག་གི་རིག་ལམ་སེལ་ནས་ཡོད་རེད།
   དེ་ལ་ཡང་པའེ་ཏའོ་ལགས་ཀྱིས་“སྙན་ངག་ནི་མཚན་ཉིད་རིག་པ་དང་དཔྱད་རྩོམ་སོགས་དང་གཏན་ནས་མི་འདྲ་བར། སྙན་ངག་གིས་ངེས་པར་སྨྲ་བསམ་བརྗོད་མེད་ཅིག་སྟོན་གྱིན་ཡོད”ཅེས་བརྗོད་མྱོང་ལ། “སྙན་ངག་ཉིད་འཇིག་རྟེན་དང་འབྲེལ་བ་མེད་པ་མ་ཟད། མིའི་རིགས་ཀྱི་དཀའ་སྤྱད་ཀྱི་བརྒྱུད་རིམ་དང་ཡང་འབྲེལ་བ་མེད”ཅེས་བརྗོད་ཡོད་དོ། །
 
                 ལམ་འཛོལ།

ཕུག་རོན་གྱི་འཕུར་རྒྱུན་ལ་གཞིགས་ཏེ
ངས་ཁྱོད་རང་འཚོལ་གྱིན་པར
དཔངས་མཐོ་བའི་ནགས་ཚལ་གྱིས་ནམ་མཁའ་བསྒྲིབས་ཏེ་བྱུང
ལམ་ཕྲན་གྱི་སྟེང་དུ
ཁ་ཕྱོགས་ནོར་བའི་ཁུར་མོང་བགྲེས་པོ་ཞིག་གིས
ང་རང་མཐིང་མདོག་གི་མཚེའུ་ཞིག་གི་ཕྱོགས་སུ་ཁྲིད
ངང་ཙམ་འདར་བའི་ཆུ་ནང་གི་གཟུགས་རིས་ཁྲོད
ངས་ཁྱོད་རང་རྙེད་བྱུང
དཔག་པར་དཀའ་བའི་མིག་ཟུང་དེའང་།

         རི་མོ། 
                     ཐེན་ཐེན་ལོ་ལྔར་བུད་པའི་སྐྱེས་སྐར་དུ།

སྟོད་ཀོར་སྨད་གཡོགས་གྱོན་པའི་ཞོགས་པ་ཐོན་པའི་དུས་སུ
ས་གཞིའི་ཕྱོགས་ཀུན་ཏུ་ཀུ་ཤུ་འགུལ་གྱིན་ཡོད
ངའི་བུ་མོས་རི་མོ་འབྲི་གིན་འདུག
ལོ་ན་ལྔ་ཙམ་གྱི་ནམ་མཁའ་དེ་ཅི་འདྲའི་ཁོད་ཡངས་པ་ལ
ཁྱོད་ཀྱི་མིང་ཡིག་ནི་དྲ་སྒོ་གཉིས་དང་འདྲ་བར
དྲ་སྒོ་གཅིག་དུས་ཚོད་ཀྱི་མདའ་ཁབ་མེད་པའི་ཉི་མའི་ཕྱོགས་སུ་ཕྱེ་ནས་ཡོད་ལ
དྲ་སྒོ་གཅིག་ཁྱོད་ཀྱི་ཡབ་ཆེན་གྱི་ཕྱོགས་སུ་ཕྱེ་ནས་ཡོད
དེ་དུས་ཡབ་ཆེན་ཁོ་ཡུལ་གྱར་གྱི་གཟེ་མོ་ཞིག་ཏུ་གྱུར་བཞིན
འགྲེལ་དཀའ་བའི་ཡི་གེ་འགའ་འཁྱེར་དེ་སོང་བར
ཆེས་དམར་བོའི་ཀུ་ཤུ་ཞིག
ཁྱོད་ཀྱི་རི་མོ་དང་ཁ་བྲལ་སོང
ལོ་ན་ལྔ་ཙམ་གྱི་ནམ་མཁའ་དེ་ཅི་འདྲའི་ཁོད་ཡངས་པ་ལ།

        གློག་གིས་རྒྱག་ཚུལ།

སྔོན་ཆད་ངས་གཟུགས་མེད་ཀྱི་མི་ཞིག་ལ
ལག་འཇུ་བྱས་པར ཨག་སྐད་ཅིག་དང་མཉམ་དུ
ངའི་ལག་པ་འཚིག་ནས
བསྲེགས་ཐམ་ཞིག་བཞག་མྱོང
ངས་གཟུགས་ལྡན་གྱི་མི་དག་ལ
ལག་འཇུ་བྱེད་དུས་སུ ཨག་སྐད་ཅིག་དང་མཉམ་དུ
ཁོ་ཚོའི་ལག་པ་འཚིག་ནས
བསྲེགས་ཐམ་ཞིག་བཞག་ཡོང
ངས་མི་གཞན་ཞིག་ལ་ལག་འཇུ་བྱེད་མ་ཕོད་པར
རྣམ་ཀུན་ལག་པ་རྒྱབ་ཏུ་སྐུང་ནས་ཡོད་མོད
ངས་གནམ་རྒན་མར
གསོལ་བ་བཏབ་ནས སྙིམ་པ་ཟུམ་དུས་སུ
ཨག་སྐད་ཅིག་དང་མཉམ་དུ
ངའི་སེམས་ཀྱི་གཏིང་ངོས་སུ
བསྲེགས་ཐམ་ཞིག་བཞག་སོང་།

               གཟུགས་འགྱུར་བ།

ང་སྒེའུ་ཁུང་ཕྱི་ཡི་ཐང་སྟོང་ལ་རྒྱབ་བསྙེས་ཀྱིས
འཚོ་ཚིས་ཀྱི་གནད་ལ་དབྱངས་ཞུགས་པར
ཟླ་ལྔ་བའི་ཐེ་ཚོམ་དེ
དྲག་སྤྱོད་ཀྱི་གློག་བརྙན་ལ་དགའ་བའི་ལྟད་མོ་བ་ཚོ་ནང་བཞིན
མངར་ཆང་གིས་རབ་ཏུ་སྦར་བར་བྱས

ཆུ་ཚོད་ལྔ་བའི་སྟེང་གི་སྦྲང་རྩི་དེ་མ་གཏོགས
ཞོགས་པའི་མཛའ་མོ་རྒས་བཞིན་པར
དེ་གཉིས་ངོ་བོ་དབྱེར་མེད་དུ་འདྲེས་སོང
ཨོ ཡིད་གདུང་གི་རྒྱ་མཚོ་ཆེན་མོའི་སྟེང་གི
ཕྱོགས་སྟོན་འཁོར་ལོ

གསར་རྩོམ་དང་སྒྲོག་ཙེ་གཉིས་ལ
དགྲར་འཛིན་གྱི་གཏད་ཟུར་ཐིག་ཅིག་གྲུབ་འདུག་པས
གཟའ་པ་སངས་ལ་དུ་བ་འཕྱུར་གྱིན་འདུག
མི་ཞིག་སྐས་རིང་ལས་ཕྱིར་བཏོན་དེ
ལྟད་མོ་བའི་མིག་ཁ་ལས་ཕྱིར་བཏོན་སོང་། 

             གྲོང་སྐད།

ངས་མེ་ལོང་ལ་ཁ་གཏད་དེ་རྒྱ་ནག་གི་སྐད་བརྒྱབ
སྤྱི་གླིང་གཅིག་ལ་རང་ཉིད་ཀྱི་དགུན་ཁ་ཞིག་ཡོད
ངས་རོལ་དབྱངས་ཤིག་གྲགས་པར་བཟོས
དགུན་ཁར་སྦྲང་ནག་མེད
ངས་དལ་བུར་ཁའོ་ཧྥེ་གཡོས་སྐོལ་བྱས
སྦྲང་ནག་གིས་མེས་རྒྱལ་ཟེར་བ་རྟོགས་མི་སྲིད
ངས་ཞིམ་པོ་ཞིག་བསྣན
མེས་རྒྱལ་ནི་ཡུལ་སྐད་ཅིག་རེད
ངས་ཁ་པར་གྱི་སྐུད་སྣེ་གཞན་དེ་ག་ནས
བདག་གི་དངངས་སྐྲག་ཐོས་ཡོང་།

d3ece4b5963d668737d3ca9d.jpgཔའེ་ཏའོ་ཡི་སྙན་ངག་གླེང་བ། པའེ་ཏའོ་ལགས་ཀྱི་སྙན་ངག་ཀློག་དུས་སུ་རོལ་དབྱངས་དང་མཚམས་ཚིག་སོགས་འཛམ་གླིང་གི་མི་རིགས་ཀུན་གྱིས་བླ་གནས་སུ་བཀུར་བའི་སྙན་ངག་གི་རྒྱུན་དེ་ངེས་པར་གཅོད་དགོས་ལ། རང་གི་མཐོང་སྣང་ལས་རིམ་བསགས་ཀྱིས་ཁེངས་པར་གྱུར་བའི་སྙན་ངག་གཞུང་ལུགས་ཅན་གྱི་མཛོད་ཁང་དེ་ལ་སྒོ་ཟྭ་བརྒྱབ་སྟེ་ཡང་བསྐྱར་ཀློག་པ་པོ་གསར་བ་གསར་རྐྱང་ཞིག་མ་བྱས་དུས། གཟོད་རང་གིས་ད་ལམ་ཁ་རྒྱུན་དུ་དར་སོ་ཆེ་བའི“རྒྱལ་སྤྱིའི་ཀུ་རེ”སློང་སྲིད་ཀི་རེད།
   རྒྱ་ནག་ཡིན་ནའང་འདྲ། བོད་ཡིན་ནའང་འདྲ། ཁ་རུབ་ཀྱི་ཟློས་སྐྱོན་དེས་རང་ངོས་སུ་རང་གི་ང་རྒྱལ་ཞིག་དང་ལ་རྒྱ་ཞིག དུང་ཞེན་ཞིག་བཅས་གྲུབ་ནས་ཡོད་པས། སྙན་ངག་གི་ལམ་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེ་བ་བརྗོད་དུས་སུ་རང་ཉིད་སོ་སོ་སྐྱེས་པོ་ཞིག་ཡིན་པ་གཏིང་བརྗེད་དུ་གྱུར་ནས། རང་གི་བརྗོད་ཚད་ལ་རང་གིས་གུས་ཕྱག་འབུལ་བའི་སྲོལ་ཞིག་དར་ནས་ཡོད། དེ་བས་ན་ང་ཚོ་ཕན་ཚུན་སུ་ཡིན་ཡང“མེས་རྒྱལ”སོགས་ལ་རང་གི་ཚོར་བས་མ་ཟིན་པར་ཧ་མི་གོ་ན་ཡང་གསེང་མཐོར་གྱེར་རྒྱུའི་ནད་མེད་ཁུན་འབྱིན་གྱི་སྲོལ་ལས་ཤིག་དར་ནས་ཡོད།
   དེ་ལ་པའེ་ཏའོ་ལགས་ཀྱིས“སྦྲང་ནག་གིས་མེས་རྒྱལ་ཟེར་བ་རྟོགས་མི་སྲིད”ཅེས་ཁ་མཚར་ནག་པོའི་ལུགས་ཀྱིས་ཞུ་འབུལ་བྱས་ཡོད་ཅིང་། ཡང་སྐབས་དང་སྐབས་སུ“རྒྱལ་ཁབ་གཞན་ཞིག་ཏུ་ཐོན་མ་ཐག་པར གསལ་བྱེད་ཡི་གེ་དག་མགོ་མཇུག་ལྡོག་ནས་ཡོད་པ་དེས/ཇ་ཁ་རེ་ལ་དོན་སྙིང་རེ་ངེས་པར་ཡོད་སྲིད”ཅེས་ཕྱི་མྱོང་གི་ཚོར་བ་དེ་ལབ་ཡོད་པ་དང་། “ཁེར་རྐྱང་ཁོ་ནར་ད་གཟོད་འཛིན་ཡིག་མི་དགོས”ཞེས་བརྗོད་ཡོད།
   སྤྱིའི་ཆ་ནས་བཤད་ན་པའེ་ཏའོ་ལགས་ཀྱི་སྙན་ངག་དེ་ཡང་པའེ་ཏའོ་ཁོ་རང་གི་སྒེར་གཤིས་དང་ཤེས་རབ་ཁོ་ན་ལས་བཏོན་པ་ཞིག་མ་ཡིན་པར་ཁོའི་སྔ་དུས་ཀྱི་སྙན་རྩོམ《ལན་ལྡོན་པ》སོགས་ལས་“གནམ་སྔོན་པོ་ཡིན་པར་ང་རང་ཡིད་མི་ཆེས”ཞེས་རིག་གསར་རྗེས་ཀྱི་སྡུག་སྨྲེ་བཏོན་པའི་ཁྱད་གཤིས་སོགས་དང་ཨ་རིའི་གཉའ་ཆག་པའི་མི་རབས་ཀྱི་ཚབ་མཚོན་སྙན་ངག་པ་ཨེ་ལོན་ཅིན་སི་པོག(Allen Ginsberg)སོགས་རྒྱལ་སྤྱི་རང་བཞིན་པའི་སྙན་ངག་པ་མང་པོ་ཞིག་ངོ་ཤེས་པ་དེ་ཁོའི་ཐོལ་རྩོམ་རྣམས་སུ་དྲིལ་སྒྲོག་གི་ཤུགས་དང་བཅས་མང་པོ་བྲིས་པ་ཡིས་ཁོང་གི་འཇོན་ཐང་རྒྱལ་ཁབ་ཅིག་གི་སྙན་ངག་ལོ་རྒྱུས་ཀྱི་དཔལ་ལ་འགྲན་ནས་ཡོད་པ་ཅན་ཞིག་ཡིན་མོད། ཡན་ལག་བརྒྱད་ལྡན་གྱི་རྩོམ་ཐབས་ནས་གནའ་བོའི་ཐང་སུང་གི་སྙན་ཚིག་གང་ཡིན་ཡང་ཀྲུང་གོ་བས་འདོར་ཐབས་མེད་པའི་ཡིད་བརྙན་གྱི་མཚོན་ཐབས་དེ་ལ་སྲོག་གསར་བཅུག་པའི་གཏོར་བཤིག་གི་ཧམ་ཚད་དེའི་ངོས་ནས་བཤད་ན་པའེ་ཏའོ་ལགས་ནི་རྒྱའི་དེང་རབས་སྙན་ངག་ཀློག་མི་ཤེས་པ་དག་གི་དགྲ་གཤེད་དུ་བབས་པའི་སྐར་མ་ཕྱགས་མ་དེ་ཡིན་ངེས་ལ། ཡང་ན་རྒྱའི་སྙན་ངག་གི་ཡིད་བརྙན(意象)དེ་ཕྱི་ནང་བརྟོལ་ཤེས་མཁན་གྱི་སྙན་ངག་པ་རླབས་ཆེ་བ་ཞིག་ཀྱང་ཡིན་ངེས་སོ། ། 
                     
                          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པའེ་ཏའོ་དང་དེང་རབས་སྙན་ངག དང་པོ།

2015-03-06 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།