པའེ་ཏའོ་དང་དེང་རབས་སྙན་ངག གཉིས་པ།

69.jpgརྩོམ་པ་པོ་ཨེ་ལོན་ཅིན་སི་བྷོ་གི་ངོ་སྤྲོད།
ཨེ་ལོན་ཅིན་སི་བྷོ་གི (Allen Ginsberg) ཨ་རིའི་རྩོམ་སྟེགས་སུ་སྐད་གྲགས་ཆེ་བའི་སྙན་ངག་པ་དང་རྒུད་པའི་མི་རབས་གཅིག་གི་ཚབ་མཚོན་རྩོམ་པ་པོ། 1926ལོར་ཞིན་ཙེ་ཞུའུ་མངའ་སྡེ་ཡི་ཡ་ཧི་ཏ་པའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་བལྟམས། ཀི་ལོན་པི་ཡ་གཙུག་ལག་སློབ་གྲྭ་རུ་སློབ་སློབ་སྦྱོང་བྱས་ཤིང་། སློབ་ཆེན་འགྲིམས་དུས་ཁོང་གི་མ་རབས་ཐ་ཤལ་གྱི་སྦྱོར་བ་ལ་རྐྱེན་བྱས་ཏེ་བསྟུད་མར་ཐེངས་མང་པོ་ཞིག་ལ་སློབ་གྲྭ་ནས་ཕྱིར་ཕུད་ནའང་། སྙན་ངག་རིང་མོ《འོ་དོད》བརྩམས་པའི་རྗེས་སུ་ལུགས་ལྡོག་གིས་ཁོང་གི་སྔར་བྱས་བྱ་བ་ངན་པ་མཐའ་དག་ཀྱང་ཁོང་གི་སྙན་རྩོམ་ནང་བཞིན་དམིགས་པ་གཏོད་ས་ཨ་རིའི་མི་སེར་སྤེལ་ཡུལ་གྱི་སྲིད་གཞུང་ལ་བཅངས་པའི་འཁོན་སེམས་ཤིག་ཏུ་ངོས་བཟུང་པ་ཡིས་ཁོང་གི་མི་ཚུལ་ལས་བརྒལ་བའི་བྱ་དོན་ཡོད་ཅོག་ཀུན་སྤྱོད་ཀྱི་འཆིང་རྒྱ་ལས་གྲོལ་ཏེ་བལྟོས་མེད་རང་དབང་གི་མི་ཞིག་བྱ་རྒྱུའི་སྩོལ་བ་རུ་བཤད་ཅིང་། སྨྱོན་པའི་སེམས་ཁ་བག་ལ་ཞ་མི་རུང་བའི་གཏན་ཚིགས་ཀྱི་ངོས་ནས་ཁོང་གི་བསམ་བློའི་ལྟ་བ་རྒྱ་བསྐྱེད་པ་དེས་ཀྱང་ཕྱིས་ཀྱི་དེང་རབས་རིང་ལུགས་ཕྱི་མའི་རྩོམ་རིག་གི་ལམ་ཁ་དབྱུང་ནས་ཡོད་དོ། །
སྙན་ངག་པ་འདི་བ་ཚེ་མཇུག་ཏུ་བོད་རྒྱུད་ནང་བསྟན་གྱི་དགོངས་པས་ཤན་ཞུགས་ཏེ་རྒྱ་གར་གྱི་ནགས་ཚལ་ཆེན་པོའི་ནང་ཏིང་ངེ་འཛིན་སོགས་ཀྱི་སྒྲུབ་པ་ཉམས་ལེན་ལ་བརྩེ་གཅིག་ཏུ་གཞོལ་ཞིང་། ཀྲུང་གོར་ཕེབས་མྱོང་བའི་ཨ་རིའི་རྩོམ་པ་པོ་ཆེས་ཐོག་མའི་གྲས་ཀྱང་ཡིན། 1997ལོར་མཆིན་པའི་སྐྲན་ནད་ཀྱི་དབང་གིས་ཚེ་ཡི་འཕེན་པ་རྫོགས། འདས་དུས་དགུང་ལོ71ཡིན།།

59.jpgཔའེ་ཏའོ་དང་ཨེ་ལོན་ཅིན་སི་བྷོ་གི
སྙན་ངག་པ་པའེ་ཏའོ་ལགས་ལ་མཚོན་ནས་བཤད་ན། ཁོའི་དུས་ཡུན་རིང་བའི་ཡུལ་གྱར་གྱི་འཚོ་བ་དེས་ཁོང་གི་ཉེ་གམ་གྱི་གྲོགས་པོ་མང་པོ་ཞིག་ཕྱི་རྒྱལ་བ་ཡིན་ཞིང་། དེ་དག་ཕལ་ཆེ་བ་ཞིག་རྩོམ་རིག་གི་ལས་ཀ་གཉེར་མཁན་ཏག་ཏག་ཡིན་པ་རེད།
དེ་ཡང་པའེ་ཏའོ་ཡིས་བརྩམས་པའི་ལྷུག་རྩོམ་དེབ《ཁང་བ་སྔོན་པོ》དང་《སྒྲོན་མེ་ལྗང་ཁུ》སོགས་ལ་བལྟས་མྱོང་མཁན་ཞིག་ཡིན་ན་ཕཱ་ཟི་དང་རོའུ་ཟི་ནེ་རྡི་སོགས་དུས་རབས་སྔོན་མའི་དུས་མཇུག་ཏུ་འཛམ་གླིང་ལ་སྐད་གྲགས་རྒྱས་ཡོད་པའི་ཕྱི་རྒྱལ་གྱི་རྩོམ་པ་པོ་མང་པོ་ཞིག་ཁོང་དང་མཇལ་བའི་དུས་ཀྱི་སེམས་ཁམས་གཙོས་སྐྱེས་བུ་གང་དེའི་ཕྱི་ནང་གི་འགྱུར་བ་མང་པོ་ཞིག་ཡི་གེར་བཀོད་ཡོད་ནའང་། པའེ་ཏའོ་ཡིས་ཤ་ཚ་ཚ་དང་ཞེ་དུང་དུང་གིས་གླེང་སྤྲོ་བའི་གྲོགས་པོ་ཞིག་ཡོད་པ་ནི་ཨེ་ལོན་ཅིན་སི་བྷོ་གི་ཡིན་ཏེ། ཁོས་བྲིས་པའི་ལྷུག་རྩོམ་《ཨེ་ལོན་ཅིན་སི་བྷོ་གི》ཞེས་པར“ཨེ་ལོན་ཅིན་སི་བྷོ་གི་ཡིས་ཚིམས་པའི་སྣང་བ་དང་བཅས‘ལྟོས་དང་། ངའི་ནུབ་ལྭ་ཁ་ཚང་འདིར་ཨ་སྒོར་ལྔ་དང་ཀོ་ལྷམ་ལ་ཨ་སྒོར་གསུམ། ཚི་ལེན་ལ་ཨ་སྒོར་གཉིས། སྐེ་འདོགས་ལ་ཨ་སྒོར་གཅིག་བཅས་ཚང་མ་རྫུན་མ་ཡིན་པ་དང་། དྭངས་མ་གཅིག་ཁོ་ན་ཡོད་པ་ནི་ང་ཡི་སྙན་ངག་ཡིན’ཞེས་ལབ་བྱུང”ཞེས་མགོ་བཟུང་ནས་བྲིས་ཡོད་ལ།
རང་གི་ཕྱིར་དྲན་གྱི་མེ་ལོང་ངོས་སུ་མངོན་པའི་ཨེ་ལོན་ཅིན་སི་བྷོ་གི་ནི་ཕྱི་ནང་མེད་པའི་མི་ཞིག་སྟེ། 1983ལོར་ཨ་རིའི་རྩོམ་པ་པོའི་འཐུས་ཚབ་ཚོགས་པ་ཞིག་ཐེངས་དང་པོ་ཀྲུང་གོར་ཕེབས་དུས་སུ་ངོ་ཤེས་ཤིང་། རྗེས་སོར་ཨ་རི་ནས་མཐོང་དུས་སུའང་ཁོའི་སྦྱིན་བདག་རྐང་འབོབ་ཚོང་གཉེར་མའི་མདུན་སར་དེ་ལྟའི་བྱིས་པ་ཞིག་ནང་བཞིན་ཁ་འཕྲོད་འཕྲོད་སྒྱིད་ཞ་ཞ་ཡིས་འདུག་པ་མ་ཟད། རྣམ་ཀུན་རྒུད་པའི་མི་རབས་གཅིག་གི་རྩོམ་གྲོགས་ཏེ་དུས་མིན་ཚེ་ཡི་འདུ་བྱེད་སྟོངས་པའི་ཅེ་ཁུ་ལོའུ་ཡ་ཁུ་སོགས་སྙིང་གྲོགས་དག་དང་ཁ་བརྡ་གློད་པའི་སྒྲ་ཐག་དག་གྲག་ཏུ་བཅུག་ནས་ཁོ་ཚོ་དང་ལྷན་དུ་འདུས་པའི་ལོ་ཟླ་དེ་དག་གླེང་སྤྲོ་བ་ཞིག་ཡིན་ལ། ཁོང་གི་ཆེས་སྣང་བ་འགྲོ་སའང་འདས་པའི་དུས་ཀྱི་དབྱངས་ཞུགས་པའི་འཚོ་བ་དག་ལས་རང་ཉིད་སྦྲིད་ཐབས་ལ་བརྟེན་ནས་ཟར་ཟིར་སྣང་བས་འཕེལ་མེད་རེངས་གྱུར་ལ་ངོ་རྒོལ་དང་དབྱངས་རྟ་སྨྱོ་བ་ལྟ་བུའི་རོལ་མོར་ཉན་པ་སོགས་རྒུད་པའི་མི་རབས་གཅིག་གི་ཐལ་དྲགས་པའི་བྱ་སྤྱོད་དང་ཚུལ་འཆལ་གྱི་བྱ་བ་དག་ཡིན་པས་ན། པའེ་ཏའོ་ཨེ་ལོན་ཅིན་སི་བྷོ་གི་དང་ལྷན་དུ་སྲང་ལ་ཉུལ་རྒྱུ་དེ་ཡང་ཁོ་རང་གི་རང་གཤིས་ལས་བཏོན་པའི་ང་རྒྱལ་གྱི་མགོ་བོ་ནང་དུ་བསྡུས་ཏེ་ཡང་བསྐྱར་མི་གསར་བ་ཞིག་བྱ་དགོས་པའི་བྱུང་རིམ་སྐོར་བཀོད་ཡོད་པ་རེད།
སྤྱིར་པའེ་ཏའོ་ཡིས་ཨེ་ལོན་ཅིན་སི་བྷོ་གི་ལ་དགའ་མོས་དང་སློབ་སྦྱོང་བྱ་དགོས་པའི་རྒྱུ་མཚན་གང་ཡང་མེད་མོད། ཁོང་གི་གཉུག་གཤིས་སུ་མངའ་བའི་ངོ་ལོག་པའི་མཛད་སྤྱོད་དང་སྙན་ངག་བརྩམས་ཆོས་ཀྱི་བརྗོད་སྙིང་དུ་གྲུབ་པའི་དེང་རབས་ཀྱི་སེམས་ཁ་དེས་ད་གཟོད་རང་གིས་མི་ནུས་པ་གང་ཞིག་ཨེ་ལོན་ཅིན་སི་བྷོ་གིས་བསྒྲུབས་ཟིན་པ་བཞིན་གྱི་བློ་དེ་རྒྱུད་ལ་བརྣག་པས་ན་ཨེ་ལོན་གྱིས་མཚན་མཐུན་དགའ་རོགས་ལ་བཅངས་པའི་འགྱུར་མེད་ཀྱི་བརྩེ་སེམས་དང་གླ་བ་དག་ལ་བཟུང་བའི་རྣམ་འགྱུར་དེའི་ཤུགས་བསྟན་གྱི་འགན་མོས་སོགས་སྐབས་དང་སྐབས་སུ་ཁོང་གི་བརྩམས་ཆོས་ཁྲོད་མང་པོ་མཐོང་རྒྱུ་ཡོད་ལ། ཐ་ན་ཁོ་ཨེ་ལོན་ཅིན་སི་བྷོ་གི་དང་ལྷན་དུ་བྱང་ཁོ་རེ་ཡར་བསྐྱོད་དུས་སུ། ས་དེ་གའི་དམག་དཔོན་དག་གིས་ཨེ་ལོན་ལ་དགའ་མོས་ཅི་འདྲ་བྱེད་པ་དང་ཁོ་རང་དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་ཆབ་སྲིད་གླེང་མཁན་ཞིག་ནས་སྤྱོད་པ་རྩིང་བོའི་གྱི་ན་བ་ཞིག་ཏུ་འགྱུར་བའི་གོ་རིམ་ཧྲིལ་བོ་བསྡུས་བརྗོད་མ་ཡིན་ལ་དངོས་བྲིས་ཀྱང་མ་ཡིན་པའི་སྨྱུག་ཁ་ལས་ཆུ་བཞུར་བཞུར་དུ་བྲིས་ཡོད་པ་དེ་དག་གིས། ཕྱོགས་གཅིག་ནས་ཁོ་རང་ཨེ་ལོན་ཅིན་སི་བྷོ་གི་ཡི་གྲོགས་པོ་ནང་མ་ཞིག་ཡིན་པའི་བརྩེ་བ་དེ་ལྷུག་པོར་བརྗོད་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ལྟ་བ་དང་སྤྱོད་པ་སོགས་རང་དང་ཁ་ཐག་རིང་བའི་སྙན་ངག་པ་ཞིག་གི་ནང་སེམས་ཀྱི་འཇིག་རྟེན་མཚོན་གྱིན་སྐབས་དེའི་ཨ་རིའི་རིག་གནས་ཀྱི་སྣང་ཚུལ་འགྲེལ་བརྗོད་དང་ཁ་རུབ་ཏུ་གནས་པའི་རང་ཉིད་ཀྱི་གྲོགས་པོ་མང་པོ་ཞིག་ལ་དེང་རབས་རིང་ལུགས་ཀྱི་ཁ་ཕྱོགས་དེ་རང་མྱོང་གི་འཚོ་བ་དངོས་ཀྱིས་མཚོན་བརྗོད་བྱས་པ་དེས་ཀློག་པ་པོ་མང་པོ་ཞིག་ལ་གོ་བ་བསྐྱེད་ནས་ཡོད་དོ། །

3副本.jpgརྒུད་པའི་མི་རབས་གཅིག

འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་རྫོགས་རྗེས་ཀྱི་དུས་རབས20བའི་ལོ་རབས50བའི་སྐབས་སུ་ཨ་རིའི་སྤྱི་ཚོགས་ཧྲིལ་བོ་ཡ་ཡོམ་ཟིང་ཆ་ཆེ་ཞིང་ཞོད་འཇགས་མེད་པ་ཞིག་དུ་ཆགས་ཤིང་། འབྱོར་བ་ཞན་པའི་གཞོན་ནུ་ཤེས་ཡོན་ཅན་དག་གི་བསམ་བློ་སྡུག་བསྔལ་གྱིས་བཏུམས་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་འཚོ་བར་འགན་སྲུང་མི་ཐུབ་པ་ཞིག་ཏུ་གྱུར་སྟབས། མི་མང་པོ་ཞིག་གིས་བྱ་བ་དང་སློབ་གཞི་སོགས་ཡལ་བར་དོར་ནས་རིམ་པ་དམའ་གྲས་ཀྱི་སྤྱི་ཚོགས་འཚོ་བར་ཟབ་ཞུགས་སྒོས་སྲོལ་རྒྱུན་ཪྙིང་བའི་རིག་གནས་ཀྱི་སྒོ་རྒྱག་ལྟ་ཚུལ་ལ་མཐའ་གཅིག་ཏུ་དགག་རྒྱག་བྱས་ཏེ། ཉལ་ཐ་འབོར་ཆེན་འཐེན་པ་དང་ཕོ་མོའི་འབྲེལ་བར་ཚད་བཀག་མེད་པར་འདོད་དོན་ལོངས་སུ་སྤྱད་ཐོག མཚན་མཐུན་དགའ་རོགས་སྒྲིག་པར་སྐད་གསེང་མཐོན་པོའི་བསྟོད་གླུ་ལེན་པ། དབྱངས་རྟ་སྨྱོ་བ་ལྟ་བུའི་རོལ་མོ་དང་ཞབས་བྲོ་སོགས་ལ་བརྟེན་ནས་ཡ་མཚན་གྱི་དངོས་པོ་དོན་གཉེར་དང་། མུན་འཐོམ་གྱི་སྒོ་ནས་ལྟ་བ་གསར་བའི་རིགས་སྣ་ཚོགས་དང་ལེན་བྱས་ཏེ་ཁ་གཏད་དུ་གྱུར་བའི་སྤྱི་ཚོགས་དེ་ལ་མི་དགའ་བའི་བསམ་པ་མཚོན་གྱིན་ཡོད་པས། རིམ་བཞིན་གྲུབ་མཐའ་དེ་ཨ་རིའི་རྒྱལ་ཁོངས་སུ་སྟོབས་ཤུགས་ཆེ་བའི་སྤྱི་ཚོགས་ཀྱི་ལས་འགུལ་ལྟ་བུ་ཞིག་ཏུ་གྲུབ་པ་རེད། དེའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་རང་ཉིད་ཀྱི་རྨི་ལམ་སྒྱུ་མ་ལྟ་བུའི་འཚོ་བ་དེ་དང་སེམས་ཁམས་དེ་དག་ཚུལ་འཆལ་དང་སྟོང་བསམ། སྒྲོ་བཏེགས་སོགས་ཀྱི་ཐབས་རྩལ་བེད་སྤྱད་དེ་རྩོམ་རིག་བརྩམས་ཆོས་ཀྱི་ནང་དུ་འབྲི་ཅི་ཐུབ་བྱས་པས་ན“རྒུད་པའི་མི་རབས་གཅིག”གི་རྩོམ་རིག་གྲུབ་མཐའ་ཞེས་པ་ཚུགས་པ་དང་། ཨེ་ལོན་ཅིན་སི་བྷོ་གི་ཡང་རྩོམ་པ་པོ་དེ་དག་ཁྲོད་ཀྱི་གཅིག་ཡིན།
གྲུབ་མཐའ་འདིའི་མིང་དེ་ཆེས་ཐོག་མར་འབོད་མཁན་ནི་རྩོམ་པ་པོ་ཇེ་ཁུ་ཁི་ལུའུ་ཡ་ཁི་ཡིན་ཞིང་། དབྱིན་ཡིག་ཁྲོད་ཀྱི“beat”ཞེས་པའི་རྒྱན་ཚིག་དེ་ནི“ངལ་དུབ”དང“ཉམ་ཞན”གྱི་དོན་ཡིན་ནའང་ཁི་ལུའུ་ཡ་ཁིས་ཐ་སྙད་དེ་ལ་སྲོག་གསར་བཅུག་སྟེ་དེ་ཉིད“རྣམ་རིག”དང“བདེ་སྐྱིད”ཀྱི་དོད་དུ་བཞག་པ་དང་།“དབྱངས་ཀྱི་མཚམས་ཚིག”གི་བྱེད་ནུས་ལས་ཐ་སྙད་རང་ངོས་ལ་ཕུན་སུམ་ཚོགས་པའི་བརྗོད་བྱ་གཞན་ཞིག་གི་ཁྱད་ནུས་ཐོན་དུ་བཅུག་པས་ན་སྨྱན་བྱད་སོགས་ལས་མིང་དེ་འཕེལ་རྒྱས་སུ་སྐུལ་བ་ཞིག་གོ །
གྲུབ་མཐའ་འདི་ཐོག་མར་སྒྲུང་རྩོམ་སོགས་ལས་སྐད་གྲགས་ཆོད་པ་ཞིག་ཡིན་ནའང་། 1955ལོའི་དབྱར་དུས་སུ“རྒུད་པའི་མི་རབས་གཅིག”གི་སྙན་ངག་པ་དང་སློབ་གླིང་གྲུབ་མཐར་སུན་འབྱིན་མཁན་གྱི་སྙན་ངག་པ་དག་གིས་མཉམ་འབྲེལ་གྱིས་ཅིའུ་ཅིན་ཧྲན་ནས་བསྡུས་པའི་སྙན་ངག་གྱེར་འདོན་ཚོགས་འདུའི་སྟེང་ཨེ་ལོན་ཅིན་སི་བྷོ་གི་ཡིས་རྗེས་སོར་སྐད་གྲགས་འཛམ་གླིང་ལ་ཁྱབ་མྱོང་བའི་སྙན་ངག་རིང་མོ《འོ་དོད》ཅེས་པ་གྱེར་འདོན་བྱས་ཏེ“ང་ཚོ་རིག་པ་སྐྲ་རྩེ་ན་རྒྱུག་པའི་ཕུལ་བྱུང་གི་མི་རབས་གཅིག”གི་སྡུག་བསྔལ་དང་རང་ཉིད་རང་གིས་གཤའ་བའི་ཐབས་ཆག་གི་ལས་ཀ་དག་ངོ་སྤྲད་ཐོག དབང་རྩ་འཁྲུག་པའི་སྨྱོ་ནད་ཅན་ཞིག་གི་སྤྱོད་ཚུལ་གྱི་སྟེང་ནས་གསར་རྩོམ་ལ་སྟོབས་ཤུགས་སྣོན་དགོས་པར་བཤད་པ་དེས་མི་མང་པོ་ཞིག་སྨྱོ་ནད་ཁང་དུ་བཅུག་པ་སོགས་ཀྱིས་རྒུད་པའི་མི་རབས་གཅིག་གི་བྱ་བྱེད་ལས་གསུམ་རྩོམ་རིག་ཁོ་ནའི་སྟེང་མངོན་པ་ཞིག་མ་ཡིན་པར་སྤྱི་ཚོགས་ཀྱི་སྒྲིག་གཞི་ལའང་ཤན་ཐེབས་ཡོད་པ་རེད།
ཁོ་ཚོས་མཐར་ཐུག་གི་རང་དབང་ངོ་མ་སྟེ“སྐྱེས་དངོས་རིག་པའི་ཐོག་གི་མིའི་བཅིངས་འགྲོལ་གྱི་དམིགས་ཚད་འབའ་ཞིག”བསྙེག་རྒྱུའི་ཆོད་སེམས་བསྟན་པ་ཤུགས་ཆེར་དྲིལ་སྒྲོག་གིས་གྱེར་འདོན་ཚོགས་འདུ་རབ་དང་རིམ་པ་ཞིག་སྤེལ་བ་དེས་རྗེས་ཕྱོགས་ཀྱི་“རྒུད་པའི་མི་རབས་གཅིག”གི་ལས་འགུལ་ཚང་མ་སྙན་ངག་གྱེར་འདོན་ཚོགས་འདུས་བཅད་བཟུང་བྱས་ཤིང་། སྙན་ཚིག་ཧྲིལ་བོར་ཤད་མེད་ཅིང་དབུགས་ཐེངས་གཅིག་གིས་ཀློག་ཚར་དགོས་པའི་ཡ་མཚར་གྱི་འབྲི་ཐབས་དེ་འདྲ་བེད་སྤྱད་པས་ན་སྙན་ངག་གྱེར་འདོན་དེ་མི་ཚོགས་འགུགས་པའི་རྒྱ་རྙི་རུ་གྱུར་ལ། རྙོག་འཛིང་ཆེ་ལ་ལྐོག་བརྡ་སྤྲོད་པའི་རྗོད་ཚིག་དང་ཁ་བཙོག་གི་ཐ་སྙད་ཀྱིས་བསླང་བའི་བརྩེ་མཚར། མེ་འཁོར་གྱི་སྒྲ་གདངས་ལྟ་བུའི་འཇིགས་རུང་གི་གྱེར་ཚུལ་དེའི་རམ་འདེགས་འོག་སྨྲ་བསམ་བརྗོད་མེད་ཀྱི་ཚོར་བ་དྲག་པོས་ཐ་ན་མི་ཚོགས་ཀྱི་མདུན་སར་གཅེར་བུར་བུད་པ་སོགས་ཚུལ་མིན་ལུགས་འགལ་གྱི་བྱ་དོན་མང་པོ་ཞིག་སྤེལ་བར་གཞི་བྱས་ཀྱིས་“རྒུད་པའི་མི་རབས་གཅིག”ཅེས་པ་ཁྲིམས་མེད་ལུགས་མེད་ཀྱི་གནས་སུ་གྱར་ནའང་། རིང་བོ་མ་འགོར་བར་ཚོགས་མི་མང་དག་ཅིག་གིས་བོད་བརྒྱུད་ནང་བསྟན་གྱི་བཀའ་སློབ་ལ་ཡིད་ཆེས་རྙེད་ཅིང་། སྒྲུབ་པ་ཉམས་ལེན་སོགས་ཀྱི་སྤྱོད་ཚུལ་བསྐྱངས་པ་དེས་ཁོ་ཚོ་ཁ་ཐོར་དུ་འགྲོ་འགོ་བརྩམས་ཤིང་། དུས་རབས་ཉི་ཤུ་བའི་མཇུག་ཙམ་ལ་ཞིས་ཕིས་ཧྲི་དང་ཕང་ཁི་སོགས་ཀྱིས“རྒུད་པའི་མི་རབས་གཅིག”གི་ལས་འགུལ་དེ་ངོ་བོ་གཞན་ཞིག་ཏུ་བསྒྱུར་བ་ནས་དེང་སྐབས་ཡང་ཨ་རི་སོགས་སྟོབས་ལྡན་རྒྱལ་ཁབ་མང་པོ་ཞིག་ན་སྔར་བྱས་བྱ་བ་དག་གི་མཇུག་སྐྱོང་གིན་ཡོད་པ་འདི་ལས“རྒུད་པའི་མི་རབས་གཅིག”དེ་ཨ་རིའི་རྩོམ་བྱུང་ལོ་རྒྱུས་སམ་ཡང་ན་འཛམ་གླིང་སྤྱིའི་རྩོམ་རིག་ལ་ཤན་ཤུགས་སྔ་ན་མེད་པ་ཞིག་བཏོན་དང་འདོན་གྱིན་པའི་རྩོམ་རིག་གྲུབ་མཐའ་ཞིག་ཡིན་པ་གསལ་བོར་མཚོན་ཡོད་དོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པའེ་ཏའོ་དང་དེང་རབས་སྙན་ངག གཉིས་པ།

2015-03-20 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།